དཀོན་མཆོག་བོད་རང་བཙན་དྲ་ཚིགས།

ཡ་མཚན་དངོས་བྱུང་།

ལག་པ་ཆེ་ཤོས།

23/10/2009 13:10
འཛམ་གླིང་ནང་གི་ལག་པ་ཆེ་ཤོས། བོད་ཀྱི་བང་ཆེན། ཕྱི་ལོ་༢༠༠༧ ཟླ་༡༡ ཚེས་༡ ཉིན་གྱི་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ཇེང་སུ་༼ Jiangsu༽ཞིང་ཆེན་ནས་ཡིན་པའི་ལི་ ཧུ་༼ Liu Hua༽ཞེས་པ་རང་ལོ་༢༤ ཡིན་པ་དེའི་ལག་པ་གཡོན་མ་དེ་འཛམ་གླིང་ནང་གི་ལག་པ་ཆེ་ཤོས་ཡིན་པ་རེད་ འདུག ཁོའི་མཐེ་བོང་ནས་འཛུབ་མོ་གསུམ་ཧ་ཅང་གི་ཆེན་པོ་དང་གཞན་གཉིས་སྤྱིར་བཏང་གི་འཛུབ་མོ་རེད་འདུག                  ལི་འུ་ལོ་རེ་བཞིན་ཆེ་རུ་འགྲོ་དུས་ཁོའི་འཛུབ་མོ་རྣམས་ཀྱང་ཆེ་རུ་འགྲོ་ཡི་ཡོད་འདུག འདས་ལོ་༢༠༠༧ ཕྱི་ཟླ་༧ ནང་ ཁོ་རང་ཤང་གྷ་ཡི་༼ Shanghai No. 9༽མི་དམངས་སྨན་ཁང་དུ་ཕྱིན་པ་དང་དེར་ཁོའི་འཛུབ་མོ་རྣམས་ཚད་བརྒྱབ་ དུས་ཁོའི་མཐེ་བོང་དེ་སེཎ་ཊི་མི་ཊར་༢༦་༼26 centimeters༽དང་དེ་ནས་འཛུབ་མོ་གཉིས་པ་དེ་སེཎ་ཊི་མི་ཊར་༣༠ དང་འཛུབ་མོ་བར་མ་དེ་སེཎ་ཊི་མི་ཊར་༡༥ ཡོད་པ་དང་ཁོའི་ལག་པ་གཡོན་མ་དེ་ཆ་ཚང་གི་ལྗིད་ཚད་ཀིའ་ལོ་༡༠ ཡོད་འདུག ལི་འུའི་ན་ཚ་དེའི་མིང་ལ་མེའ་ཀོརོ་ཌེཀ་ཊ་ཡིལ་༼ macrodactyly ༽ཟེར་གྱི་ཡོད་པ་དང་ན་ཚ་དེ་ནི་ ལག་པའི་མཛུབ་མོའམ་རྐང་པའི་མཛུབ་མོ་རྣམས་སྤྱི་དང་མི་མཐུན་པ་སྐྱེ་ཡི་ཡོད།...
>>

