བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་འཚོགས་འདུ།

01/06/2012 15:56

 

བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་འཚོགས་འདུ།
   བོད་ཀྱི་བང་ཆེན།།
ཕྱི་ཟླ་༥ ཚེས་༣༠ ཉིན་གངས་སྐྱིད་བཀའ་ཤག་ཚོགས་ཁང་དུ་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་རྣམ་པ་ལྷན་འཛོམས་ཐོག་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཞིག་འཚོགས་ཡོད་པ་རེད།
བོད་གཞུང་དྲ་གནས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཉིན་དེའི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་གཙོ་སྐྱོང་འོག
 
དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན། བཀའ་ཟུར་བསྟན་པ་ཚེ་རིང་། སྐུ་ཚབ་སྐལ་བཟང་རྒྱལ་མཚན། ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་དང་། བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ། ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ། སྐུ་སྒེར་དྲུང་ཆེ་འཆི་མེད་རིག་འཛིན། སྐུ་སྒེར་དྲུང་ཆེ་ཚེ་རྒྱམ། ལྷོ་ཨ་རིའི་འབྲེལ་མཐུད་པ་ཚེ་དབང་ཕུན་ཚོགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་། སྤྱི་ཁྱབ་འཆར་འགོད་འགན་འཛིན་དཀོན་མཆོག་བརྩོན་འགྲུས། སྤྱི་ཟུར་རྨེའུ་མགོན་པོ་མཚོ། ཐེ་ཝན་དོན་གཅོད་ཟླ་བ་ཚེ་རིང་། དྲུང་གཞོན་འཇིགས་མེད་པ་སངས། དྲུང་གཞོན་སྐལ་བཟང་ཚེ་རིང་བཅས་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་རྣམ་ལྷན་འཛོམས་ཐོག་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་ཐེངས་ཉེར་བཞི་པའི་གྲོས་གཞི་དང་ལས་རིམ་ཞིག་ཉིན་གཉིས་རིང་འཚོག་གི་ཡོད་པ་རེད།།
Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།