རྫི་པ་མི་མང་ལ་དྲག་གནོན།

04/08/2012 12:43

 

རྫི་པ་མི་མང་ལ་དྲག་གནོན།

བོད་ཀྱི་དུས་བབ།
རྒྱ་ནག་གཞུང་གིས་ཁམས་ལི་ཐང་རྫི་པ་གྲོང་ཚོའི་མི་མང་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་སྤེལ་ཆེད་གཅར་རྡུང་དྲག་གནོན་བྱས་ཡོད་འདུག

ཕྱི་ལོ་ ༢༠༠༨ ལོར་ཁམས་ལི་ཐང་རྫོང་འགྲམ་སྣ་ཤང་རྫི་པ་གྲོང་ཚོའི་མི་མང་གིས་རྒྱ་ནག་གཞུང་གིས་སྤེལ་བའི་རྒྱལ་གཅེས་ཆོས་གཅེས་ཞེས་པའི་ལས་འགུལ་ལ་ངོས་ལེན་མེད་པའི་རྣམ་འགྱུར་བསྟན་མིན་ལ་མ་ལྟོས་པར། ཟླ་འདིའི་ཕྱི་ཚེས་ ༢ ཉིན་ཡང་བསྐྱར་གཞུང་གི་རྒྱ་གཞུང་གི་ལས་བྱེད་དང་ཉེན་རྟོག་པ་ཡོང་སྟེ། ས་གནས་ཁག་གསུམ་དུ་མི་མང་བསྡུ་སྐོང་གིས།  རྒྱལ་གཅེས་ཆོས་གཅེས་ཞེས་པའི་ལས་འགུལ་སྤེལ་བ་དང་མཉམ་དུ་༧གོང་ས་མཆོག་ལ་མཚན་སྨད་ཞུ་དགོས་པའི་བཙན་བཀའ་བཏང་ཡོད་འདུག སྐབས་དེར་ས་གནས་མི་མང་གིས་ངོས་ལེན་མེད་པའི་རྣམ་འགྱུར་བསྟན་སྟབས། ཉེན་རྟོག་པས་གང་བྱུང་མི་མང་ལ་གཅར་རྡུང་བཏང་སྟེ། བོད་མི་ ༢ ལི་ཐང་རྫོང་སྨན་ཁང་དུ་འཁྲིད་དེ་སྨན་བཅོས་བྱེད་དགོས་བྱུང་ཡོད་པ་དང་། གཞན། བོད་མི་ ༩ ཡས་མས་ཤིག་ལི་ཐང་རྫོང་འགྲམ་སྣ་ཤང་ཐོག་ཏུ་བཀག་ཉར་བྱས་ཡོད་འདུག

གནས་ཚུལ་བྱུང་རྗེས་ས་གནས་སུ་ཉེན་རྟོག་པ་དང་དམག་མི་བཅས་རླངས་འཁོར་ ༧ ཙམ་ཡོང་སྟེ། ས་གནས་ཀྱི་གཞུང་ལམ་དང་གྲོང་ཚོའི་གཡས་གཡོན་སོགས་སུ་འགྲེམས་གིས་མི་མང་ལ་དམ་དྲག་ཤུགས་ཆེར་བྱེད་ཀྱི་ཡོད་འདུག

གསར་འགོད་པ། དོན་གོ

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།