སུ་ཇཱ་སློབ་གྲྭ

02/08/2009 22:37

སུ་ཇཱ་སློབ་གྲྭའི་སློབ་སྤྱི་བསོད་ནམས་སྲི་ཆོད་ལགས་སུ་བཅར་འདྲི།

དྲི་བ། དེང་སང་བོད་ནས་ཡོང་མཁན་ཉུང་དུ་ཕྱིན་ཡོད་པས། བོད་ཕྲུག་ཁྱིམ་སྡེ་སོགས་ལ་སློབ་མ་ཉུང་དུ་འགྲོ་བཞིན་

ཡོད་སྐོར་འདུག་པས། ད་ལྟ་སློབ་མའི་གནས་སྟངས་ག་འདྲ་རེད།
ལན། དེ་དངོས་ཡོད་གནས་ཚུལ་རེད། ད་ལོ་འབྱོར་བ་གྲངས་ཀ་ཧ་ཅང་ཉུང་ཉུང་རེད། ན་ནིང་བོད་ནང་གནས་ཚུལ་

བྱུང་བ་ནས་བཟུང། ད་ལོ་འཛུལ་མཁན་ཞེ་དྲག་ཉུང་བ་ཡོད། ད་དུང་རྗེས་མ་ག་ཚོད་འབྱོར་གྲབས་ཡོད་མེད་ང་ཚོས་

ཚོད་དཔག་ཐུབ་ཀྱི་མི་འདུག



དྲི་བ། སློབ་གྲྭ་ཁག་ལ་དགེ་རྒན་མང་པོ་རེད། ཕྲུ་གུ་ཉུང་དུ་ཕྱིན་པ་ཡིན་ན། དགེ་རྒན་གྱི་ལས་ཀའི་སྒང་ལ་དཀའ་

ངལ་ཡོད་དམ།
ལན། ད་ལྟ་སུ་ཇཱ་སློབ་གྲྭ་ཡིན་ན། དེ་འདྲའི་དཀའ་ངལ་གང་ཡང་མེད། ཕྲུ་གུ་མང་པོ་ཡོད་པའི་སྐབས་དགེ་རྒན་

གྲངས་ཀ་མང་པོ་རེད། ད་ལྟ་འཛིན་གྲྭའི་ནང་ཕྲུ་གུ་ཏོག་ཙམ་ཉུང་དུ་ཕྱིན་ཡོད་པ་རེད་དེ། དགེ་རྒན་ལྷག་མ་ལྷག་

སྡད་པ་དེ་འདྲ་གང་ཡང་མེད།

དྲི་བ། བོད་ཁྱིམ་སློབ་གྲྭའི་མཛད་སྒོའི་སྐབས་ྋསྐྱབས་མགོན་རིན་པོ་ཆེས་སློབ་སྦྱོང་འཐུས་ཤོར་ཆེན་པོ་ཕྱིན་སོང་

གསུངས་པ་རེད། ད་ལྟ་ཡར་རྒྱས་ཀྱི་ལས་འཆར་གསར་པ་ཡོད་དམ།
ལན། ལས་འཆར་གསར་པ་ཟེར་ནའང། ྋསྐུ་མདུན་ཁོང་གིས་བཀའ་སློབ་ཕེབས་པ་ནང་བཞིན་བྱས་ནས། སློབ་སྦྱོང་

ཐོག་ལ་འཐུས་ཤོར་གང་དུ་འགྲོ་ཡྀ་ཡོད་མེད་དེ་འདྲའི་ཉམས་ཞིབ་བྱེད་རྒྱུ་དང༌། ལྷག་པར་དུ་སྐད་ཡིག་ཐོག་ལ་ཡར་

རྒྱས་གཏོང་དགོས་པ་དང། ནང་ཆོས་ཐོག་ལ་བགྲོ་གླེང་བྱེད་རྒྱུ་ཡར་རྒྱས་གཏོང་ཐབས་སོགས་ཀྱི་སྐོར་ང་ཚོས་ཚོགས་འདུ་

མང་པོ་འཚོགས་པ་རེད། གང་ལྟར་ྋསྐུ་མདུན་གྱི་དགོངས་བཞེད་དེ་སྔ་མོ་ནས་རེད་ལ། བར་ལམ་ནས་ཡང་ཤུཌ་ཆེ་རུ་

ཕྱིན་པ་རེད། དེར་བརྟེན་ང་ཚོས་ག་ཚོད་ཐུབ་ཐུབ་ཀྱིས་དེ་འདྲའི་ཐོག་ལ་ཡར་རྒྱས་གང་འདྲ་གཏོང་དགོས་འདུག་ཅེས་

