ཨོཾ་མ་ཎི་པདྨེ་ཧཱུྃ།

10/03/2009 09:40

 

ཨོཾ་མ་ཎི་པདྨེ་ཧཱུྃ།


རྗེ་བླ་མ་སྤྱི་བོའི་རྒྱན་དུ་ཞུགས། །ཆོས་བདུད་རྩི་སྙིང་གི་དབུས་སུ་བཅང་། །
ང་ཕྱི་མར་དམྱལ་བར་མི་ལྷུང་བར། །མགོན་ཁྱོད་ཀྱིས་གཟིགས་པར་སྐྱབས་སུ་གསོལ། །
ས་འདི་འདྲ་ས་ངོ་མ་ཤེས་ན། །གསུང་དམ་ཆོས་སྙ་བ་མི་ཐོས་ཤིང་། །
སེམས་བདེ་སྐྱིད་འདུ་འཛིའི་རླུང་གིས་འཁྱེར། །ཡིད་མི་ཆགས་ཡུལ་གྱི་མཐའ་འཁོར་རེད། །
བུ་ང་འདྲ་ང་ངོ་མ་ཤེས་ན། །ཡུལ་གངས་ཅན་འཛིན་མའི་ལྟོ་བ་ནས། །
ས་མི་ཡུལ་ལྷུང་བའི་སྤྲང་པོ་སྟེ། །སེམས་ན་ཟུག་ལྡན་པའི་གངས་ཕྲུག་ཡིན། །
ང་གདང་དགུང་ཐོ་རམ་གཉིད་ལམ་དུ། །གངས་དཀར་པོ་རི་ཡི་རྩེ་མོ་ནས། །
རྟ་དཀར་པོ་བཞོན་པའི་བྲང་ཟི་ཞིག །བུ་ང་ལ་ལུང་བསྟན་འདི་འདྲ་གནང་། །
སྤྱིར་འཛམ་གླིང་བདེ་སྐྱིད་དཀྲུག་མ་དང་། །སྒོས་སངས་རྒྱས་བསྟན་པའི་དགྲ་བོ་སྟེ། །
ཡུལ་ནག་པོ་རྒྱ་ཡི་ལུང་པ་འདི། །དུས་ད་ལྟ་འདུ་བའི་དུས་ལ་འབབ། །
ལམ་དབུ་མ་ཐར་པའི་འཇའ་རྐས་རེད། །སེམས་སྒོམ་པ་མེད་ན་རེག་ཐབས་དཀའ། །
བོད་རང་བཙན་རྒྱ་ཡི་བླ་སྲོག་རེད། །ཕོ་རྒོད་པོ་མེད་ན་གཅོད་ཐབས་བྲལ། །
དུས་ད་ལྟ་དྲང་བདེན་འགྲོ་ས་མེད། །སེམས་གཡོ་རྒྱུས་ཆེ་ན་རྒྱལ་ཁ་ཡིན། །
ལས་མི་འོས་ལྐོག་ཏུ་བྱ་བ་ན། །དོན་བདེན་པ་དངོས་སུ་འགྲུབ་ལེ་རེད། །

 

རྩོམ་པ་པོ།  འབྲུག་རྒྱལ།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།