བུ་ཕྲུག་བརྒྱ་ཡི་ཕ།

23/10/2009 13:04
བུ་ཕྲུག་བརྒྱ་ཡི་ཕ། བོད་ཀྱི་བང་ཆེན། གནས་ཚུལ་སྤེལ་བ་ལྟར་ན། ཡུ་ཨེ་ཨི་ཟེར་བའི་ཁ་ཆེའི་ལུང་པ་ནས་ཡིན་པའི་ཨབཱ་དུལ་རེ་མཱན་ཟེར་བའི་མི་ལོ་༦༠ ཡིན་པ་ཞིག་གི་ཕྱི་ལོ་༢༠༡༥ བར་དུ་ཁོ་རང་བུ་ཕྲུག་བརྒྱ་ཡི་ཕ་ཆགས་རྒྱུ་ཡིན་པའི་དམིགས་ཡུལ་བཟུང་ཡོད་འདུག གོང་བཀོད་ཚེས་གྲངས་སྐབས་ཁོ་རང་གི་ཕྲུ་གུ་རྒན་ཤོས་དེ་ལོ་༣༦ ཡིན་པ་དང་ཆུང་ཤོས་དེ་ཉི་མ་༢༠ ཡིན་འདུག ད་དུང་ཁོ་རང་གི་སྐྱེ་དམན་གསུམ་སྦྲུམ་མ་ཡིན་འདུག            ཁ་ཆེ་ཆོས་ལུགས་ཀྱི་མི་གཅིག་གི་དུས་གཅིག་ལ་ཆང་ས་མང་ཤོས་བཞི་བརྒྱབ་ཆོག་པའི་ཆོག་མཆན་སྤྲོད་ཀྱི་ཡོད་ ཀྱང་ཨབཱ་དུལ་རེ་མཱན་ལ་ད་བར་སྐྱེ་དམན་བཅོ་ལྔ་བྱུང་ཡོད། འོན་ཀྱང་ཁོའི་ཡུལ་ཁྲིམས་དང་མ་འགལ་བའི་ཆེད་ དུ་ཐེངས་གཅིག་ལ་ཆང་ས་བཞི་བརྒྱབ་ཀྱི་ཡོད་པ་དང་དེ་ནས་ལོ་ཤས་རྗེས་སྐྱེ་དམན་དེ་རྣམས་ཁྲིམས་ཐོག་ནས་སྐྱེ་ དམན་དང་ཁ་བྲལ་གྱི་ཡོད་པ་དང་དེ་ནས་ཡང་བསྐྱར་སྐྱེ་དམན་གསར་པ་བཞི་ལེན་གྱི་ཡོད་པ་རེད། ཨབཱ་དུལ་རེ་ མཱན་གྱིས་ཕྱི་ལོ་༢༠༡༥ ལོར་ང་ལོ་༦༨ ཆགས་ཀྱི་རེད། དེ་དུས་ང་ལ་བུ་ཕྲུག་བརྒྱ་ཡཽང་གི་རེད། དེ་འདྲ་སོང་ཙང་ད་ དུང་ཆང་ས་གསུམ་རྒྱག་དགོས་ཀྱི་འདུག...
>>

རྐེད་པ་ཕྲ་ཤོས

23/10/2009 12:59
རྐེད་པ་ཕྲ་སྦོམ་ཨིན་ཆི་བཅོ་ལྔ་ལས་མེད་པའི་བུད་མེད་ཅིག ཁོང་ནི་ཨ་རི་རྒྱལ་ཁབ་ཀྱི་གྲོང་སྡེ་བྱང་ཀཱེ་རོ་ལིའ་ནཱ་ནས་ཡིན་པ་དང་ཁོང་རང་གི་བཟའ་ཟླ་བཱོབ་ནི་ དབང་པོ་སྐྱོན་ཅན་བཤའ་བཅོས་གནང་མཁན་གྱི་སྨན་པ་ཞིག་ཡིན་འདུག                                 ཁོང་གི་རྐེད་པ་དེ་འདྲ་ཆགས་རྐྱེན་ནི་ཁོང་གི་ལོ་ངོ་ཉེར་ལྔ་རིང་རྐེད་པ་རྐེད་རག་དམ་པོ་ཡོད་པའི་གོས་ཤ་སྟག་ གྱོན་པ་ལ་བརྟེན་ནས་བྱུང་བ་ཡིན་གསུངས་འདུག ཁོང་རང་སྐུ་གཟུགས་བདེ་པོ་རེད་འདུག ཁོང་ནི་འཛམ་ག ནང་རྐེད་པ་ཕྲ་ཤོས་ཀྱི་མི་ཞིག་རེད་འདུག།    
>>

