ཚོགས་པ་ཁག་ལ་སྐྱོན་བརྗོད།

01/04/2012 14:31

 

ཨང་སན་སུ་ཀི་མཆོག་གིས་སྲིད་དོན་ཚོགས་པ་ཁག་ལ་སྐྱོན་བརྗོད།

 

འབར་མའི་ཕྱོགས་འགལ་དམངས་གཙོ་ཚོགས་པའི་དབུ་ཁྲིད་ཨུན་སན་སུ་ཀི་མཆོག་གཟའ་འཁོར་སྔོན་མའི་ནང་སྐུའི་སྙུན་གཞི་བྱུང་རྗེས་ད་རེས་མི་མང་གི་དཀྱིལ་ལ་འདོན་ནས་གསུང་བཤད་གནང་བ་ཐོག་མ་ཡིན་པ་དང་། དེའང་ཁོང་གིས་གསུངས་ན་འབར་མའི་ནང་ལོ་རྒྱུས་སུ་གྲགས་པའི་སྤྱི་ཡོངས་འོས་བསྡུའི་ལས་འགུལ་དེ་རེས་གཟའ་ཉི་མའི་ཉིན་འགོ་འཛུགས་གནང་རྒྱུ་ཡིན་ཡང་། ད་ཡོད་སྲིད་དོན་ཚོགས་པ་འགའ་ཤས་ཀྱིས་འོས་བསྡུའི་ལས་འགུལ་ལ་དོ་ཕོག་འགྲོ་གཞིའི་ལས་འགུལ་སྤེལ་གྱི་ཡོད་པའི་སྐྱོན་འཛུགས་གནང་ཡོད་པ་རེད།
ཨུན་སན་སུ་ཀི་མཆོག་གིས་མུ་མཐུད་དེ་གསུངས་པར་འབར་མའི་དམངས་གཙོ་ཚོགས་པར་འགྲན་སྡུར་བྱེད་མཁན་སྲིད་དོན་ཚོགས་པ་ཚོས་དམངས་གཙོ་ཚོགས་པའི་འོས་འདུའི་བབས་ཚུགས་དང་དེབ་འཁྱེར་བྱེད་སའི་ས་གནས་དང་དེ་བཞིན་ཁོང་ཚོའི་འོས་མི་བཅས་པར་རྨས་སྐྱོན་བཏང་བ་སོགས་ཀྱི་འོས་བསྡུའི་ལས་འགུལ་ལ་འགོག་རྐྱེན་བཟོ་བའི་གནས་སྟངས་དེ་ཚོ་ཤིན་ཏུ་མི་འོས་པའི་བྱེད་སྟངས་ཤིག་རེད་ཅེས་སྐྱོན་འཛུགས་གནང་ཡོད་པ་རེད། 
ཨ་མི་རི་ཁ་དང་ནུབ་ཕྱོགས་ཡུལ་གྲུ་ཁག་གིས་འབར་མའི་ནང་འོས་བསྡུའི་ལས་འགུལ་དྲང་བདེན་ངང་ལག་བསྟར་བྱེད་ཐུབ་པ་ཡིན་ན་དཔལ་འབྱོར་གྱི་དམ་བསྒྲགས་བཀག་འདོམས་ཕྱིར་བསྡུ་བྱ་སྲིད་པའི་སྐོར་གསུངས་ཡོད་པ་སོགས་ཀྱི་གནས་ཚུལ་ཐོན་འདུག།

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།