རྒྱ་ནག་ཏུ་བཙོན་འཇུག།

17/07/2009 09:08

རྒྱ་ནག་ཏུ་ཁོར་ཡུག་སྲུང་སྐྱོབ་དོན་གཉེར་མཁན་བཙོན་འཇུག།

RFA རླུང་འཕྲིན་ཁང་།

རྒྱ་ནག་ནང་ཁོར་ཡུག་དོན་གཉེར་ཅན་གྱི་མི་སྣ་ཞིག་དང་ཁོང་གི་བོུ་གཉིས་ལ་ངལ་རྩོལ་བསྒྱུར་བཀོད་ར་བའི་

ནང་བཙོན་འཇུག་བྱས་ཡོད་འདུག

༄༅༎རྒྱ་ནག་ནང་ཁོར་ཡུག་དོན་གཉེར་ཅན་གྱི་མི་སྣ་ཞིག་དང་ཁོང་གི་བོུ་གཉིས་ལ་ཁྲིམས་བཤེར་གང་ཡང་མེད་

པར་རྒྱལ་ཁབ་ཀྱི་གསང་བ་ཕྱི་གྱར་བྱས་པའི་སྐྱོན་འཛུགས་འོག་ངལ་རྩོལ་བསྒྱུར་བཀོད་ར་བའི་ནང་བཙོན་འཇུག་

བྱས་ཡོད་པའི་གནས་ཚུལ་ཐོན་འདུག       རྒྱ་ནག་གི་ཀན་སུ་ཞིང་ཆེན་ནས་ཡིན་པ་དགུང་གྲངས་༥༥སོན་པའི་

སཱན་ཞའོ་ཏི་ཡི་བཟའ་ཟླ་ཧུ་ཅན་ཧོང་གིས་ཕེ་རན་སི་གསར་འགྱུར་ལས་ཁང་ལ་གནས་ཚུལ་ངོ་སྤྲོད་བྱས་པར་གཞིཌ་

་ན་ཁོང་གི་བཟའ་ཟླ་སཱན་ཨའོ་ཏི་ལ་ངལ་རྩོལ་བསྒྱར་བཀོད་ར་བའི་ནང་ལོ་གཉིས་རིང་བཙོན་འཇུག་གི་ཉེས་ཆད་

བཀལ་ཡོད་པ་དང་ཡང་ལོ་ན་༢༥ཡིན་པ་ཁོང་གི་བོུ་སཱན་ཧའེ་དབྱན་ཞུ་བ་དེར་ཟླ་བ་བཅུ་གཉིས་རིང་ངལ་རྩོལ་

བསྒྱུར་བཀོད་ར་བའི་ནང་བཙོན་འཇུག་གི་ཉེས་ཆད་བཀལ་ཡོད་པ་རེད།

གནས་ཚུལ་ནང་བཀོད་པར་གཞིགས་ན་སཱན་ཞའོ་ཏི་ཞུ་བ་ཁོང་དེ་སྔ་ཀན་སུ་ཞིང་ཆེན་ནང་ཡུ་རེ་ནིཡེམ་འམ་རྡུལ་

ཕྲན་རྫས་འགྱུར་གྱི་གཏེར་མཛོད་ཀྱི་ལས་མི་ཞིག་ཡིན་པ་དང་ཁོང་གིས་༡༩༨༨ནས་བཟུང་གཏེར་ཁ་བསྔོག་འདོན་

ལ་རྐྱེན་པས་ས་གནས་ཀྱི་ཁོར་ཡུག་ལ་ཉམ་ཆགས་ཚབས་ཆེན་བཏང་བའི་གནད་དོན་སྐོར་ལས་འགུལ་བསྟུད་མར་

སྤེལ་ཡོད་པ་རེད།  སཱན་ཞའོ་ཏི་དང་ཁོང་གི་བོུ་སཱན་ཧའེ་དབྱན་གཉིས་ཉེ་སྔོན་ཕྱི་ཟླ་དྲུག་པའི་ཚེས་བཅུ་དྲུག་ཉིན་

འཛིན་བཟུང་བྱས་ཡོད་པ་རེད།         སཱན་ཞའོ་ཏི་ཡི་བཟའ་ཟླས་བརྗོད་ན་རེས་གཟའ་ཕུར་བུའི་ཉིན་འབྲེལ་ཡོད་

གཞུང་འབྲེལ་མི་སྣས་ཁོང་ལ་འབྲེལ་གཏུགས་བྱས་ཐོག་ཁོང་གི་བཟའ་ཟླས་དེ་སྔ་༡༩༩༤ལོར་ཕྱི་རྒྱལ་གསར་འགྱུར་

བརྒྱུད་ལམ་ཁག་ལ་ཡུ་རེ་ནིཡེམ་རྫས་འགྱུར་གཏེར་ཁ་བསྔོག་འདོན་བྱས་པའི་རྐྱེན་ས་གནས་ཀྱི་ཁོར་ཡུག་ལ་གནོད་

འཚེ་ཇི་ལྟར་བཏང་བའི་སྐོར་གནས་ཚུལ་ངོ་སྤྲོད་བྱས་པ་དང་དེ་བཞིན་ཁོང་གི་བོུས་ཕྱི་ཕྱོགས་ལ་གཏེར་ཁ་སྔོག་འདོན་

དང་འབྲེལ་བའི་གནས་ཚུལ་མཁོ་སྤྲོད་ཀྱི་ལག་འབྲེལ་བྱས་པའི་རྐྱེན་ཁོང་གཉིས་ངལ་རྩོལ་བསྒྱུར་བཀོད་ར་བའི་ནང་

བཙོན་འཇུག་གི་ཉེས་ཆད་བཀལ་ཡོད་སྐོར་བརྡ་ལན་སྤྲད་ཡོད་པ་རེད།

རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་ཞེས་པའི་བརྗོད་ན་སཱན་ཞའོ་ཏི་ཡིས་ཀན་སུ་ཞིང་ཆེན་གྱི་ཏེའུ་

པུ་ས་ཁུལ་ནང་ཡུ་རེ་ནིཡེམ་འམ་རྡུལ་ཕྲན་རྫས་འགྱུར་གྱི་གཏེར་ཁང་ཨང་གྲངས་༧༩༢ཞེས་པའི་ནང་གཏེར་ཁ་སྔོག་

འདོན་བྱེད་མཁན་ལས་མི་རྣམས་ཀྱི་གནས་སྟངས་དང་ལྷག་པར་དུ་ཡུ་རེ་ནིཡེམ་སྔོག་འདོན་ལ་རྐྱེན་པས་ས་གནས་ཀྱི་

ཡུལ་མིའི་ནང་སྐྲན་ནད་ཁྱབ་བརྡལ་འགྲོ་བ་སོགས་འཕྲོད་བསྟེན་གྱི་ཉེན་ཚབས་ཇེ་ཆེར་འགྲོ་བའི་སྐོར་གནས་ཚུལ་ཕྱིར་

འདོན་གྱི་ལས་འགུལ་སྤེལ་ཡོད་པ་རེད༎

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།