དངོས་མིང་། དཀོན་མཆོག།
སྐྱེས་ཡུལ། མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཡ་གྱལ། སྨར་ཁམས་སྒང་།
སྐྱེས་ཚེས། ༡༩༨༣ ལོའི་སྤྱི་ཟླ་༧ ཚེས་བཅོ་ལྔ།
ད་ལྟའི་ལས་ཀ ལས་མེད།
གློག་འཕྲིན་ཡིག་སྒམ། konchok5@yahoo.co.in
ཡོན་ཚད། དབྱངས་གསལ་སོ་བཞི་འབྲི་ཀློག་སོགས་ཤེས་ཙམ།
དམིགས་ཡུལ། བོད་རང་བཙན་གཙང་མ།
རྩོམ་འབྲི་མགོ་རྩོམ་དུས།
རང་ལོ་བཅུ་དྲུག་སྟེང༌།
དགའ་ཕྱོགས། བཟའ་བཏུང་ཞིམ་པོ་དང་མཉམ་དུ་དེབ་ཀློག་རྒྱུ་དང༌། གློག་བརྙན་འདྲ་མིན་ལ་བལྟ་རྒྱུ། རྩོམ་
འབྲི་བ་དང༌། གློག་ཀླད། ཆང་འཐུང་བ། གཞས་ལ་ཉན་པ།
ཚབ་མཚོན་བརྩམས་ཆོས། ཉེ་བའི་འཆར་གཞི། སྐྱེ་བ་རྗེས་མར་དམྱལ་ཁམས་དང་དག་ཞིང་གང་རུང་ཞིག་
ལས། འཇིག་རྟེན་མི་ཡུལ་དུ་གཏན་ནས་མི་སྐྱེ་བའི་ཕྱིར་རྭ་བཞི་རྐང་གསུམ་མགོ་གཉིས་ལག་པ་བདུན་གྱི་སྐྱེ་ཐང་ཞིག་
བཞེང་རྩིས་ཡིན།
དད་པ་བྱེད་སའི་མི། གལ་སྲིད་ཡིད་ཆེས་བྱས་ན་མི་བསླུ་བ་ཞིག་འཇིག་རྟེན་འདི་འམ་གཞན་ཞིག་ཏུ་ཡོད་ཚེ། དེ་
ནི་ངའི་དད་པ་བྱེད་ས་དེ་ཡིན།
ཆེས་ཀློག་སྤྲོ་བའི་དཔེ་དེབ། སྐབས་རེར་ཉོན་མོངས་གོང་དུ་འཕེལ་བའི་དེབ་དང༌། མཚམས་རེར་ཉོན་མོངས་བག་
ལ་སྙོལ་ཐུབ་པའི་དེབ། གློག་བརྙན་ཡང་དེ་བཞིན།
སོང་མྱོང་བའི་ས་ཆ། བོད་ཀྱི་ས་ཆ་འགའ། བལ་ཡུལ། རྒྱ་གར། འཇར་པན། ཧྥ་རན་སི། སྒྲིག་མཱག ནོར་ཝེ། ཇར་མན། སཱུད་སི། གཞན་མང་།
ཆེས་བརྗེད་དཀའ་བའི་བྱ་བ། རང་ལོ་དྲུག་ལ་སོན་པའི་ཉིན་ཞིག རང་ཉིད་གང་ནས་ཡོང་བ་མ་ཤེས་པར་འཇིགས་སྣང་ཆེན་པོ་ཞིག་སྐྱེས་ཏེ་ཨ་མར་སྐད་ཆ་དྲིས་པ་དེ་སོགས་མང་ངོ༌།
ཁྱེད་ཀྱི་འདོད་པ་ལྟར་འཇིག་རྟེན་འདིའི་ངོ་བོ་ཚིག་གཅིག་གིས་མཚོན་དགོས་ན་ཚིག་དེ་ནི།
