ལས་བྱེད་གསུམ་གནས་དབྱུང་བཏང་བ

10/02/2012 18:08

 

བོད་ནང་གཞུང་གི་ལས་བྱེད་གསུམ་གནས་དབྱུང་བཏང་བ།

རྒྱལ་ཁབ་ཀྱི་སྲུང་སྐྱོབ་དང་བརྟན་ལྷིང་གི་ལས་དོན་ཚགས་ཚུད་བྱུང་མེད་པའི་རྐྱེན་གྱིས་བོད་ནང་གི་ལས་བྱེད་གསུམ་གནས་དབྱུངས་བཏང་ཡོད་པའི་གནས་ཚུལ་ཐོན་འདུག

དེ་ཡང་བོད་ནང་གི་གུང་བྲན་ཚོགས་པའི་སྤྱི་ཁྱབ་ནས་ཁ་ས་རེས་གཟའ་ལྷག་པའི་ཉིན་ཚོགས་འདུ་ཞིག་བསྐོངས་ཚོགས་བྱེད་་པའི་སྐབས། བོད་ནང་གི་ལས་བྱེད་གསུམ་ནས་རྒྱ་མིའི་ལོ་གསར་སྐབས་སྒྲིག་གཞི་དང་འགལ་བའི་ཐོག་ནས་ལས་ཁུངས་སུ་སླེབས་མེད་པའི་རྐྱེན་གྱིས་གནས་དབྱུངས་བཏང་ཡོད་པ་དང་། ལས་བྱེད་གསུམ་པོ་ནི་ལས་བྱེད་བདག་གཉེར་ཁང་ངམ་ལས་བྱེད་གསར་པ་མཁུ་བསྡུ་བྱེད་མཁན་གྱི་ལས་ཁུངས་ནས་ཡིན་འདུག། ཡང་གུང་བྲན་ཚོགས་པའི་སྤྱི་ཁྱབ་ཀྱིས་ཚོགས་འདུའི་ཐོག་བོད་མི་ཁ་བྲལ་བ་ཏཱ་ལའི་རུ་ཚོགས་ཀྱི་རྗེས་འབྲངས་པ་དེ་དག་གི་ཐོག་དམ་བསྒྲགས་ཤུགས་ཆེ་རུ་གཏོང་དགོས་ལུགས་ནན་བརྗོད་བྱས་པ་དང་སྦྲགས་གཏམ་བཤད་ནང་། ཏཱ་ལའི་རུ་ཚོགས་ལ་ཁ་གཏད་བཅོག་རྒྱུ་ནི་རྙོག་དྲ་ཅན་དང་། རྒྱུན་འཁྱོངས་ནས་ལས་དོན་སྤེལ་དགོས་པ་ཞིག་ཡིན་པར་བརྟེན་ང་ཚོ་ཚང་མས་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་བརྟན་ལྷིང་ཡོང་ཐབས་སུ་ཐབས་ལམ་ཡོད་རྒྱུ་རྩལ་སྤྲུགས་ཀྱི་ནུས་པ་བཏོན་དགོས་ལུགས་ནན་བརྗོད་བྱས་ཡོད་འདུག

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།