ལྟེ་གནས་ཁང་སྒོ་རྒྱབ།

19/07/2009 10:08

རྒྱ་གཞུང་གིས་ཁྲིམས་རྩོད་པའི་ཞིབ་འཇུག་ལྟེ་གནས་ཁང་སྒོ་རྒྱབ།

RFA རླུང་འཕྲིན་ཁང་།

འགྲོ་བ་མིའི་ཐོབ་ཐང་ཐོག་རྩོད་ལེན་གནང་མཁན་གྱི་རྒྱ་ནག་གི་ཁྲིམས་རྩོད་པའི་ཞིབ་འཇུག་ལྟེ་གནས་ཁང་

ཞིག་བཙན་དབང་གི་སྒོ་ནས་སྒོ་རྒྱབ་འདུག

༄༅༎རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ཐོག་རྩོད་ལེན་གནང་མཁན་གྱི་རྒྱ་ནག་གི་ཁྲིམས་རྩོད་པའི་

ཞིབ་འཇུག་ལྟེ་གནས་ཁང་ཞིག་བཙན་དབང་གི་སྒོ་ནས་སྒོ་རྒྱབ་པ་དང་ལྟེ་གནས་ཁང་དེའི་ནང་གི་ཁྲིམས་

རྩོད་པ་རྣམས་སྤྱི་ཚོགས་ཐོག་རྒྱུང་མངའ་ཆེན་པོ་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་དང་སྤྱི་དམངས་ཀྱི་ཁེ་ཕན་

སྲུང་སྐྱོབ་ཐོག་རྒྱབ་སྐྱོར་བྱེད་མཁན་ཤ་སྟག་ཡིན་པ་རེད།

འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་གྱི་ཁྲིམས་རྩོད་པའི་ཞིབ་འཇུག་ལྟེ་གནས་ཁང་དེའི་མིང་ལ་

ཀོང་མེན་ཁྲིམས་མཐུན་ཞིབ་འཇུག་ལྟེ་གནས་ཁང་ཟེརཞིང་ཁོང་ཚོའི་འཕྲིན་གཏོང་དྲ་རྒྱའི་ཐོག་གསལ་བསྒྲཌ་

ཤིག་སྤེལ་བའི་ནང་རེས་གཟའ་པ་སངས་ཉིན་པེ་ཅིང་ས་གནས་སྲིད་གཞུང་གི་དཔོན་རིགས་ཡོང་སྟེ་ལྟེ་གནས་

ཁང་དེ་ནི་མཐུན་ཁྲིམས་ཀྱིས་གཞུང་ལ་དེབ་སྐྱེལ་བྱས་པ་ཞིག་མིན་པའི་འགྲེལ་བརྗོད་བྱས་ཏེ་ཀམ་པུ་ཊར་སོཌ་

ཅ་དངོས་ཡོངས་རྫོགས་གཞུང་བཞེས་བཏང་བ་མ་ཟད་སྒོ་རྒྱབ་དགོས་པའི་བཙན་བཀའ་བཏང་བའི་སྐོར་བཀོད་

ཡོད་པ་རེད།

ཀོང་མེང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་གྱི་ཁྲིམས་རྩོད་ཚོགས་པས་གསར་འཛུགས་གནང་བའི་

ཀོང་མེང་ཞིབ་འཇུག་ལྟེ་གནང་ཁང་ཟེར་བ་དེའི་ནང་དུ་མི་དམངས་ཀྱི་ཁེ་དབང་སྲུང་སྐྱོབ་ཀྱི་གྱོད་དོན་གལ་

འགངས་ཆེ་བ་འགའ་ཤས་ཤིག་རོགས་རམ་བྱེད་བཞིན་ཡོད་པའི་ཁོངས་སུ་ན་ནིང་རྒྱ་ནག་རྒྱལ་ཡོངས་སུ་ཕྲུ་གུའི་

འོ་རྩམ་ནང་དུག་རྫས་བསྲེས་ལྷད་བཏང་བའི་རྐྱེན་གྱིས་ཕྲུ་གུ་མང་པོ་ཞིག་རྐྱེན་ལམ་དུ་ཕྱིན་པ་དང་མང་པོ་ཞིག་

ནད་མནར་དུ་གྱུར་བའི་ཕ་མ་ཚོར་གུན་གསབ་ཐོབ་ཐབས་རོགས་རམ་བྱེད་པ་སོགས་སྤྱི་ཚོགས་ཐོག་རྩོད་གཞིར་

གྱུར་བའི་མི་དམངས་ཀྱི་ཁེ་དབང་སྲུང་སྐྱོབ་བྱེད་མཁན་ཞིག་ཡིན་པ་རེད།

ཡིན་ནའང་རྒྱ་ནག་གཞུང་འབྲེལ་ཉིན་རེའི་གསར་ཤོག་ཐོག་ལ་པེ་ཅིང་གི་སྤྱི་དམངས་ལས་དོན་ཁང་གི་དཔོན་

རིགས་ནས་ཀོང་མེང་ལྟེ་གནས་ཁང་དུ་སྔོག་བཤེར་བྱས་མེད་པ་མ་ཟད་ཀམ་པུ་ཊར་དང་ཡིག་ཆ་སོགས་གཞུང་

བཞེས་བཏང་བའི་གནས་ཚུལ་བྱུང་མེད་པའི་སྐོར་བཀོད་ཡོད་ཀྱང་ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་

བྱས་པའི་འགྲོ་བ་མིའི་ལྟ་རྟོགས་ཚོགས་པས་གསུངས་ན་རྒྱ་ནག་གཞུང་གིས་ད་རེས་བཙན་དབང་གིས་ཀོང་མེང་

ཞིབ་འཇུག་ལྟེ་གནས་ཁང་སྒོ་བརྒྱབ་པ་དེ་ནི་རྒྱ་ནག་ནང་གི་ཁྲིམས་རྩོད་པའི་ཐོབ་ཐང་རྩིས་མེད་དུ་གཏོང་བའི་

ཉེན་ཁའི་རྟགས་མཚན་ཞིག་ཡིན་པ་གསུངས་ཡོད་པ་རེད༎

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།