དཀོན་མཆོག་བོད་རང་བཙན་དྲ་ཚིགས།

ཡ་མཚན་དངོས་བྱུང་།

རྐང་པ་དྲུག་ཅན་

23/10/2009 12:01
ཕྲུ་གུ་རྐང་པ་དྲུག་ཅན་ཞིག་སྐྱེས་པ། རྒྱ་གར་ཐཱ་ནེ་ཞེས་པའི་གྲོང་ཁྱེར་དུ་ཕྲུ་གུ་རྐང་པ་དྲུག་ཅན་ཞིག་སྐྱེས་པ། དེ་ནི་ཕྱི་ལོ་༡༩༩༩ ཟླ་བ་༤ ཚེས་༢ ཉིན་བྱུང་བའི་ཡ་མཚན་དངོས་བྱུང་ཞིག་ཡིན། ཕྱི་ལོ་༡༩༩༩ ཟླ་༤ ཚེས་༡ ཉིན་ མཱ་ཧཱ་ར་ཤི་ཀྲ་རཱ་མངའ་སྡེའི་ཐཱ་ནེ་ཞེས་པའི་གྲོང་ཁྱེར་ནང་ཕྲུ་གུ་རྐང་པ་དྲུག་ཅན་ཞིག་སྐྱེས་ཡོད་འདུག              ཕ་མ་གཉིས་ཀྱི་གནས་ཚུལ་དེ་གསར་འགྱུར་བརྒྱུད་ལམ་དང་མི་མང་བཅས་ལ་མ་བསྟན་པ་ཙམ་དུ་མ་ཟད། བཤད་ཀྱང་ མེད་མོད། ཚེས་༢ཉིན་མུམ་བྷེ་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་ཁྱེར་ཡོང་དུས་མང་པོ་ཞིག་གི་མཐོང་འདུག་ཀྱང་དེའི་སྐོར་ ཕ་མ་གཉིས་ཀྱི་གནས་ཚུལ་ཞིབ་ཕྲ་བཤད་མི་འདུག།
>>

ཕྲུ་གུ་བདུན་སྐྱེས་པ

23/10/2009 11:54
དུས་གཅིག་ལ་ཕྲུ་གུ་བདུན་སྐྱེས་པ། བོད་ཀྱི་བང་ཆེན། རྒྱལ་སྤྱིའི་བརྒྱུད་ལམ་ཐོག་ཡ་མཚན་གྱི་གསར་འགྱུར་འཁོད་གསལ་ལྟར་ན་ལོ་ངོ་ཉེར་དགུར་སོན་པའི་ཀ་ཀྲ་ལ་ཧ་མི་ སི་ཟེར་བའི་གྷི་རི་སིའི་བུད་མེད་ཅིག་ལ་གྲོང་ཁྱེར་ཡ་ལི་ཧྲན་ཏའི་སྨན་ཁང་ནང་དུས་གཅིག་ཕྲུ་གུ་བདུན་སྐྱེས་པའི་ གནས་ཚུལ་བྱུང་འདུག དེའང་སྨན་པས་བརྗོད་གསལ་ལྟར་ན་ཕྲུ་གུ་བདུན་གྱི་ལྗིད་ཚད་རྒྱ་མ་༡།༤༥ དང་རྒྱ་མ་༢།༨        བར་ཡིན་ཞིང༌། ད་ལྟ་ཕྲུ་གུ་ཉར་ཚགས་བྱེད་སའི་གློག་གི་འཕྲུལ་ཆས་ནང་བཞག་ཡོད་འདུག བཤད་གསལ་ལྟར་ན་ ཕྲུ་གུ་དེ་དག་སྐྱེ་བའི་དུས་ཚོད་ལས་ཉི་མ་༤༢ སྔོན་དུ་སྐྱེས་ཤིང་དེ་ནི་ཡ་མཚན་དངོས་བྱུང་ཡིན་ཞེས་བརྗོད་ཡོད་པ་ རེད། དུས་གཅིག་ནང་ཕྲུ་གུ་བདུན་སྐྱེས་པ་ཉུང་ཉུང་ཡིན་པ་མ་ཟད། ཕྲུ་གུ་ཡོངས་རྫོགས་གསོན་ཐུབ་པ་བྱུང་བ་ནི་དེ་ བས་ཡ་མཚན་ཡིན། ད་དུང་ཨ་མ་དེར་ཕྲུ་གུ་བདུན་མིན་པའི་གཞན་ཕྲུ་གུ་བུ་མོ་གསུམ་ཡོད་པ་དང༌། སྔོན་མར་ད་ དུང་བུ་གཅིག་འབྱུང་ན་བསམ་པར་བརྟེན། ཧ་མི་སིར་མི་བཟོས་ཕྲུ་གུ་འཁོར་བྱེད་ཀྱི་རོགས་སྐྱོར་སྨན་བཅོས་ཀྱང་བྱས་ ཡོད་འདུག གྷི་རི་སའི་སྲིད་གཞུང་གིས་ཕྲུ་གུ་བདུན་ལ་ལོ་གཉིས་ཀྱི་རིན་མེད་འོ་རྩམ་དང་ཆབ་སྟན་མཁོ་སྤྲོད་བྱེད་ རྒྱུ་ཡིན་འདུག...
>>
<< 1 | 2 | 3

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།