ཤུགས་ཆེ་བ་དེ་རེད། ད་ལོར་མཚོན་པ་ཡིན་ན། གཙོ་བོ་ཤུགས་ཆེ་བ་གཅིག་སྐད་ཡིག་ཐོག་ལ་ཤུགས་རྒྱག་གི་ཡོད་རེད།


དྲི་བ། སྤྱི་ཚོགས་ནང་ཡོངས་གྲགས་སུ་ཇཱ་སློབ་སྦྱོང་ཡག་པོར་བརྩི་ཡི་ཡོད་པ་རེད། བོད་ཁྱིམ་གཞན་དང་མ་འདྲ་བར་

སུ་ཇཱ་ལ་དམིགས་བསལ་ཁྱད་ཆོས་གང་ཡོད་པ་རེད།
ལན། ཁྱད་ཆོས་སློབ་ཕྲུག་ཚོ་བརྩོན་འགྲུས་ཆེན་པོ་དང། དོ་སྣང་ཆེན་པོ་རེད། ལོ་ཡང་ཏོག་ཙམ་ཆེན་པོ་འདྲ་རེད། དགེ་

རྒན་ལས་བྱེད་ཚོ་དངོས་གནས་ཧུར་ཐག་རེད། མཉམ་རུབ་ཀྱིས་ཐོག་ནས་གང་ལྟར་དགེ་རྒན་ལས་བྱེད་ཚོ་དང། སློབ་མ་

ཚོ། འཛིན་སྐྱོང་རེད། ཚང་མས་ཧུར་ཐག་བྱས་ནས་ཤུགས་བརྒྱབ་ཡོང་དུས། ཡག་པོ་ཆགས་ཀྱི་ཡོད་པ་རེད།    སློབ་མ་ཚོ་

ྋརྒྱལ་བ་རིན་པོ་ཆེ་མཇལ་ཁའི་ཆེད་དང། སློབ་སྦྱོང་བྱེད་དུ་ཡོང་བ་ཡིན་པས། ད་ལྟ་སློབ་སྦྱོང་ཐོག་ལ་ཕྱིའི་མཐུན་རྐྱེན་

ནི་འདང་ངེས་ཡོད་བཞིན་པ་རེད། ནང་གི་མཐུན་རྐྱེན་གཙོ་ཆེ་ཤོས་གཅིག་དགེ་རྒན་རེད། དགེ་རྒན་དང་ལས་བྱེད་མང་

ཆེ་བ་ལྷག་བསམ་རྣམ་དག་རེད། ལྷག་པར་དུ་ཡིག་ཚད་གྲུབ་འབྲས་འདྲ་ཡིན་ནའང་བོད་ཁྱིམ་ནང་ཁུལ་ལ་འཛིན་གྲྭ་

བཅུ་པ་བར་བལྟས་པ་ཡིན་ན་གང་ལ་གང་འཚམས་ཡག་པོ་ཐོན་ཐུབ་ཀྱི་ཡོད་པ་རེད།


དྲི་བ། སུ་ཇཱ་སློབ་གྲྭའི་ནང་སློབ་མ་མང་པོ་ཞིག་བོད་
ནང་ནས་སློབ་གྲྭར་ཕྱིན་ཡོད་པས། ད་ལྟ་སློབ་གསོ་རྒྱག་རྒྱུར་

དཀའ་ལས་འདུག་གམ།
ལན།  སློབ་གསོ་ཟེར་ནས་ང་ཚོས་དམིགས་སུ་བཀར་ནས་ཞུ་རྒྱུ་གང་ཡང་མེད། ཡིན་ནའང་མང་པོ་ཞིག་བོད་ནས་

ཉམས་མྱོང་བསགས་པས། ཁོ་རང་ཚོས་ཡང་མཁྱེན་གྱི་ཡོད་པ་རེད། མང་པོ་ཞིག་བོད་ནང་ལ་སྤྱོད་པ་ངན་པ་ཟེར་

ནའང་རེད། འཐུས་ཤོར་གང་ལ་གང་འཚམས་ཕྱིན་པ་དེ། འདི་ནས་ཡག་པོ་ཆགས་སོང་ཟེར་མཁན་གང་ལ་གང་

འཚམས་མང་པོ་ཡོང་གི་འདུག སློབ་གསོ་རྒྱག་རྒྱུ་ཁག་པོ་གང་ཡང་མི་འདུག ཁོར་ཡུག་གི་གནས་སྟངས་དང། སྐད་

