རྒྱ་ནག་ལ་ཉེན་བརྡ།

17/07/2009 16:45

རྒྱ་ནག་ལ་ཉེན་བརྡ།

བོད་ཀྱི་བང་ཆེན།

ཟླ་འདིའི་ཚེས་༡༥ ཉིན་རྒྱ་ནག་པེ་ཅིང་ནས་གནས་ཚུལ་སྤེལ་གསལ་ལྟར་ན། བྱང་ཨ་ཧྥི་རི་ཁར་ཡོད་པའི་རྒྱ་ནག་གི་

ལས་བཟོ་བ་ཡོད་སའི་ས་ཁུལ་དུ་རྒྱ་ནག་གི་ཚོང་དོན་ལས་འཆར་གཞི་རྒྱ་ཆེན་པོ་འགྲོ་བཞིན་ཡོད་པ་དེར།   ཁ་ཆེའི་

འཇིགས་སྐུལ་རིང་ལུགས་པ་ཆེ་ཤོས་ཨ་ལི་ཁེ་ཌ་ཚོགས་པས།     བདུན་གཅིག་གི་སྔོན་དུ་ཤིན་ཅང་གི་རྒྱལ་ས་ཨུ་ལུ་

མུ་ཆིར་ཁ་ཆེ་བ་མང་པོ་བསད་ཡོད་པའི་དགྲ་ཤ་ལེན་རྒྱུའི་ཉེན་བརྡ་བཏང་ཡོད་ལུགས་བརྗོད་ཡོད་པ་རེད།


    དེ་ཡང་དབྱིན་ལེན་དུ་རྟེན་གཞི་བྱས་ཡོད་པའི་འཇིགས་སྐུལ་རིང་ལུགས་པར་ཉམས་ཞིབ་བྱེད་མཁན་ཚོགས་པ་

ཞིག་གིས་གནས་ཚུལ་མཁོ་སྤྲོད་བྱེད་སྐབས། ཨ་ལི་ཁེ་ཌ་འཇིགས་སྐུལ་རིང་ལུགས་ཚོགས་པས་རྒྱ་ནག་ལ་འཇིགས་སྐུལ་

བྱས་པ་ཐོག་མ་ཡིན་ཞིང༌། འཇིགས་སྐུལ་བྱེད་དོན་ཡང་བདུན་སྔོན་མ་ཁ་ཆེ་བ་མང་པོའི་སྲོག་ཤོར་ཡོད་པའི་མ་ཚད། རྒྱ་ནག་གཞུང་གིས་ཁ་ཆེའི་ཆོས་ལུགས་ལ་འཇིགས་སྐུལ་བྱས་ནས། ཁ་ཆེའི་ལྷ་ཁང་༢༠ ལྷག་ཙམ་སྒོ་བརྒྱབ་ནས་དེང་

སྐབས་ཁ་ཆེ་བ་ཚོས་ཆོས་བྱེད་འདོད་ཀྱང་བྱེད་ས་མེད་པའི་རྐྱེན་གྱིས། དཀའ་ངལ་མང་པོ་འཕྲད་བཞིན་ཡོད་པ་རེད་

ཅེས་བརྗོད་ཡོད་པ་རེད།


    ཉེ་དུས་ཁ་ཆེའི་རྒྱལ་ཁབ་མི་འབོར་མང་ཤོས་ཨིན་རྡུ་ནེ་ཤི་ཡའི་མི་མང་པོས་རྒྱ་ནག་ལ་ངོ་རྒོལ་གྱི་ཁྲོམ་སྐོར་གཞི་

རྒྱ་ཆེན་པོ་བྱས་ཡོད་ཅིང༌། དེ་བཞིན་འཛམ་གླིང་ཁ་ཆེའི་རྒྱལ་ཁབ་ཁག་གིས་ཤིན་ཅང་གི་གནད་དོན་ལ་དོ་སྣང་ཤུཌ་

ཆེ་རུ་འགྲོ་བཞིན་ཡོད་པས། རྒྱ་ནག་གཞུང་གིས་དྲག་པོའི་དམག་དཔུང་བཏང་ནས་ཤིན་ཅང་གི་ས་ཁུལ་ཁག་ལ་དམ་

དྲག་ཤུགས་ཆེ་རུ་བཏང་ཡོད་པ་རེད།།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།