སཱུད་སིར་ལྷག་དཀར་སྲུང་བརྩི

09/02/2012 10:53

སཱུད་སིར་ལྷག་དཀར་སྲུང་བརྩི་དང་མར་མེའི་ཁྲོམ་སྐོར།

 

སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་དམངས་ནས་གོ་སྒྲིག་ཞུས་པས་བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་ཚོན་ཆེད་འཛམ་གླིང་ཁྱོན་ཡོངས་སུ་ཉིན་བརྒྱ་དུས་གཅིག་ཏུ་མཆོད་འབུལ་སྨོན་ལམ་དང་མར་མེའི་ཁྲོམ་སྐོར་གནང་གི་ཡོད་པ་བཞིན།  འདི་ག་སུད་སི་ས་གནས་རྫཱུ་རིག་མེ་འཁོར་འབབ་ཚུགས་སུ་དགོང་དྲོའི་ཕྱག་ཚོད་ ༦༔༣༠ཐོག་མི་མང་འདུ་འཛོམས་བྱེད་ནས་རྒྱ་ནག་གཞུང་ཚབ་བར་ཞི་རྒོལ་དང་མར་མེ་ཁྲོམ་སྐོར་ཀྱི་ལས་འགུལ་ཞི་རྒྱ་ཆེ་བ་སྤེལ་ཡོད་པ་རེད། བོད་ཆས་གྱོན་ཏེ་རས་ནག་པོ་བཅས་ཀྱི་ཆས་དགོས་དང་བདེན་ཚིག་སྨོན་ལམ་གསུང་ནས་གདུང་སེམས་མཉམ་སྐྱེས་ཀྱི་རྣམ་པ་ཤུག་ཆེ་སྟོན་ཡོད་པ་རེད། མི་དམངས་༥༠༠ ལྷག་ཞི་རྒོལ་དུ་མཉམ་ཞུགས་གནང་བ་དེས་རྒྱ་ནག་གཞུང་གིས་བོད་ནང་དུ་ཁྲག་དྲི་བྲོ་བའི་དྲག་གནོན་གྱི་སྲིད་བྱུས་དེ་དྲང་བདེན་རྩ་བ་ནས་མིན་པར་བརྟེན་དྲང་བདེན་ལ་དགའ་བའི་རྒྱལ་སྤྱིའི་མང་ཚོགས་ཀྱིས་ངོས་ལེན་བྱ་ཐབས་རྩ་བ་ནས་མེད་པའི་རྣམ་པ་གསལ་པོ་བསྟན་པ་ཞིག་ཆགས་ཡོད་པ་དང་། རྒྱ་དམར་གྱི་གཞུང་ཚབ་མདུན་མི་དམངས་ཚོགས་གཞོན་དང་སཱུད་སི་བོད་ཀྱི་གྲོགས་པོ་མཐུན་ཚོགས་ཀྱི་ཚོགས་མི་ཡོ་རོབ་གཞུ་ནུའི་མཐུན་ཚོགས་དང་སཱུད་སི་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བཅས་ནས་གསུང་བཤད་དང་། གཞུང་ཚབ་ལ་སྙན་ཞུ་འབུལ་བ་འདི་མང་ཚོགས་ལ་ལྗགས་ཀློག་གནང་པ་དང་། མང་ཚོགས་ནས་བདེན་གསོལ་སྨོན་ཚིག་དང་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་གསུང་ནས་མཇུག་སྒྲིལ་གནང་ཡོད་པ་རེད

                        

དཀོན་མཆོག་བོད་ར་ང་བཙན།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།