བོད་ཡུལ་ཆགས་ཚུལ་

13/07/2009 10:21

གཉིས་པ། བོད་ཡུལ་ཆགས་ཚུལ་བཤད་པ།

བོད་ཡུལ་ཆགས་ཚུལ་བཤད་པ་ལ།

 ཐོག་མར་འཛམ་གླིང་སྤྱིའི་ཆགས་ཚུལ་རགས་རིམ་མཚམས་སྦྱོར་གྱིས་བཤད་དགོས་ཤིང༌། དེ་མ་བཤད་ན་

བོད་ཡུལ་ཆགས་ཚུལ་གྱི་ལོ་རྒྱུས་རབ་རིབ་ཙམ་ལས་བཤད་དཀའ་བ་དང༌། བོད་ནི་འཛམ་གླིང་གི་ཆ་ཤས་

ཆུང་ཆུང་ཞིག་ཡིན་པས་སྤྱིར་འཛམ་གླིང་ཆགས་ཚུལ་རགས་ཙམ་ངེས་ན། བོད་ཀྱི་ཡུལ་ལྗོངས་ངོ་འཕྲོད་པ་

ལ་དགེ་ཕན་ཆེན་པོ་ཡོད།  དེས་ན་འཛམ་གླིང་སྤྱིའི་བྱུང་རིམ་བཤད་པ་དང༌།   བོད་ཀྱི་ཡུལ་ལྗོངས་ཆགས་

ཚུལ་བཤད་པའོ། །
དང་པོ།   འཛམ་གླིང་གི་ལོ་རྒྱུས་ཁག་ཏུ་འདི་ནས་ལོ་ས་ཡ་ ༣༦༠ ཡི་སྔོན་ལ་འཛམ་གླིང་ས་ཁྱོན་མང་ཆེ་

ཤོས་གོ་ལའི་དཀྱིལ་གྱི་འཕྲེད་ཐིག་གི་ལྷོ་ངོས་ལ་གོང་བུ་ཆེན་པོ་གཅིག་དང༌། བྱང་ངོས་སུ་དུམ་བུ་ཆུང་ཆུང་

ཁ་ཤས་ཆགས། འདི་ནས་ལོ་ས་ཡ་ ༡༨༠ཡི་སྔོན་དུ་འཛམ་གླིང་ས་གཞི་གོང་བཤད་འཕྲེད་ཐིག་དཀྱིལ་ངོས་

ནས་ལྷོ་བྱང་གཉིས་ཀའི་ཕྱོགས་སུ་རྒྱ་ཁྱོན་དང་ཆེ་ཆུང་སྙོམས་པ་ལྟ་བུའི་གཅིག་གྱུར་ཏུ་ཁྱབ་སོང་ཞིང༌།

མིང་ལ་པན་གྷེའི་ཡ་ངཎརྣཐྲཎྟཎཞེས་ཟེར། སྐབས་དེར་མཐའ་སྐོར་ནས་པཱན་ཐ་ལ་སི་ས་ངཎརྣྤདཎརྡཎཔྲ

པྲཎཞེས་པའི་རྒྱ་མཚོ་ཆེན་པོ་གཅིག་གིས་བསྐོར་ཡོད། སྨིན་དྲུག་ཟེར་བའི་སེམས་ཅན་འདི་ཙམ་ནས་བྱུང་

བར་བཤད། འདི་ནས་ལོ་ས་ཡ་ ༡༢༠ སྔོན་ལ་ལྷོ་བྱང་གཉིས་ཀར་སྙོམས་པའི་གཅིག་གྱུར་གྱི་གོ་ལ་དེ་གོང་

བཤད་འཕྲེད་ཐིག་ནས་ལྷོ་ཕྱོཊ་སུ་གྷོན་ཌི་ཝཱ་ན་ལེའན་ཌི་གྣརྣརྟཕཎརྣཎརྡཎརྣརྟཟེར་བ་ཞིག་དང༌། བྱང་

ངོས་ནས་ལུའུ་ར་སི་ཡ་རྒཎསྤྱཔྱཎཔྲདྲཎཟེར་བའི་ས་གཞི་ཕྱེད་ཀ་ཏག་ཏག་ལྟ་བུའི་གླིང་ཕྲན་གཉིས་སུ་གྱུར་

