ཨ་རབ་སྐད་ཐོག་བརྙན་འཕྲིན་

26/07/2009 11:46

རྒྱ་ནག་གིས་ཨ་རབ་སྐད་ཐོག་བརྙན་འཕྲིན་ལས་རིམ་གསར་བཙུཌ།

RFA རླུང་འཕྲིན་ཁང་།

རྒྱ་ནག་གཞུང་གིས་གཟའ་སྤེན་པའི་ཉིན་ཨ་རབ་སྐད་ཡིག་ཐོག་གི་བརྙན་འཕྲིན་ལས་རིམ་ཞིག་གསར་དུ་འགོ་

བཙུགས་བྱས་ཡོད་པ་རེད།

༄༅༎རེས་གཟའ་སྤེན་པའི་ཉིན་རྒྱ་ནག་གཞུང་གིས་ཨ་རབ་སྐད་ཡིག་ཐོག་གི་བརྙན་འཕྲིན་ལས་རིམ་ཞིག་གསར་

དུ་འགོ་བཙུགས་བྱས་ཡོད་པ་དང་འདི་ནི་རྒྱལ་སྤྱིའི་ནང་རྒྱ་ནག་དམར་པོའི་གཞུང་གི་ལྟ་བ་ཁྱབ་སྤེལ་བྱ་རྒྱུའི་གཞི་

རྒྱ་ཆེ་བའི་ལས་དོན་གྱི་ཆ་ཤས་ཤིག་ཡིན་པ་རེད།     རྒྱ་ནག་གཞུང་འབྲེལ་སི་སི་ཊི་ལྦི་བརྙན་འཕྲིན་ལས་ཁང་གིས་

གསལ་བསྒྲགས་བྱས་པར་གཞིགས་ན་ཉིན་ལྟར་ཆུ་ཚོད་ཉི་ཤུ་རྩ་བཞིའི་རིང་ཨ་རབ་སྐད་ཡིག་གི་བརྙན་འཕྲིན་ལས་

རིམ་དེའི་ཐོག་གསར་འགྱུར་དང་རོལ་དབྱངས་དང་གཞས་རིགས་ལ་སོགས་པ་སྤྲོ་སྐྱིད་རང་བཞིན་ལྡན་པའི་ལས་

རིམ་དང་ཤེས་ཡོན་དང་འབྲེལ་བའི་ལས་རིམ་སོགས་ཡུལ་གྲུ་ཁག་ཉི་ཤུ་རྩ་གཉིས་ཀྱི་ནང་རྒྱང་སྲིང་བྱ་རྒྱུ་ཡིན་འདུག་

ཅིང་ཁྱོན་བསྡོམས་བརྙན་འཕྲིན་ལྟ་མཁན་མི་ས་ཡ་གསུམ་བརྒྱ་ཙམ་ལ་སྙོབས་ཐུབ་རྒྱུའི་དམིགས་ཡུལ་ཡོད་འདུག

སི་སི་ཊི་ལྦི་བརྙན་འཕྲིན་ལས་ཁང་གིས་གཙོ་འཛིན་གཞོན་པ་ཀྲང་ཆང་མིང་གིས་ཨ་རབ་སྐད་ཡིག་གི་བརྙན་འཕྲིན་

ལས་རིམ་འདི་ནི་རྒྱ་ནག་དང་ཨ་རབ་ཡུལ་གྲུ་ཁག་དབར་གྱི་འབྲེལ་ལམ་ཡར་རྒྱས་འགྲོ་རྒྱུ་དང་ཕྱོགས་ཕན་ཚུན་དབར་

གནད་དོན་གང་ཅིའི་ཐད་ཀྱི་གོ་རྟོགས་འཕེལ་བའི་བརྒྱུད་ལམ་གལ་ཆེ་ཞིག་ཆགས་རྒྱུ་ཡིན་པ་བརྗོད་འདུག

རྒྱ་ནག་གཞུང་འབྲེལ་གྱི་བརྙན་འཕྲིན་ལས་རིམ་ཐོག་དབྱིན་ཇི་དང་ཕེ་རན་སི།སེ་པེན་བཅས་ཀྱི་སྐད་ཡིག་ཡོད་མུས་མ་

ཟད་རིང་མིན་ར་ཤི་ཡའི་སྐད་ཡིག་ཡང་གསར་སྣོན་བྱེད་འཆར་ཡོད་པ་རེད།        རྒྱ་ནག་གཞུང་འབྲེལ་སི་སི་ཊི་ལྦིའི་

བརྙན་འཕྲིན་ལས་ཁང་བརྒྱུད་གསལ་བསྒྲགས་ཤིག་སྤེལ་འདུག་པ་དེའི་ནང་ཨ་རབ་སྐད་ཡིག་ཐོག་གི་བརྙན་འཕྲིན་

ལས་རིམ་དེ་མི་བཟོས་སྲུང་སྐར་བརྒྱུད་དཀྱིལ་ཤར་ཡུལ་གྲུ་ཁག་དང་བྱང་ཨཕ་རི་ཀ་དེ་བཞིན་ཨེ་ཤེ་ཡ་དང་ཞི་བདེ་

ྒྱ་མཚོའི་མངའ་ཁུལ་དུ་རྒྱང་སྲིང་བྱ་རྒྱུ་ཡིན་པ་བརྗོད་འདུག

གནད་དོན་དབྱེ་ཞིབ་པ་ཚོས་རྒྱ་ནག་གཞུང་གི་ལས་འཆར་འདི་ནི་ཕྱི་ཕྱོགས་ལ་གསར་འགྱུར་བརྒྱུད་ལམ་གྱི་ཐོག་

ནས་རྒྱ་ནག་གི་ཆེ་མཐོང་གོང་འཕེལ་གཏོང་ཐབས་ཀྱི་དམིགས་ཡུལ་ཆེན་པོ་ལྡན་པའི་ལས་དོན་ཞིག་ཡིན་པའི་བརྗོད་

བཞིན་ཡོད་པ་དང་འཛམ་གླིང་གི་ཡུལ་གྲུ་བརྒྱ་ཙམ་གྱི་ནང་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ལས་ཁང་གི་ལས་

ཁུངས་ཡོད་པར་མ་ཟད་ད་དུང་ཡང་རྒྱ་སྐྱེད་གཏོང་རྒྱུའི་འཆར་གཞི་ཡོད་པ་བརྗོ་དབཞིན་ཡོད་པ་རེད།

ཧོང་ཀོང་ནས་བཏོན་པའི་ལྷོ་རྒྱ་ནག་གི་ཕོ་ཉ་ཞེས་པའི་གསར་ཤོག་གི་ནང་རྒྱ་ནག་གཞུང་གིས་གསར་འགྱུར་ལས་

རིགས་ཡར་རྒྱས་ཀྱི་ཆེད་ཨ་རིའི་ཌོ་ལར་ཐེར་འབུམ་དྲུག་ཙམ་འགྲོ་གྲོན་ཟུར་བཅད་ཡོད་པའི་གནས་ཚུལ་བཀོད་

ཡོད་ཀྱང་རྒྱ་ནག་གཞུང་ཕྱོགས་ནས་དངུལ་འབོར་སྐོར་གསལ་བཤད་གང་ཡང་བྱས་མེད་པ་རེད༎

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།