ཆ་ཤེས་མ་ཤེས་དེ་འདྲ་ཕྲན་བུ་ཡོང་སྡོད་ཀྱི་འདུག གཉིས་ནས་སྒྲིག་འཛུགས་ཐོག་ནས་གུ་ཡངས་པོ་རེད། སོ་སོས་

སློབ་སྦྱོང་བྱེད་ཐུབ་རོགས་བྱས་ན་དངོས་གནས་དམ་དྲག་དེ་འདྲ་གང་ཡང་ཡོད་པ་མ་རེད།


དྲི་བ། ད་ལྟ་སུ་ཇཱ་སློབ་གྲྭར་བོད་ཁྱིམ་གཞན་པ་དང་མ་འདྲའི་དཀའ་ངལ་འདུག་གམ།
ལན། ད་ལོ་ང་ཚོར་དཀའ་ངལ་ཉུང་ཉུང་རེད། ཕྲུ་གུ་གྲངས་ཀ་ཉུང་ཉུང་རེད། ལོ་རྟག་པར། ཟླ་བ་རྟག་པར། མཚམས་

མཚམས་བདུན་ཕྲག་བདུན་ཕྲག་ནང་སློབ་མ་ལྔ་ཙམ། དྲུག་ཙམ། མཚམས་མཚམས་བཅུ་ཙམ། བཅོ་ལྔ་ཙམ་ཐོན་སོང་

དུས་འདིར་འཆར་གཞི་འཐེན་རྒྱུ་ཁག་པོ་འདུག འཛིན་གྲྭ་བང་རིམ་བཟོ་རྒྱུ་ཁག་པོ་རེད། དེ་བཞིན་བོད་ནང་ནས་

སློབ་སྦྱོང་བྱེད་མྱོང་མཁན་དང་མ་མྱོང་མཁན་དབྱེ་གསེས་གཏོང་རྒྱུ་ཡང་དཀའ་ངལ་ཆེན་པོ་ཞིག་རེད། འཕྲོད་བསྟེན་

ཐོག་ནས་ཏོག་ཙམ་དཀའ་ངལ་འཕྲད་སྡོད་ཀྱི་ཡོད་པ་རེད། བོད་ས་མཐོན་པོ་རེད། གྲང་མོ་རེད། འདིར་རྒྱ་གར་ནང་

ཚ་བའི་ལུང་པ་རེད། དེ་ནས་བོད་ནང་ནས་ན་ཚ་རྙིང་པ་དེ་ཚོ་འདིར་གང་ལ་གང་འཚམས་ལངས་ཡོང་བ་དང༌། དེའི་

ཐོག་ནས་ཕྲུ་གུ་ཕོ་བ་ན་བ་དང་མགོ་ན་བ་དེ་འདྲའི་གྲས་མང་པོ་ཡོང་གི་འདུག འཕྲོད་བསྟེན་ཐོག་ནས་ཁག་པོ་ཞིག་

དང༌། ཕྲུ་གུ་རྒྱུན་མ་ཆད་པར་འབྱོར་སྡོད་པ་དེར་འཆར་གཞི་སྒྲིག་རྒྱུ་དང༌། དགེ་རྒན་མཁོ་སྒྲུབ་བྱེད་རྒྱུར་དཀའ་ངལ་

ཕྲན་བུ་འཕྲད་སྡོད་ཀྱི་འདུག


དྲི་བ། བར་མཚམས་ཤིག་ལ་སུ་ཇཱར་ཊི་བྷི་ན་ཚ་མང་པོ་བྱུང་བ་རེད་ཟེར། བོད་ཁྱིམ་སྤྱི་ཁྱབ་ནས་སུ་ཇཱ་ལ་དམིགས་

བསལ་དོ་སྣང་བྱེད་རྒྱུ་དང་འགྲོ་སོང་ཐོལ་བ་བཏང་བ་དེ་འདྲ་བྱུང་ཡོད་དམ།
ལན། འགྲོ་སོང་ཐོལ་བ་ཟེར་བ་དེ་ང་ཚོས་ཡར་ཞུས་མ་ཞུས་རེད། སྤྱིར་བཏང་ང་ཚོའི་སློབ་གྲྭ་འདིའི་ནང་ནས་འགྲོ་

