དབྱངས་སྐྱིད་སྒྲོལ་མ་བཀྲོངས་འདུག

07/12/2009 18:48

བཙུན་མ་དབྱངས་སྐྱིད་སྒྲོལ་མ་བཀྲོངས་འདུག

རྒྱ་གཞུང་གིས་མནར་གཅོད་ཚད་ལས་བརྒལ་བ་བཏང་མཐར་དཀར་མཛེས་ཧྲེ་ཧོར་ལམ་གྲགས་བཙུན་དགོན་

གྱི་ཨ་ནེ་དབྱངས་སྐྱིད་སྒྲོལ་མ་འདས་གྲོངས་སུ་ཕྱིན་འདུག
དེ་རིང་ཞོགས་པར་རྒྱུད་སྨད་གྲྭ་ཚང་གི་གྲྭ་ཚེ་བརྟན་ཕུན་ཚོགས་ལགས་ཀྱིས་འདི་གར་ཁུངས་ལྡན་གནས་ཚུལ་

མཁོ་སྤྲོད་བྱས་པ་ལྟར་ན། ད་ལོ་རང་ལོ་ ༣༣ ཡིན་ཞིང་ཁམས་དཀར་མཛེས་ཏྲེ་ཧོར་རོལ་ཚ་ཞང་ཧོར་མེ་གྲོང་

ཚོའི་ཕ་དགེ་འདུན་དར་རྒྱས་དང་མ་པདྨ་མཁའ་འགྲོ་གཉིས་ཀྱི་བུ་མོ་བཙུན་མ་དབྱངས་སྐྱིད་སྒྲོལ་མ་ལགས་ཀྱིས།

སྔར་ལོའི་ཕྱི་ཟླ་ ༣ པའི་ཚེས་ ༢༤ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༣ པའི་སྟེང་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ་ངོ་

རྒོལ་སྐད་འབོད་བྱས་པ་དང་མཉམ་དུ་བོད་རང་བཙན་དང་འབྲེལ་བའི་ཡིག་ཆ་གཏོར་བའི་སྐབས་རྒྱ་དམག་ ༥༠

ལྷག་གིས་ཁོ་མོར་མེ་མདའ་དང་གློག་རྒྱུགས་སོགས་ལག་ཆ་འདྲ་མིན་གྱིས་ཉེས་རྡུང་བཏང་རྗེས་བཙོན་འཇུག་བྱས་

ཡོད་པ་དང་། ཉིན་དེའི་ཆུ་ཚོད་ ༧ པ་ཡས་མས་སུ་ཉེན་རྟོག་པ་ཁག་ཅིག་ཁོ་མོའི་གཟིམ་ཤག་ཏུ་འཛུལ་ཏེ་༧གོང་

ས་མཆོག་གི་སྐུ་པར་འཕྲོག་ཡོད་པ་མ་ཟད། ཁོ་མོའི་ནང་མིར་བཙུན་མ་དབྱངས་སྐྱིད་སྒྲོལ་མ་ལགས་ནི་མི་རིགས་

ཁ་བྲལ་དང་རྒྱལ་ཁབ་ལ་གཏོར་བཤིག་གཏོང་མཁན་ཡིན་པས་འཛིན་བཟུང་བཙོན་འཇུག་བྱས་ཡོད་ཚུལ་བརྗོད་

ཡོད་པ་དང་།   འདི་ལོའི་ཕྱི་ཟླ་ ༣ པའི་ཚེས་ ༢༥ ཉིན་ཉེན་རྟོག་པ་དེ་དག་སླར་ཡང་ཁོང་གི་ཁྱིམ་དུ་ཡོང་སྟེ།

སྤུན་མཆེད་ཚངས་དབྱངས་རྒྱ་མཚོ་འཕྲད་དུ་དཀར་མཛེས་རྫོང་སྲིད་གཞུང་དུ་ཡོང་དགོས་པའི་བཙན་བཀའ་

བཏང་བ་སོགས་ནང་མི་སྤུན་མཆེད་སོགས་ཀྱིས་ཀྱང་དཀའ་སྡུག་ཚད་མེད་མྱངས་དགོས་བྱུང་ཡོད་འདུག

                                          
༢༠༠༩ ལོའི་ཟླ་ ༨ པའི་ཚེས་ ༢༤ ཉིན་ཁོ་མོ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་རྩེ་མདོ་འབྲིང་རིམ་

མི་དམངས་ཁྲིམས་ཁང་དུ་རྩིས་སྤྲོད་བྱས་ཏེ་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ་ཞིག་འབྱོར་ཡོད་ལ།  ཟླ་

འདིའི་ཚེས་ ༥ ཉིན་གྱི་མཚན་མོའི་ཆུ་ཚོད་ ༢ པའི་ཐོག་ཁོ་མོ་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་གྱི་ཅེས་ཀར་གྱར་

སྨན་ཁང་ཞེས་པའི་ནང་འདས་གྲོངས་སུ་ཕྱིན་ཡོད་པ་རེད།  

ཁོ་མོ་རང་ལོ་ ༡༧ གྱི་སྟེང་དཀར་མཛེས་ལམ་གྲགས་བཙུན་དགོན་དུ་འཛུལ་ཏེ་དགེ་ཚུལ་གྱི་སྡོམ་པ་བླངས་ཏེ།

ལོ་ ༩ རིང་བཙུན་དགོན་དེའི་ནང་སློབ་གཉེར་གནང་ཡོད་པ་མ་ཟད། བསྙེན་མཚམས་ལོ་ ༧ གྱི་རིང་ལ་མ་ཎི་

དང་ཡིག་བརྒྱ་མཎྜལ་བཛྲ་གུ་རུ་འབུམ་ཕྲག་ཁ་ཤས་བསགས་ཡོད་འདུག་ལ། ནཱ་རོ་མཁའ་སྤྱོད་མའི་ལས་རུང་

སོགས་༧གོང་ས་མཆོག་གི་སྐུ་ཚེ་ཡུན་རིང་བརྟན་པ་དང་བོད་བསྟན་སྲིད་ཀྱི་དོན་དུ་ཞབས་བརྟན་གསོལ་འདེབས་

ནམ་ཞག་རྒྱུན་དུ་སྒྲུབ་མཁན་ཞིག་ཡིན་འདུག

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།