བཙུན་མའི་ངོ་རྒོལ
08/12/2009 11:43
དཀར་མཛེས་རྫོང་དུ་བཙུན་མའི་ངོ་རྒོལ།
བྷེལ་རྗམ་དུ་གནས་སྡོད་བློ་བཟང་ལགས་ཀྱིས་འདི་གར་ཁ་པར་བརྒྱུད་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན།
བཙུན་མ་དབྱངས་སྐྱིད་སྒྲོལ་མ་རྒྱ་ནག་གི་ཉེན་རྟོག་པས་ཉེས་རྡུང་འོག་འདས་གྲོངས་སོང་བ་ལ་བརྟེན་ནས། ཟླ་འདིའི་
ཚེས་༧ ཉིན་དཀར་མཛེས་རྫོང་ཉེན་རྟོག་པའི་སྒོ་འགྲམ་དུ་ལམ་གྲགས་བཙུན་དགོན་གྱི་བཙུན་མ་བརྒྱ་ཙམ་གྱིས་ངོ་
རྒོལ་བྱས་ཡོད་པ་དང། འབྲེལ་ཡོད་ལས་བྱེད་ཀྱིས་ཁྱེད་ཚོས་ངོ་རྒོལ་མ་བྱེད། ཡག་པོ་འདུག་དགོས་པ་རེད། བཙུན་མ་
འདས་གྲོངས་སུ་བ་ལ་ང་ཚོས་འགན་ཁུར་གང་ཡང་ཐུབ་ཀྱི་མ་རེད་ཅེས་འགྲེལ་བརྗོད་བྱས་ཡོད་པ་ལས། ཉིན་དེར་
འཇུ་བཟུང་བྱས་པའི་གནས་ཚུལ་བྱུང་མེད་པ་རེད། དེ་རྗེས་ཀྱི་གནས་ཚུལ་ཤེས་རྟོགས་བྱུང་མ་སོང།།
———
Back