དཀའ་བའི་ལས་དེ་མ་བྱས་ན། བདེ་མོའི་ཐང་ལ་སླེབས་པར་མིན།
བུད་མེད་ཀྱིས་བཞག་པའི་ཚོར་བ་ནི། ཚྭ་དང་བུད་མེད་སྒོག་པ་གསུམ། ཡོད་ན་འདོད་པ་ཚིམ་རྒྱུ་མེད། མེད་ན་
མུ་གེས་ཤི་རྒྱུ་མེད།
ཆེས་དགའ་སའི་བོད་ཀྱི་རྩོམ་པ་པོ། ཆོས་རྗེ་ས་སྐྱ་པནྜིཏ། དགེ་འདུན་ཆོས་འཕེལ། གདོང་ཐོག་བསྟན་པའི་རྒྱལ་
མཚན། གཞན་དག
འདང་ཆེ་བའི་གྲོགས་པོ། རྨི་ལམ་ནང་དུ་ཁ་ཤས་ཡོད། དངོས་ཡོད་ཀྱི་གཅིག་ཀྱང་མེད།
ཀློག་པ་པོར་བརྗོད་འདོད་པའི་སྐད་ཆ། གངས་ཅན་བོད་མི་རྣམ་པ། བོད་ཀྱི་རྨང་གཞི་སྐད་ཡིག་ཕ་མེས་རང་
སྐད་གཙང་མ། ནམ་ཡང་བཀོལ་སྤྱོད་གནང་རོགས།
ད་ལྟའི་བོད་ཀྱི་རྩོམ་རིག་གི་གནས་བབས་དེ་ཅི་འདྲ་ཞིག་རེད་ཅེས་ན། ལྐུགས་པས་བུ་རམ་ཟོས་པ་ལྟ་བུ།
ལོང་བས་གླང་ཆེན་ཞོན་པ་ལྟ་བུ།
རང་རེའི་བོད་ཀྱིས་འཛམ་གླིང་ལ་ངོམ་དུ་རུང་བ་དེ་གང་རེད་ཅེས་ན། རང་ཉིད་ཕམ་པའི་སྙིང་རྗེ། ཁ་
བའི་ཁྲོད་ཀྱི་ནོར་ནག སྲོག་གིས་བསྲུངས་པའི་ཤེས་རིག་གམ་ནང་ཆོས།
རྩོམ་པ་པོ་ཞིག་ལ་མཚོན་ན་ཆེས་འཛོམས་དགོས་པའི་ཆ་རྐྱེན་དེ་གང་རེད་ཅེས་ན། ལག་པ་ཆད་ཀྱང་
འབྲི་འདུན་ཡོད་པ་ཞིག མ་ཤི་བར་དུ་འབྲི་འདུན་ཡོད་པ་ཞིག
ཆང་རག་སྤྱད་པར་ལེགས་ཉེས་ཅི་ཡོད་ཅེས་ན། ཕ་དམ་པ་ཆང་གིས་བཟི་རུང༌། དོན་དམ་པ་རླུང་ལ་མ་བསྐུར་
ན་འགྲིག
རྩོམ་རིག་དང་དངུལ་ལོར་དབར་གྱི་འབྲེལ་བ་ག་འདྲ་རེད་ཅེས་ན། ནུ་མ་དང་འོ་མའི་འབྲེལ་བ་ལྟ་བུ།
རྩོམ་འབྲི་བར་སྨྱུ་གུ་བཀོལ་ན་ལེགས་སམ་གློག་ཀླད་བཀོལ་ན་ལེགས་ཞེས་ན། སྨྱུ་གུས་འབྲི་ན་ལེགས
འཆི་བའི་ཕྱོགས་ལ་མནོ་བསམ་བཏང་ཨེ་མྱོང་ཞེས་ན། བསམ་བློ་ག་ཚོད་བཏང་ན་ཡང༌། མ་ཤི་བར་དུ་
འཆི་མི་སྲིད།
གཞི་གདན།
This section is empty.