རིག་གནས་སྤྱིའི་ངོ་བོ

14/11/2009 09:50

                  ༄༅།། རིག་གནས་སྤྱིའི་ངོ་བོ་དང་བསྡུ་རིམ་གསལ་བཤད།  གང་ཡང་ཤེས་བྱའི་གནས་ལ་མཐའ་མ་མཆིས་པ་དེ་ཕྱིར་རིག་པའི་གནས་ལའང་ཚད་མེད་པས་བློ་གྲོས་ཞིབ་མོའི་བདེན་

ཁ་ལ་བཞག་སྟེ་ངོས་འཛིན་ཞིབ་བརྡར་གཏོང་དགོས་པ་ལ། སྤྱིར་རིག་གནས་ཞེས་པ་ནི། ཤེས་པར་བྱ་བའི་ཡུལ་རིག་པའི་

གནས་སམ་ཡུལ་རིག་པའི་རབ་ཏུ་ཕྱེ་བའི་གནས་ཤིག་ལ་ཟེར་ཞིང་། མདོར་བཤད་ན། ཤེས་པར་བྱ་རྒྱུའམ་རིག་པར་བྱ་

རྒྱུའི་ཡུལ་ལམ་གནས་ཏེ་རྟོགས་པའི་བདག་ཉིད་ཅན་ཞིག་ལ་ངོས་འཛིན་དགོས་པ་ལས། རིག་གནས་དེ་གཞུང་ལུགས་

རེ་འགའ་བ་ཞིག་ལ་ངོས་འཛིན་པར་མི་རིགས་སོ།           

སྒྲ་བཤད་དུ། ཤེས་པ་དང་རིག་པ་དོན་མཚུངས་པས་ཤེས་པར་བྱ་བའི་ཡུལ་ལམ་རིག་པར་བྱ་བའི་གནས་ཡིན་པས་དེ་

ལྟར་བརྗོད་པའོ། །ཞེས་ཟེར་ཡང་། རིག་གནས་ཀྱི་གཞུང་དང་རིག་གནས་གཉིས་མི་འདྲ་བའི་ཚུལ་དུ་ཡོད་པས་རིག་

གནས་ཀྱི་གཞུང་ལ་སློབ་གཉེར་ཆེ་ཐང་དུ་བྱས་པ་ལས་རིག་གནས་ཅན་ཞིག་ཏུ་འགྱུར་དགོས་པ་ཡིན་ནོ། དེ་ལ་རྒྱས་

པར་དབྱེ་ན། རྒྱ་རོལ་སོགས་སུ་སྒྱུར་རྩལ་གོ་བརྒྱད་དང་། མདོ་སྡེ་རྒྱན་དུ་བཟོ་སྦྱངས་བཅོ་བརྒྱད།།                       བརྟག་པ་རྣམ་པ་བརྒྱད་སོགས་སུ་དབྱེ་བའི་རྣམ་གྲངས་རྣམས་བསྡུས་ན་སྒྱུ་རྩལ་རེ་བཞི་ལས་མ་འདས་ཤིང་། སྒྱུར་རྩལ་

རེ་བཞིའི་ཐད་ལ་ལུང་ཕྲན་ཚེགས་ཀྱི་འགྲེལ་བ་དང་བྱེ་བྲག་རྟོགས་བྱེདལས་བཤད་ཚུལ་རྣམ་པ་

གཉིས་བྱུང་བ་རྣམས་ཀྱང་རིག་པའི་གནས་བཅོ་བརྒྱད་དུ་འདུ་བར་ལམ་རིམ་བརྗེད་བྱང་དུ་གསུང་སོ།

དེ་ལ་འདུལ་བདང་། ཀོ་ས་ལའི་རྒྱན》《མཛོད》《དུས་འཁོར་ལས་བཤད་ཚུལ་

མི་འདྲ་བ་བཞི་བྱུང་ལུགས་སྣང་ཡང་། རིགས་པའི་ལམ་ནས་རྙེད་པའི་གཏན་ཚིགས་ནི། །ལུང་དང་འགལ་ཡང་རྒྱལ་

བས་དཔང་བཙུགས་པས། དོན་ལྡན་གཏམ་དང་གྲོས་ཁ་མཐུན་པའི་ཚིག །ག་ལེར་སྨྲ་ལ་ཤེས་ལྡན་སུ་མི་དད། ཅེས་

ཀྱང་སྨྲ་ན། རིག་པའི་གནས་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་མང་དུ་སྣང་ནའང་སྐབས་

དོན་ནང་བའི་རིག་གནས་ནི། རིག་པའི་གནས་བཅུ་དང་། དེ་ཡང་རིག་གནས་ཆེ་བ་ལྔ་དང་། བསྡུས་ན་ཚར་གཅད་

པ་དང་། རྗེས་སུ་གཟུང་བ། ཀུན་ཤེས་པའི་རིག་པའི་གནས་གསུམ་དུ་འདུ་བར་སྡེ་རྒྱན་དུ་གསུངས་པ་ལྟར་རོ།

དེ་ཡང་སྤྱིར་བསྡུས་ན་ཕྱི་ནང་གི་རིག་གནས་གཉིས་སུ་འདུ་སྟེ། ཕྱི་ནང་ཐུན་མོང་བའི་རིག་གནས་དང་། ནང་དོན་རིག་

པ་གཉིས་ལས་གཞན་དུ་མེད་དོ།

 མདོར་བཤད་ན་རིག་པའི་གནས་མཐའ་དག་བཟོ་རིག་པའི་ནང་དུ་མ་འདུས་པ་མེད་པར་བསྟན་བཅོས་སུ་གསལ་ལ། 

རྩ་བའི་སྟེང་གནས་གསུམ་གྱི་བྱ་བ་དོན་དུ་འཇུག་པར་བཟོ་བའི་རིག་པ་ཡིན་པའི་ཕྱིར་རོ།            རིག་གནས་བཅུ་ལ་

འདྲེན་ལུགས་སྣ་ཚོགས་ཤིག་བྱུང་ཞིང་། ཡོངས་གྲགས་སུ་སྨྲ་ངན་ཚར་གཅོད་སྒྲ་དང་ཚད། ཅེས་སོགས་དང་། སྐར་རྩིས་

སྙན་ངག་སྡེབ་སྦྱོར་དང་། ཞེས་སོགས་ཀྱི་སྐབས་ནས་དྲངས་པ་ལྟར་རྒྱུགས་ཆེའོ། །དེ་ལྟར་རིག་གནས་ལྔ་ཕྲག་གཉིས་ཀྱི་

གྲངས། མེས་པོ་གོང་མའི་གསུང་གི་མེ་ཏོག་ཆར། ཅིར་ཡང་བབས་པས་བློ་ལྡན་ཡིད་ཀྱི་ས། བརླན་པར་བྱས་པའི་དགེ་

མཚན་ཨེ་མ་རྨད། ཅེས་བསྔགས་པའི་ཡུལ་ཕུན་སུམ་ཚོགས་པ་རྣམས་ལས་རིག་གནས་ཆེ་བ་ལྔའི་རྣམ་གཞག་རགས་

ཙམ་བཤད་པའོ།།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།