གྲྭ་བློ་བཟང་ཚུལ་ཁྲིམས་གཤེགས་འདུག

09/08/2012 10:56

 

རྒྱལ་གཅེས་དཔའ་བོ་གྲྭ་བློ་བཟང་ཚུལ་ཁྲིམས་གཤེགས་འདུག

 

ཕྱི་ལོ་༢༠༡༢ ཟླ་༨ ཚེས་༦ ཉིན་བོད་མདོ་སྨད་རྔ་པ་ནས་རང་ལུས་མེ་སྲེག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་མཁན་རྔ་པ་ཀིརྟི་དགོན་གྱི་རྒྱལ་གཅེས་དཔའ་བོ་གྲྭ་བློ་བཟང་ཚུལ་ཁྲིམས། རང་ལོ་༢༡ ཡིན་པ་ཁོང་སྐུ་ལུས་མེར་སྲེག་བཏང་བའི་ཉིན་དེའི་བོད་ནང་གི་མཚན་མོའི་དུས་ཚོད་༡༢ ཙམ་ལ་འབར་ཁམས་སུ་སླེབས་ནས་སྨན་ཁང་དུ་སྐུ་གྲོངས་ཡོད་འདུག

སྐུ་གྲོངས་མ་ཐག་འབྲེལ་ཡོད་ཀྱིས་ཕུང་པོ་ནང་མིར་སྤྲོད་རྒྱུའི་རེ་འདུན་ཞུས་ཀྱང་དང་ལེན་མ་བྱས་པར། རྒྱ་ནག་གཞུང་གིས་མེར་སྲེག་བཏང་སྟེ་རུས་ཐལ་ཞིག་ནང་མིར་སྤྲད་འདུག་པ་ཕྱི་ཚེས་༧ ཉིན་གྱི་མཚན་མོ་འབྲེལ་ཡོད་དགེ་འདུན་པ་བཞིས་ཀིརྟི་དགོན་པའི་ལྟག་རྒྱབ་ཀྱི་དུར་སའི་ནང་བསྐྱལ་ཡོད་འདུག ཁོང་གིས་རང་ལུས་མེར་སྲེག་བཏང་ནས་གོམ་པ་བཅུ་གྲངས་འགའི་རིང་ཕེབས་ཡོད་པ་དང་སྐབས་དེར་ཁོང་གིས་༧གོང་ས་མཆོག་བོད་ལ་ཕེབས་འཇུག་དགོས། སྐྱབས་རྗེ་ཀིརྟི་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས། ཀིརྟི་དགོན་པའི་སློབ་གྲྭ་སྒོ་ཕྱེ་དགོས། ཞེས་སྐད་འབོད་གནང་ཡོད་འདུག དེ་བཞིན་ཁོང་གིས་ཤུལ་དུ་ཁ་ཆེམས་ཤིག་བཞག་ཡོད་འདུག་ཀྱང་འདི་ནས་ལག་སོན་མ་བྱུང་། ཁོང་ནི་རྔ་པ་རྫོང་གཅའ་ཞང་རྭ་རུ་བའི་རྗ་དར་ཚང་གི་ཡིན་ཞིང་། ཕ་དབང་ཚེ་དང་། མ་སྒྲོན་དཀར་སྐྱིད་གཉིས་ཀྱི་བུ་ཡིན་འདུག ཆུང་ཆུང་སྐབས་ནས་རྔ་པ་ཀིརྟི་དགོན་པར་གྲྭ་པ་བྱས། དེང་སྐབས་ཐོས་བསམ་གླིང་གྲྭ་ཚང་གི་འཛིན་གྲྭ་རྟགས་རིགས་ཡིན་འདུག། གནས་ཚུལ་འདི་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་མཁོ་སྤྲོད་གནང་།།

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།