ཀྱག་ཀྱོག་གི་དུས་རིམ་གཉན་འཕྲང་ཅན་འདིའི་ནང་བོད་ཀྱི་ཆོས་དང་རིག་གཞུང་འདི་ཉིད་རྒྱུན་འཛིན་དང་འཕེལ་རིམ་གསར་པ་

ཞིག་ལ་བསྐུལ་འདེད་བྱེད་དགོས་རྒྱུ་ནི་དུས་རབས་ཀྱིས་ང་ཚོར་སྤྲད་པའི་འགན་འཁྲི་ཡིན། དེ་བས་བདག་གིས་དྲ་ཚིགས་གསར་པ་

༼དཀོན་མཆོག་བོད་རང་བཙན་དྲ་ཚིགས།༽     འདིའི་ནང་སྙན་རྩོམ་གྱི་རིགས་རྐྱང་པ་མ་ཡིན་པར་ལོ་རྒྱུས་དང་། རིག་གནས། མཚན་ཉིད་རིག་པ་ལ་སོགས་པ་ལེ་ཚན་བཞི་བཅུ་མ་ཟིན་ཙམ་སྤེལ་ནས་རང་རེའི་གཞོན་སྐྱེས་རྣམས་ཀྱི་གོ་རྟོགས་མཐོར་

འདེགས་ཀྱིས་བོད་ཀྱི་རིག་གཞུང་འདི་ཉིད་ལ་ངོས་འཛིན་གསར་པ་ཞིག་རྙེད་པའི་རེ་བ་བྱེད་བཞིན་ཡོད་པ་དང་། ལྷག་པར་སྤྱི་ལོ་

༢༠༠༨ ལོར་བོད་ས་ཡོངས་རྫོགས་ནས་གཞིས་ལུས་སྤུན་ཟླ་ཁྲི་ཚོ་དུ་མས་རྡོག་རྩ་ཆིག་སྒྲིལ་དང་སྐྱིད་སྡུག་མཉམ་མྱོང་གི་སྒོ་

ནས་དགྲ་བོ་རྒྱ་དམར་གྱི་བཙན་འཛུལ་བཙན་གནོས་ལ་ཞི་བས་ངོ་རྒོལ་བྱས་ཏེ། བོད་ཀྱི་བདག་དབང་དང་བོད་མིའི་མངོན་འདོད། དགྲ་བོའི་བཙན་གནོན་འོག་གི་བོད་མིའི་དཀའ་སྡུག་བཅས་འཛམ་གླིང་གི་མདུན་གསལ་སྟོན་གནང་བར། རྒྱ་གཞུང་ངོ་ཚ་ཁ་

སྐྱེངས་ཀྱིས་བོད་མིའི་ཐོག་ཚད་མཐོའི་དམག་དཔུང་དང་དྲག་གནོན་བེད་སྤྱོད་བཏང་སྟེ།      བོད་མི་བརྒྱ་ཕྲག་དུ་མིའི་རྩ་ཆེའི་

གཅེས་སྲོག་འཕྲོགས་པ་དང་།    སྟོང་ཕྲག་མང་པོ་འཛིན་བཟུང་མནར་གཅོད་ཀྱིས་དུས་རབས་ཉེར་གཅིག་པའི་སྐབས་སུ་བོད་

ནང་དུ་དམར་གསོད་དང་མནར་གཅོད་འཇིགས་དངངས་འོག   ཟུངས་ཕྲག་དང་མིག་ཆུའི་རྒྱ་མཚོ་འཁྱིལ་ཞིང་།     ཡུགས་མོ་

དང་དྭ་ཕྲུག་གི་ངུ་འབོད་ཀྱིས་ཁེངས་པའི་ལོ་རབས་བདུན་ཅུ་པའི་རིག་གནས་གསར་བརྗེ་སྐབས་ཀྱི་ནོར་འཁྲུལ་དང་སྐྱོ་གདུང་གི་

གནས་བབ་ཐབས་སྡུག་དེ་དང་གཅིག་མཚུངས་ཤིག་བོད་ཡུལ་སྟོད་སྨད་ར་གསུམ་དུ་སྤྱི་ལོ་༢༠༠༩ སྤྱི་ཟླ་ ༣ ཚེས་༡༠ ནས་

རྒྱ་གཞུང་གིས་སླར་ཡང་འགོ་བཙུགས་ཏེ། དུས་ད་ལྟ་ཡང་དེ་འབྲེལ་དམར་གསོད་དང་མནར་གཅོད་ཁྲིམས་ཆད།  དམ་དྲག 

འཇིགས་དངངས་སོགས་མཇུག་རྫོགས་མེད་པར་བོད་ནང་མུ་མཐུད་ནས་ཛ་དྲག་ང་གནས་མུས་ཡིན།  དེར་བརྟེན། བོད་གངས་ཅན་

པའི་རྒྱལ་གཅེས་དཔལ་བོ་དཔལ་མོ་རྣམས་ཀྱིས་རང་གི་རྒྱལ་ཁབ་དང་། རང་བཙན། བདེན་དོན། མི་རིགས་བཅས་ཀྱི་ཆེད་དུ་བློས་

གཏོང་གནང་པའི་རླབས་ཆེན་གྱི་སྙིང་སྟོབས་ལ་གུས་བཀུར་དང་།

ཁོང་རྣམ་པའི་རྩ་ཆེའི་གཅེས་སྲོག་ཤོར་བ་དང་མ་ཡུམ་ལྗོངས་ཀྱི་བུ་ཕྲུག་རྣམས་ཁ་བྲལ་ནས་གཞིས་ལུས་སྤུན་ཟླ་རྣམས་མི་

ལོ་ལྔ་བཅུའི་རིང་མནར་གཅོད་མྱོང་བཞིན་པ་དང་དྲན་གདུང་སྐྱོ་སྣང་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན།། །།

                                                                              བོད་རྒྱལ་ལོ།  བོད་རང་བཙན་རྒྱལ་ལོ།

RSS Feeds

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།