སྡེབ་སྦྱོར་རིག་པ

14/11/2009 09:34

                                            ༄༅། །སྡེབ་སྦྱོར་རིག་པ  

སྡེབ་སྦྱོར་གྱི་རིག་པ་འདི་ནི་སྔོན་རྒྱ་གར་འཕགས་པའི་ཡུལ་དུ་དར་བའི་རིག་གནས་ཕུན་སུམ་ཚོགས་པ་ཞིག་དང་། ལྷག་

པར་ཚིགས་བཅད་ཀྱི་བསྟན་བཅོས་རྩོམ་པར་མེད་དུ་མི་རུང་བ་ཞིག་ཡིན། དེ་ཡང་ཚིགས་སུ་བཅད་པ་རྐང་བཞི་ཅན་གང་

ཞིག་ལེགས་པར་སྦྱར་བའི་ཚུལ་བསྟན་པ་དེ་སྡེབ་སྦྱོར་ལ་ཉེ་བར་མཁོ་བའི་གཞི་ཡིན་ལ། དེལའང་བྲྀ་ཏྟ་དང་ཛཱ་ཏིའི་དབྱེ་

བ་རྣམ་པ་གཉིས་སོ།།ཇི་སྐད་དུ། ཚིགས་བཅད་རྐང་བཞི་དེ་ཡང་ནི། །བྲྀཏྟ་ཛཱ་ཏི་ཞེས་རྣམ་གཉིས། །ཞེས་དང་། རིག་པ་སྙན་

དངགས་རྒྱ་མཚོ་ནི། །ཟབ་མོ་བརྒལ་འདོད་རྣམས་ཀྱི་རྒྱུ། །ཞེས་བྱུང་བ་ལྟར་ཙནྡྲ་པའི་སྒོ་ལས་དྲངས་པའི་སྡེབ་སྦྱོར་

བྲྀཏྟ་དང་ཛཱ་ཏི་གཉིས་སུ་ཡོད་པའི་གཉིས་ཀའང་ཚིགས་བཅད་རྐང་པ་བཞི་བའི་དབང་དུ་བྱས་པ་སྟེ།

དང་པོ། བྲྀ་ཏྟ།      སྡེབ་སྦྱོར་གང་གི་རྐང་པ་སོ་སོ་ལ་དབྱངས་ཀྱི་ཡི་གེ་བགྲངས་པ་ལ་བྲྀཏྟ་ཞེས་བྱ་སྟེ། དེ་ཡང་ཚིགས་སུ་

བཅད་པ་གང་གི་རྐང་པ་དང་པོ་ཇི་ལྟ་བ་དེ་ལྟར་རྐང་པ་གཞན་རྣམས་ཀྱང་འདྲ་བ་མཉམ་པའི་བྲྀཏྟ་དང་། གང་གི་རྐང་

པ་ཟུང་མིན་དང་པོ་དང་གསུམ་པ་འདྲ། ཟུང་གཉིས་པ་དང་བཞི་པ་འདྲ་བ་ཕྱེད་མཉམ་པའི་བྲྀཏྟ་དང་། བཞི་པོ་རེ་རེ་

ཞིང་མི་འདྲ་བ་ནི་མི་མཉམ་པའི་བྲྀཏྟའོ། །དེ་དག་ཀྱང་དབུས་ཕྲ་དང་ཉེར་བཀྲ། ཁ་སྒོ་ལ་སོགས་པ་གོ་རིམ་བཞིན་དུ་

མཉམ་པ་ལ་དབུས་ཕྲ་ནས་བཟློག་ཕྱོགས་འབབས་ཀྱི་བར་འདིར་དངོས་སུ་བསྟན་པ་བརྒྱད་ཅུ་དང་ཉེར་བསྐྱེད་བཅུ་

བཞིར་དབྱེ་བ་དང་དངོས་བསྟན་རྒྱུན་ཆགས་བརྒྱད་ཀྱང་བསྣན་པས་བརྒྱ་དང་བཅུའོ། །ཕྱེད་མཉམ་ལ་ཉེར་བཀྲ་སོགས་