ཅིང༌། དེ་གཉིས་རེ་རེ་ལའང་ཆ་ཤས་ཐོར་མགོ་ཚུགས། འདི་ནས་ལོ་ས་ཡ་ ༦༠ ཡི་སྔོན་ནས་འཛམ་གླིང་གླིང་

ཕྲན་བདུན་དང༌། རྒྱ་མཚོ་ཆེན་པོ་བཞི་རུ་གྱུར་ཅྀང༌།   དེའི་བརྒྱུད་རིམ་ནང་གླིང་ཕྲན་དེ་དག་བར་ཐག་ཇེ་

ཉེའི་ལོ་རེར་ས་གཞི་ཆ་སྙོམ་ཨིན་ཇིའ་གྲརྣཏྲདཕྱེད་ནས་བཞིའི་བར་འཕོ་འགྱུར་འགྲོ་གི་ཡོད།འཕོ་འགྱུར་

འགྲོ་བཞིན་པའི་རྣམ་པ་ཞིག་མཐོང་གི་ཡོད་པས། འདི་ནས་ལོ་ས་ཡ་དྲུག་ཅུ་ཡས་མས་ཀྱི་རྗེས་སུ་འཛམ་གླིང་

འདི་སླར་ཡང་གླིང་ཕྲན་ཕན་ཚུན་ལྷུ་ལག་འགྲིག་སྟེ་སྔོན་གྱི་པན་གྷེའི་ཡ་ངཎརྣཐྲཎྟཎནང་བཞིན་གཅིག་ཏུ་

ཟླ་སྒྲིལ་ལ་འགྲོ་མི་ཡོང་ངམ་སྙམ་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།   ཚན་རིག་པས་འདི་ནས་ཡར་དེད་

ལོ་གྲངས་དུང་ཕྱུར་མང་པོའི་གནས་སྟངས་རགས་བཤད་བྱས་ཡོད་ཅིང༌། འཇིག་རྟེན་ཐོག་མའི་གྲུབ་ཆ་མཁའ་

དབྱིངས་ཀྱི་རྡོ་དང༌།     ལྕགས་རིགས་སོགས་ལས་གྲུབ་པའི་རྡུལ་ཕྲན་སོ་སོའི་འཐེན་ཤུགས་ཀྱིས་གཅིག་གིས་

གཅིག་ལ་འབྱར་ཏེ་མཚོ་འཁོར་ལྟར་རྒྱུན་དུ་འཁོར་ཞིང་ཕྱི་རོལ་ནས་རྡུལ་གྱིས་ཇེ་ཆེ་དང༌། ནང་གི་ཚ་དྲོད་

དང་རླུང་བུ་ཕྱི་རུ་དོན་མ་ཐུབ་པའི་རྐྱེན་གྱིས་དྲོད་དབུགས་རིམ་བཞིན་ཚད་ལས་བརྒལ་ཏེ། མཐར་རྡུལ་ཕྲན་

གྱིས་གྲུབ་པའི་གོང་བུ་ཆེན་པོ་དེ་ལོ་ས་ཡ་མང་པོ་སོང་རྗེས་སྐད་སྒྲ་ཆེན་པོའི་ངང་འབར་རྫས་གས་པ་ལྟར་ཐོར་

བས་འཇིག་རྟེན་གྱི་སྒྲ་ཆེན་ཞེས་པ་དེ་བྱུང་བས། ཉི་མའི་ཁྱིམ་རྒྱུད་ཀྱིས་ཟིན་པའི་འཛམ་གླིང་འདི་ནི་ཐོར་ཞིག་

དེའི་རྡུལ་ཕྲན་ནང་གི་གཅིག་ཙམ་ཡིན་པར་བཤད་ཅིང༌། འཇིག་རྟེན་གྱི་སྒྲ་ཆེན་འདི་ནས་ཡར་དེད་ལོ་དུང་

ཕྱུར་བཅུ་ནས་ཉི་ཤུ་བར་སོང་ཟིན་པར་བརྗོད།

གཉིས་པ།   གོང་བཤད་འཛམ་གླིང་གླིང་ཕྲན་བདུན་དུ་གྱེས་རིམ་ནང༌། བོད་ཕྱོགས་ཧི་མ་ལ་ཡའི་རི་རྒྱུད་ནི་

