ཨང་སན་སུ་ཅི་

07/12/2009 13:25

ཨ་རིའི་མོ་ཊའི་བཟོ་གྲྭས་ཨང་སན་སུ་ཅི་ཆེད་ཁྱབ་བསྒྲགས་སྤེལ།

ཨ་མི་རི་ཀའི་མོ་ཊའི་བཟོ་གྲ་ཁརའེསེ་ལཱར་ཞེས་པས་འབར་མའི་དམངས་གཙོ་དོན་གཉེར་བ་ཨང་སན་སུ་ཅི་གློད་འགྲོལ་

དགོས་པའི་ཁྱབ་བསྒྲགས་སྤེལ་ཡོད་འདུག༎

                                    དཀོན་མཆོག་བོད་རང་བཙན་དྲ་ཚིགས།

དཔལ་འབྱོར་ཉམ་རྒུད་འོག་ནས་ཐར་ཐབས་བྱེད་བཞིན་པའི་ཨ་རིའི་མོ་ཊའི་བཟོ་གྲ་ཁརའེསེ་ལཱར་གྱིས་རེས་གཟའ་ཕུར་

བུའི་ཉིན་ཨ་རིའི་ནང་ཡོངས་གྲགས་བརྙན་འཕྲིན་བརྒྱུད་ལམ་ཐོག་སྤེལ་བའི་ཚོང་གི་གསལ་བསྒྲགས་ནང་འདས་པའི་

ལོ་ཉི་ཤུ་ནས་བཅུ་བཞིའི་རིང་དྲག་པོའི་གཞུང་གིས་བཟང་བཙོན་དུ་བཞག་པའི་འབར་མའི་དམངས་གཙོ་དོན་གཉེར་བ་

ཨང་སན་སུ་ཅི་མཆོག་གློད་འགྲོལ་གཏོང་དགོས་པའི་སྐུལ་མ་བཏང་བཞག་ མོ་ཊའི་བཟོ་གྲའི་གཙོ་འཛིན་ཨོ་ལི་ལྦར་ཕ་

རན་ཁོའེ་ཡིས་ང་ཚོས་བརྙན་འཕྲིན་དེ་བཞིན་འཛམ་གླིང་ནང་ཞི་བདེ་བསྐྲུན་ཆེད་དུ་རང་སྲོག་བློས་བཏང་གནང་མཁན་

རྣམས་ལ་ཆེ་མཐོང་རྒྱུ་དང་ཁེརའསེ་ལཱར་མོ་ཊ་བཟོ་གྲས་ཀྱང་འཛམ་གླིང་ཞི་བདེ་ལས་དོན་ཐོག་མཉམ་རུབ་བྱེད་རྒྱུའི་གོ་

སྐབས་བཟང་པོ་བཟུང་པ་ཡིན་ཞེས་གསལ་བཤད་གནང་འདུག

བརྙན་འཕྲིན་ཁྱབ་བསྒྲགས་ནང་ཁེརའསེ་ལཱར་མོ་ཊ་ནག་པོ་ཞིག་གི་ནང་ནས་ནོ་བེལ་ཞེ་བདེ་གཟེངས་རྟགས་བཞེས་མཁན་

བཞི་ཕྱིར་ཐོན་གནང་བཞིན་པ་སྟོན་ཡོད་པ་དང་དེ་རྗེས་མོ་ཊ་དཀར་པོ་སྟོང་པ་ཞིག་སྟོན་ཡོད་པ་དེས་ཨང་སན་སུ་ཅི་མེད་ལ་

མཚོན་གྱི་ཡོད་འདུག ཁྱབ་བསྒྲགས་དེ་ཐོག་མ་ཡོ་རོབ་་ནང་ཁེརའིསེ་ལཱར་གྱི་ཤོང་ཁག་བཟོ་གྲ་ལེན་སི་ཡ་ཡིས་སྟོན་ཡོད་པ་

དང་ཨ་རིའི་ནང་སྟོན་པ་དང་པོ་ཡིན་འདུག ཁྱབ་བསྒྲགས་དེའི་ནང་ཨུ་རུ་སུའི་དབུ་ཁྲིད་མི་ཁའེལ་གོར་བྭ་ཅོཔ་དང་པོ་ལེན་

ཌིའི་སྲིད་འཛིན་ཟུར་པ་ལེཁ་ལྦ་ལེ་ས་དང་ལྷོ་ཨཕ་རི་ཀའི་དབུ་ཁྲིད་ནེལ་སོན་མན་ཌེ་ལ་བཅས་བཏོན་བཞག

མོ་ཊའི་བཟོ་གྲ་ཚོས་ལོ་ཤས་གོང་ནས་དཔལ་འབྱོར་ཉམ་རྒུད་ནས་ཐར་ཐབས་ཀྱི་ལས་འགུལ་སྣ་ཚོགས་སྤེལ་བཞིན་པ་རེད་

དཔེར་ན་གོང་ཞུས་ལེན་སི་ཡ་མོ་ཊ་བཟོ་གྲས་ཕྱི་ལོ་༢༠༠༨ལོར་ཨ་རིའིགློག་བརྙན་འཁྲབ་མཁན་རི་ཆ་ཌི་གི་ཡར་ཁྱབ་

བསྒྲགས་ནང་བེད་སྤྱོད་བྱས་པ་རེད༎

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།