སོང་ཆེ་ཤོས་དེ་སྨན་རེད། གལ་ཏེ་ང་ཚོར་དེ་འདྲའི་འགྲོ་སོང་འགྲོ་ཡི་ཡོད་ན། དངོས་འབྲེལ་འགྲོ་སོང་གི་ཆ་ནས་

རྒྱབ་སྐྱོར་ཡོད་པ་རེད། ཕྲུ་གུ་གྲངས་འབོར་མང་དུ་འགྲོ་བའི་སྐབས་སུ། ཁ་ལག་ཐོལ་པ་སྤྲད་དགོས་པ་ཡིན་ནའང་

རེད། ཡང་སྨན་གྱི་རྒྱབ་སྐྱོར་ཐོལ་པ་དགོས་ནའང་རེད། གང་ལྟར་ག་ཚོད་དྲག་དྲག་བྱས་ནས་རྒྱབ་སྐྱོར་ཡོད་ཡོད་པ་

རེད།
དྲི་བ། རྒན་ལགས་ཀྱིས་ཕྱག་ལས་འགོ་བཙུགས་ནས་ད་ལྟ་བར་དུ་འཚར་ལོངས་བྱུང་བའི་ཕྲུ་གུ་སྤྱི་ཚོགས་ནང། གང་

ལ་གང་འཚམས་ཀྱི་ལས་ཀ་ཡག་པོ་བྱེད་མཁན། རྒན་ལགས་འདོད་པ་ཚིམས་པ་དེ་འདྲ་བྱུང་སོང་ངམ།
ལན། གྲངས་ཀ་འདི་
རེད་ཅེས་ཞུ་རྒྱུ་མེད། གང་ལ་གང་འཚམས་ཡོད་པ་རེད། སློབ་སྦྱོང་མཐར་ཕྱིན་མཁན་གང་

འཚམས་ཡོད་པ་རེད། མཐོ་རིམ་སློབ་གྲྭར་རིགས་གཅིག་རྐང་འཛིན་བྱེད་མཁན་དང། བཞུགས་སྒར་ནང་དུའང་

ཕྱག་ལས་གནང་སྡོད་མཁན་སོགས་མང་པོ་ཡོད་པ་རེད།


དྲི་བ། རྒན་གྱི་འོག་ནས་འཚར་ལོངས་བྱུང་ནས་སློབ་མ་དང་སློབ་ཟུར་ཚོར་བསླབ་བྱ་དང་འབོད་སྐུལ་འདྲ་གནང་

རྒྱུ་ཡོད་དམ།
ལན། ྋརྒྱལ་བ་རིན་པོ་ཆེའི་བཀའ་དང་མ་འགལ་བ་བྱས། བཀའ་དྲིན་བསམ་ཤེས་ཡོད་པ་བྱས། གལ་ཆེ་ཤོས་དེ་མ་

འོངས་པར་བོད་མི་རིགས་འདི་གསོ་སྐྱོང་བྱེད་དགོས་ཀྱི་ཡོད་ན། སློབ་སྦྱོང་ཐོག་ནས་བྱེད་ཐུབ་ཀྱི་རེད་མ་གཏོགས་

གཞན་པ་ང་ཚོར་ཁག་པོ་རེད། དེ་ལ་དཔག་པའི་གོ་སྐབས་དེ་འཕྲོ་བརླག་མ་སོང་བ་བྱེད་རོགས་གྱིས། གོ་སྐབས་དེ་

ཕྱི་ནང་གང་དུ་ཡིན་ནའང༌། བརྩོན་འགྲུས་བྱེད་རྒྱུ་དང། དེ་ལས་ལྷག་པ་ཕར་ཕྱི་ལོག་ལ་སླེབས་ཚར་དུས་ལམ་སྟོན་

བྱེད་མཁན་མེད་པའི་གནས་ཚུལ་ཐུག་དུས་རང་གིས་རིག་པ་བསྒྲིམས་ནས། ཧུར་ཐག་བྱེད་རོགས་གྱིས། མ་འོངས་

པར་ང་ཚོའི་བོད་རང་བཙན་ཐོབ་པའི་དབང་དུ་བཏང་ནའང། ང་ཚོ་ལ་མི་དགོས་ཀྱི་རེད། ཤེས་བྱ་ཡོན་ཏན་དགོས་

པའི་ཆ་ནས་གལ་ཆེ་ཤོས་སྒྲིག་འཛུགས་རེད། གང་ལྟར་ཧུར་བརྩོན་བྱེད་རོགས་གྱིས་ཟེར་རྒྱུ་ཡིན།།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།