བཅུ་གསུམ་དང་མི་མཉམ་པ་ལ་ཁ་སྒོ་སོགས་ཉེར་གཉིས་ཡོད་དོ། །

གཉིས་པ། ཛཱ་ཏི།          ཡི་གེའི་ངོ་གྲངས་བགྲང་དུ་མེད་པ་ཕྱི་མོ་བཟུང་བའི་སྡེབ་སྦྱོར་ནི་ཛཱ་ཏི་ཞེས་བྱ་སྟེ། སྔ་མ་ནི་ཡི་

གེ་བརྒྱད་ཡོད་པ་ལ་ཡི་གེ་བརྒྱད་པའི་སྡེབ་སྦྱོར་ཞེས་པ་ལྟ་བུའི་ཚབ་ཏུ་འདིར་ཕྱི་མོ་བརྒྱད་ཚང་དགོས་ཏེ། དེའང་

དབྱངས་ཐུང་ངུ་། གསལ་བྱེད་དབྱངས་གཅིག་པ་ཕྱི་མོ་གཅིག་པར་བགྲངས། དབྱངས་རིང་པོ། གསལ་བྱེད་དབྱངས་

གཉིས་པ་སྟེ་རིང་པོ་དང་མཚམས་སྦྱོར་གྱི་ཡི་གེ་སྲོག་ཏུ་ཞུགས་པ་སོགས་མདོར་ན། ལྕི་བ་རྣམས་ནི་ཕྱི་མོ་གཉིས་པར་

བགྲངས། གསལ་བྱེད་སྲོག་མེད་ནི་ཕྱེད་པར་བགྲངས་པ་ཡིན་ལ། དེ་ལའང་ཕྱི་མོ་འགོད་ཚུལ་དང་། རྐང་བཞི་མཉམ་

མི་མཉམ་ཕྱེད་མཉམ་གྱི་དབྱེ་བས་ཛཱ་ཏི་དང་། རོ་ལངས་ཅན་དང་། དམར་སེར་ཅན་གསུམ་གྱི་ནང་གསེས་བཅས་

སྡེབ་སྦྱོར་རིན་ཆེན་འབྱུང་གནས་སུ་གསུངས་པ་ལྟར་རོ། །       སྡེབ་སྦྱོར་གྱི་རིག་པ་འདི་ཐོག་མར་རྒྱ་གར་གྱི་

དྲང་སྲོང་གྲོག་མཁར་ཞེས་པས་མཛད་པར་གྲགས་ལ། ཐུབ་པ་དམར་སེར་གྱིས་སྡེབ་སྦྱོར་གྱི་རྩ་བའི་མདོ་དང་། སློབ་དཔོན་རྒྱལ་བའི་ལྷས་དེའི་འགྲེལ་པ་མཛད་ཅིང་འཆད་ཉན་ཅུང་དར། དེ་ནས་མཁས་དབང་རིན་འབྱུང་ཞི་བ་

དང་དཔལ་ཡེ་ཤེས། ཁྱད་པར་དུ་མཁས་དབང་རིན་ཆེན་འབྱུང་གནས་ཞི་བས་ཡོན་ཏན་བརྒྱད་ཀྱིས་ཁྱད་དུ་འཕགས་

པའི་བསྟན་བཅོས་སྡེབ་སྦྱོར་རིན་ཆེན་འབྱུང་གནས་མཛད་ཅིང་། རྒྱ་གར་དུ་སྡེབ་སྦྱོར་གྱི་རིག་པ་འདི་སྙན་

ངག་གི་གྲོགས་སུ་གྱུར་ཏེ་ཤིན་ཏུ་དར་ཆེ་བར་གྱུར། བོད་དུ་ས་སྐྱ་ཀུན་དགའ་རྒྱལ་མཚན་གྱིས་སྡེབ་སྦྱོར་གྱི་རིག་པ་