ཚགས་ཤོག་ཆུང་ཤོས

23/10/2009 12:39
ལག་མཐིལ་ནང་ཤོང་བའི་ཚགས་ཤོག ཚགས་ཤོག་འདིས་འཛམ་གླིང་རྒྱལ་ཁབ་སི་པེའན་དང་དབྱིན་ཡུལ༌། ཕིའན་ལེནཌ་དང་སུ་ཝི་ཌན། ཨར་ཇཱན་ཊི་ནཱ་ དང་བཱི་ར་ཛིའལ་དང་ཨ་རི་ལ་སོགས་པ་མང་པོ་ཞིག་གི་དོ་སྣང་སླེབས་ས་གཅིག་ཆགས་ཡོད།                                             ཚགས་ཤོག་འདི་བཱི་ར་ཛིའལ་གྱི་བདུན་རེའི་ཚགས་ཤོག་ཝོ་སཱ་སིན་ཧོ་རི་ཡཱ་༼ Vossa Senhoria༽ཟེར་བ་ཞིག་ཡིན་པ་ དང་དེ་ནི་ཟླ་རེར་༧༠༠༠ ཙམ་ཚོང་འགྲེམས་ཡོང་གི་ཡོད། ཚགས་ཤོག་འདི་ཁ་ཞེང་སེན་ཊི་མི་ཊར་གཉིས་དང་ཕྱེད། རིང་ཚད་སེན་ཊི་མི་ཊར་གསུམ་དང་ཕྱེད་ཀ་ཡོད་འདུག ཚགས་ཤོག་གི་ནང་སྡེ་ཚན་མི་འདྲ་བ་ཁ་ཤས་ཡོད་པ་རྣམས་ ནི་ཕྲུ་གུའི་སྡེ་ཚན་དང་རྩོམ་འབྲི་ས་མིག དེ་བཞིན་སྙན་ཚིག་དང་འདྲ་པར། ཆབ་སྲིད་དང་འབྲེལ་བའི་གནས་ཚུལ། གླ་ཡོད་གསལ་བསྒྲགས་སོགས་ཡོད་ལ། ཚགས་ཤོག་འདི་ཕྱི་ལོ་༡༩༣༥ ལོར་ལིའོ་ནིའ་ཌ་སིས་ཟེར་བ་ཞིག་དཔར་བསྐྲུན་ ཁང་ཞིག་ཏུ་ལས་ཀ་བྱེད་མཁན་ཡིན་པར་ཁོང་གི་གསར་གཏོད་བྱས་པ་ཞིག་རེད་འདུག...
>>

བུ་མོ་ལོ་ལྔ་ཡིན་པ

23/10/2009 12:23
བུ་མོ་ལོ་ལྔ་ཡིན་པ་ཞིག་ལ་ཕྲུ་གུ་སྐྱེས་པ། བོད་ཀྱི་བང་ཆེན། འདི་ནི་ཕྱི་ལོ་༢༠༠༧ ཟླ་༡༡ ཚེས་༡༤ ཉིན་གྱི་གནས་ཚུལ་སྤེལ་བ་ཞིག་ཡིན་པར་ལཱི་ནཱ་ཞེས་པའི་བུ་མོ་ལོ་ལྔ་ཡིན་པ་ ཞིག་ལ་ཕྲུ་གུ་སྐྱེས་འདུག དེ་ནི་ཕྱི་ལོ་༡༩༣༩ ལོར་ལྷོ་ཨ་རིའི་ཨེན་ཌེསེ་རི་རྒྱུད་དུ་ཡོད་པའི་གྲོང་གསེབ་ཆུང་ཆུང་ཞིག་ ནས་མི་ཞིག་གི་རང་ཉིད་ཀྱི་བུ་མོ་ལོ་ལྔ་ཅན་དེ་པཱེ་རུ་ལུང་པའི་གྲོང་ཁྱེར་པཱི་སི་ཀཱོའི་སྨན་ཁང་ཞིག་ཏུ་ཁྱེར་ཡོད་འདུག                                                         ཁོས་སྨན་ཁང་དུ་ཁོ་རང་གི་བུ་མོའི་གྲོད་པའི་ནང་སྐྲན་རྡོག་ཞིག་ཆེ་རུ་ཆེ་རུ་འགྲོ་བཞིན་ཡོད་པ་དེ་ཁོ་ཚོའི་གྲོང་ གསེབ་ཀྱི་བླ་མ་སྨན་པས་སྨན་བཅོས་བྱེད་ཐུབ་མ་སོང་ལབ་པ་དང༌། སྨན་པའི་བརྟག་དཔྱད་བྱས་ཚར་བའི་རྗེས་ལ་ རྡོག་རྡོག་དེ་སྐྲན་རྡོག་མིན་པ་ཤེས།     པ་ལགས་དེས་སྨན་པ་གྷེ་རཱ་ཌོ་...
>>

