ཚགས་ཤོག་ཆུང་ཤོས

23/10/2009 12:39

ལག་མཐིལ་ནང་ཤོང་བའི་ཚགས་ཤོག

ཚགས་ཤོག་འདིས་འཛམ་གླིང་རྒྱལ་ཁབ་སི་པེའན་དང་དབྱིན་ཡུལ༌། ཕིའན་ལེནཌ་དང་སུ་ཝི་ཌན། ཨར་ཇཱན་ཊི་ནཱ་

དང་བཱི་ར་ཛིའལ་དང་ཨ་རི་ལ་སོགས་པ་མང་པོ་ཞིག་གི་དོ་སྣང་སླེབས་ས་གཅིག་ཆགས་ཡོད།

                                           

ཚགས་ཤོག་འདི་བཱི་ར་ཛིའལ་གྱི་བདུན་རེའི་ཚགས་ཤོག་ཝོ་སཱ་སིན་ཧོ་རི་ཡཱ་༼ Vossa Senhoria༽ཟེར་བ་ཞིག་ཡིན་པ་

དང་དེ་ནི་ཟླ་རེར་༧༠༠༠ ཙམ་ཚོང་འགྲེམས་ཡོང་གི་ཡོད། ཚགས་ཤོག་འདི་ཁ་ཞེང་སེན་ཊི་མི་ཊར་གཉིས་དང་ཕྱེད། རིང་ཚད་སེན་ཊི་མི་ཊར་གསུམ་དང་ཕྱེད་ཀ་ཡོད་འདུག ཚགས་ཤོག་གི་ནང་སྡེ་ཚན་མི་འདྲ་བ་ཁ་ཤས་ཡོད་པ་རྣམས་

ནི་ཕྲུ་གུའི་སྡེ་ཚན་དང་རྩོམ་འབྲི་ས་མིག དེ་བཞིན་སྙན་ཚིག་དང་འདྲ་པར། ཆབ་སྲིད་དང་འབྲེལ་བའི་གནས་ཚུལ།

གླ་ཡོད་གསལ་བསྒྲགས་སོགས་ཡོད་ལ། ཚགས་ཤོག་འདི་ཕྱི་ལོ་༡༩༣༥ ལོར་ལིའོ་ནིའ་ཌ་སིས་ཟེར་བ་ཞིག་དཔར་བསྐྲུན་

ཁང་ཞིག་ཏུ་ལས་ཀ་བྱེད་མཁན་ཡིན་པར་ཁོང་གི་གསར་གཏོད་བྱས་པ་ཞིག་རེད་འདུག ཚགས་ཤོག་འདིའི་ཐོག་ལས་

ཀ་བྱེད་མཁན་ད་ལྟ་མི་སྣ་ལྔ་ཡོད་འདུག ཚགས་ཤོག་འདིའི་རིན་པ་ཨ་སྒོར་གཉིས་རེ་ཡིན་པ་དང་ལོ་གཅིག་གི་རིང་

མངག་ཉོ་བྱེད་ན་ཨ་སྒོར་ཉེར་ལྔ་ཡིན་འདུག

སྤྱིར་སྟངས་འཛམ་གླིང་གི་ཚགས་ཤོག་ཆུང་ཤོས་འདི་མངགས་ཉོ་བྱེད་མཁན་ཡོད་ཚེ་ཚོགས་པ་འདིས་འཛམ་གླིང་

གང་དུ་གཏོང་དགོས་ཀྱི་ཡོད་ཀྱང་གཏོང་གི་ཡིན་ལབ་ཀྱི་ཡོད་འདུག འཛམ་གླིང་ལོ་རྒྱུས་དང་ལྡན་པའི་གྷི་ནིསི་

དེབ་ནང་ཚགས་ཤོག་འདི་འཛམ་གླིང་ནང་གི་ཚགས་ཤོག་ཆུང་ཤོས་ཡིན་པ་ངོས་འཛིན་བྱས་ཡོད་པ་རེད།།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།