འདི་བོད་ལ་དར་བའི་ཀུན་སློང་གིས་སྡེབ་སྦྱོར་སྣ་ཚོགས་མེ་ཏོག་ཆུན་པོ་ཞེས་པ་མཛད་ཅིང་། རྗེས་སུ་སྨིན་

གླིང་ལོ་ཆེན་དང་། ཡར་ལུང་གྲགས་པ་རྒྱལ་མཚན། ཞྭ་ལུ་ཆོས་སྐྱོང་བཟང་པོ་སོགས་ཀྱིས་སྔ་རྗེས་སུ་སྡེབ་སྦྱོར་

རིན་ཆེན་འབྱུང་གནས་བསྒྱུར་ཅིང་འགྱུར་བཅོས་མཛད་དེ་བོད་དུ་དར་ཞིང་རྒྱས་པར་གྱུར་ཏོ། །      འོན་ཀྱང་

རྒྱ་གར་གྱི་སྡེབ་སྦྱོར་བོད་སྐད་ལ་ཇི་ལྟ་བ་བཞིན་མེད་ཀྱང་། སྔོན་བྱོན་མཁས་དབང་སྐད་གཉིས་སྨྲ་བ་རྣམས་ཀྱིས་རྒྱ་

བོད་ཤན་སྦྱར་གྱི་སྟེང་ནས་སྡེབ་སྦྱོར་ལྕི་ཡང་བསྒྲིགས་ཏེ་ལཉྫ་དང་ཝརྟུ་བོད་ཡིག་བཅས་སུམ་རྐང་བསྒྲིགས་པ་ནི་སྡེབ་

སྦྱོར་གྱི་མཛེས་པར་བྱེད་པ་ཡིན་པས་སྙན་ངག་གི་ཡན་ལག་ཡིན་ལ། གཞན་ལོ་ཙྭ་བ་རྣམས་ནས་ལེགས་སྦྱར་བོད་སྐད་

དུ་བསྒྱུར་པ་དང་། བསྒྱུར་ཟིན་པ་དག་པར་སྒྱུར་བཅོས་བྱེད་པ་ལྟ་བུའི་སྒོ་ནས་དར་ཞིང་རྒྱས། བོད་ཡིག་ལའང་སྡེབ་སྦྱོར་

བཞིན་ལྕི་ཡང་ཡོད་དེ། ལྕི་ཡང་གི་ཁྱད་པར་ནིཡང་གསལ་སྣང་མཛོདདུ་བཀོད་ཡོད་པ་ལྟར། ངལ་གསོའམ་

འཇོག་མཚམས་ནི། དཔེར་ན། པདྨ་ཡི་ལྟེ་བ་རུ། །གེ་སར་གྱི་ལང་ཚོ་ངོམ། རྐང་དྲུག་གི་གཤོག་གླུ་དེ། །རྣ་བ་ཡི་དཔལ་དུ་

གྲུབ། །ལྟ་བུ་རྣམས་ནི་ངལ་གསོ་ཡིན་ལ། ཡང་ངལ་གསོ་བ་མིན་ཡང་ཚིག་གི་ཡ་དང་ཆ་ཡི་སྦྱོར་ཚུལ་དཔེ་ན། དགུང་

སྔོན་པོའི་དབྱིངས་རིམ་ན། །བྱ་རྒོད་པོས་གཤོག་རྩལ་འགྲན། །ཐང་ཡངས་པོའི་ཐང་དཀྱིལ་ན། །རྟ་མགྱོགས་པོས་བང་

རྩལ་འགྲན། །ལྟ་བུ་ནི་བོད་ཀྱི་སྙན་ངག་གི་ཉམས་འདོན་ཚུལ་ཁྱད་པར་ཅན་ཞིག་ཡིན་ཞིང་དར་ཆེ་བར་གྱུར་པ་འདི་

དག་སྡེབ་སྦྱོར་གྱི་རིག་པ་ལགས་སོ།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།