སྔོན་མ་རྒྱ་མཚོའི་ནང་དུ་ཐིམ་ཡོད་པར་བཤད་ཅིང༌། འདི་ནས་འདས་པའི་ལོ་གྲངས་ས་ཡ་ ༦༠ ཙམ་གྱི་སྔོན་

ནས་རྒྱ་གར་དང་ཨེ་ཤ་ཡའི་གླིང་ཆེན་གཉིས་ཇེ་ཉེར་སོང་སྟེ། ཧི་མ་ལ་དང་བོད་ཕྱོགས་རྒྱ་མཚོའི་ནང་བཙིར་

ནས་ཡར་འབུར་དུ་ཐོན་པའི་གནས་ལུགས་བཤད། བཤད་པ་འདི་བདེན་ཏེ། དངོས་པོ་གང་ཞིག་ཕྱོགས་གཉིས་

ནས་གཙིར་ན་དཀྱིལ་ནས་ཡར་འབུར་ཡོང་བ་ཆོས་ཉིད་བཞིན། བོད་ལྗོངས་མཐའ་ནས་གངས་རི་མཐོན་པོས་

སྐོར་ཡོད་པ་འདིས་ཤེས་ནུས་ལ།   ཧི་མ་ལ་ཡ་རི་རྩེའི་རྡོ་ནི་རྒྱ་མཚོ་གཏིང་གི་རྡོ་དང་སྤུས་ཀ་གཅིག་པ་ཡིན་

ལུགས་གསལ་འདུག འདིའི་ཐད་སློབ་དཔོན་བསྟན་འཛིན་རྣམ་དག་མཆོག་གིས། བོད་ཀྱི་ཡུལ་འདི་དང་པོ་

ཆུས་གང་བའི་ལོ་རྒྱུས་དེ་ཡང་དང་པོ་ལོ་སྟོང་ཕྲག་མང་པོའི་གོང་ནས་སྟོད་འབྲོག་ཞང་ཞུང་གི་ཡུལ་སྡེ་རྣམས་

ཆུས་གང་ཡོད་པར་མངོན་ཏེ། དེང་སང་མཚོ་མང་པོ་ཡོད་པ་དེ་རྣམས་ཀྱི་མཚམས་སུ་ཆུ་བྲི་བའི་རིམ་པ་གསལ་

བར་འདུག་ཅིང༌།  དྲུ་ཟེར་བའི་ས་ཞགས་ཀྱི་རིམ་པའི་གསེབ་ཏུ་དུད་འགྲོའི་རུས་པ་རྙིང་པ་རྡོ་དང༌།  བྱེ་མའི་

བཟོ་ལྟ་བུ་ཐོན་གྱི་རེད། དེ་རྣམས་ཆུ་གནས་ཀྱི་རུས་པ་ཡིན། དེ་ཡང་ལོ་སྟོང་ཕྲག་ཉུང་ངུའི་ནང་དེ་ལྟར་བྲི་འགྲོ་

བའི་ཐབས་མེད་པ་ལྟ་བུ་རེད། ཅེས་མཚོ་བྲི་ཚུལ་གསུངས་པ་དང་མཐུན། ཡང་བོད་ནི་སྔོན་མ་ཨ་རི་མེའག་སི་ཁཱོ་

དང་ས་འབྲེལ་མིན་ནམ་སྙམ་པའི་བསམ་གཞི་ཡོད་དེ། མེའག་སི་ཁོའི་མི་རིགས་འགའ་ཤས་བོད་གདོད་མའི་

བོན་ཆོས་ལྟར་བྱེད་ཅིང༌། སྐད་དང་ཆས་གོས་འགའ་ཤས་ཀྱང་བོད་དང་འདྲ་པོ་ཡོད་ལུགས་བཤད། ཚན་རིག་

པས།  སྔོན་བོད་ཀྱི་མཐའ་ན་ཨེ་ཤི་ཡ་དང་རྒྱ་གར་ཐུག་མཚམས་ཀྱི་ས་རྡོའི་ཁ་དོག་དང༌།  རྒྱུས་སྤུས་གཤིས་ཀ་