གྲོད་པ་ས་ལ་ཐུག་

23/10/2009 12:19
གྲོད་པ་ས་ལ་ཐུག་པའི་རྒྱགས་པ་ཞིག མི་རྒྱགས་པ་འདིའི་གྲོད་པའི་མདོག་དམར་པོ་ཆགས་ཡོད་པ་དང་དེ་ལ་ཟ་འཕྲུག་མང་པོ་ལང་གི་ཡོད་པར་ སྨན་ཁང་དུ་སླེབས་དུས་སྨན་པས་བརྟག་དཔྱད་བྱས་རྗེས་ཁོ་བོའི་གྲོད་པ་ལྟེབ་རྩེགས་ཐེབས་པའི་ནང་ཟ་ ཆས་རིགས་འཛུལ་ཡོད་པ་མཐོང་བ་མ་ཟད། དྲི་ངན་ཞིག་ཀྱང་ཁ་བཞིན་ཡོད་པ་རེད།  མི་དེས་དྲི་མ་དེ་ ཟླ་བ་གཅིག་སྔོན་ནས་ཁ་ཡི་འདུག་ལབ་པ་རེད། འོན་ཀྱང་ཁོ་རང་རྒྱགས་དྲགས་ནས་གྲོད་ཁོག་གི་ལྟེབ་ རྩེག་བར་དུ་གང་ཡོད་པ་བལྟ་མི་ཐུབ་པ་རེད།                                                     
>>

རྣ་བས་གནམ་གྲུ་

23/10/2009 12:15
རྒྱ་གར་བ་ཞིག་གི་རྣ་བས་གནམ་གྲུ་འཐེན་ཐུབ་པ། བོད་ཀྱི་བང་ཆེན། རྒྱ་གར་པཱན་ཇཱབ་མངའ་སྡེ་ནས་ཡིན་པའི་མན་ཇིཏཱ་སིངཱ་ཞེས་པ་ལོ་ངོ་༥༧ ཡིན་པ་ཁོང་གི་ཡ་མཚན་ཅན་མང་པོ་ བྱེད་ཐུབ་ཀྱི་ཡོད། ཁོ་རང་གི་སྐྲས་འགྲུལ་སྐྱེལ་རླངས་འཁོར་༼སྦ་སེ་༽ཉིས་བརྩེགས་ཡོད་པ་འཐེན་ཐུབ་པ་དང༌།     དེ་ བཞིན་རྣ་བས་ཀི་ལོ་༨༥ ལྗིད་ཚད་འདེགས་ཐུབ་པ་དང་དེ་བཞིན་རྣ་བས་གནམ་གྲུ་འཐེན་ཐུབ་པ་སོགས་ཡ་མཚན་ ཅན་གྱི་ལས་ཀ་མང་པོ་བྱེད་ཐུབ་པའི་རྒྱལ་སྤྱིའི་ཐོག་སུམ་ཅུ་ལས་ལྷག་གི་ལོ་རྒྱུས་བཞག་ཡོད། ཁོང་ལ་ལྕགས་ཀྱི་མི་ ཞེས་ཀྱང་འབོད་ཀྱི་ཡོད།                    ཁོང་གི་རྩོལ་བ་དེ་ཚོ་ནས་དངུལ་ཡོང་འབབ་རྣམས་རང་གི་མན་ཇིཏཱ་གཟུགས་གཞི་ལས་ཕེར་དགེ་རྩ་ཡོད་པ་དེའི་ བརྒྱུད་རང་གི་གྲོང་གསེབ་ཀྱི་ཕྲུ་གུ་ཚོ་རྩེད་མོར་དགའ་མོས་ཡོང་ཐབས་ཀྱི་ཆེད་དུ་བེད་སྤྱོད་བྱེད་ཀྱི་ཡོད་འདུག
>>

རྣ་བས་ཕུ་རྒྱག་པ

23/10/2009 12:12
སྒང་ཕུག་ལ་རྣ་བས་ཕུ་རྒྱག་པ། རྒྱ་མི་ཞིག་གི་སྒང་ཕུག་ལ་རྣ་བས་ཕུ་རྒྱག་གི་ཡོད་པ།                          ཝེ་མིང་ཏང་ཞེས་པའི་རྒྱ་མི་ལོ་ངོ་༥༥ ཡིན་པ་ཞིག་རང་གི་རྣ་བའི་དབང་པོ་བེད་སྤྱོད་བྱས་ནས་སྒང་ཕུག་ལ་ཕུ་རྒྱག་ གི་ཡོད་འདུག ཉེ་ཆར་གྲོང་ཁྱེར་གྱི་དུས་ཆེན་མཛད་སྒོ་ཞིག་ལ་ཁོའི་རྣ་བས་སྐར་ཆ་༢༠ ནང་ཡང་ལཱ་༢༠ ཕུ་བརྒྱབ་ ནས་བསད་ཡོད་འདུག
>>
<< 1 | 2 | 3 >>

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།