སོགས་མི་འདྲ་བར་བཤད་ལ།     ད་ལྟ་བོད་ཡུལ་གོང་བརྗོད་གླིང་ཆེན་གཉིས་ཀྱིས་གཙིར་སྡོད་པའི་རྣམ་པ་

ཙམ་ལས་ངོ་བོ་དབྱེར་མེད་ཀྱིས་གཅིག་ཏུ་འབྱར་མེད་ཚུལ་དང༌། ལོ་གྲངས་ས་ཡ་དྲུག་ཅུ་ཡས་མས་ཀྱི་རྗེས་སུ་

གོང་བརྗོད་གླིང་ཕྲན་གཉིས་པོ་བོད་ཕྱོགས་ཧི་མ་ལ་ཡའི་ཡུལ་གྲུ་དང་ཁ་བྲལ་ནས་ཐོག་མ་སོ་སོའི་འབྱུང་ཁུངས་

ཕྱོགས་སུ་ཕྱིར་ལྡོག་བྱ་བའི་ཚོད་དཔག་བྱས་ཡོད། ས་གཞི་ཐོར་ཞིག་ནི་ས་འགུལ་བྱུང་བ་ལ་བརྟེན་ནས་འགྱུར་

ལྡོག་འགྲོ་གི་ཡོད་པར་གསལ། བོད་ནི་འཛམ་གླིང་ཤར་ནུབ་གཉིས་སུ་ཕྱེས་པའི་ཤར་ཕྱོགས་རྒྱལ་ཁབ་ནང་ཡོད་

པ་དང༌། སྐུ་ངོ་ཞྭ་སྒབ་པས། ས་བཀྲའི་གཞུང་ཐིག་རཊ་པའི་དབང་དུ་བཏང་ན།  གཞུང་ཐིག  ༧༨ྣཁྱ  ནས་  ༡༠

༣ྣཁྱ   བར་དང༌། ཕྲེད་ཐིག  ༢༧ྣསྒྱ  ནས་  ༣༧ྣསྒྱ  གྱི་བར་ལ་ཡོད་ཅེས་བརྗོད་ཆོག ཅེས་གསུངས། ལྷ་ས་ནི་གཞུང་

ཐིག་ཨང་ ༩༠ྣ  གོང་དང༌། ཕྲེད་ཐིག་ཨང་  ༣༠ྣ  འོག་ཙམ་ལ་འཁེལ། བར་སྐབས་བོད་ཀྱི་ས་གཞིའི་རྒྱ་ཁྱོན་སྤྱི་

ལེ་གྲུ་བཞི་མ་ས་ཡ་གཉིས་དང་ཕྱེད་ཀྱི་ནང་དུ་ཡོད་པར་བཤད་ཅིང༌། ཆོས་རྒྱལ་སྐུ་དུས་དེ་ལས་རྒྱ་ཁྱབ་ཆེ།

བོད་མཐོ་ཚད་རྒྱ་མཚོའི་འགྲམ་ནས་ཆ་སྙོམས་ཕིའི་ཊི་ཁྲྟྟྤ ༡༥༠༠༠ དང༌། མིའི་ཊར་༤༥༧༠ ལྷག་ཡོད། བོད་

ནང་ཕྱི་ཟླ་དང་པོར་ཆ་སྙོམས་གནམ་གཤིས་ཚ་གྲངས་ ༢༤ྣཁྲ དང༌། ཌ༤ྣསྐྲ ཡིན་པ་དང༌། ཕྱི་ཟླ་བདུན་པའི་ནང་

ཆ་སྙོམས་གནམ་གཤིས་ཚ་གྲངས་  ༥༨ྣཁྲ དང༌། ༡༤ྣསྐྲ  ཡིན། ལོ་རེའི་ཆར་ཤུགས་ཆེ་ཤོས་ཨིན་ཇིའ་  ༡༠  ལས་

ལྷག་བབ་ཀྱི་མེད།

ཤོག་ངོས་འདི་ནང་ཡིག་ནོར་མང་པོ་འདུག  རྗེས་སུ་གང་མགྱོགས་ནོར་བཅོས་བྱེད་ཆོག

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།