བོད་ཀྱི་ཆོས་བརྒྱུད་ཁག 6

02/09/2009 00:42

༤༽ ཞར་བྱུང་ཆོས་བརྒྱུད་དང་གྲུབ་མཐའ་ཞེས་པའི་ཐ་སྙད་དབྱེ་ཞིབ་དང་འབྲེལ་མཇུག་བསྡུའི་རིམ་པ།

ད་ལྟ་ང་ཚོས་ཡིག་ངག་གཉིས་ཐོག་ནས་རྒྱུན་སྤྱོད་བྱེད་བཞིན་པའི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་ཞེས་པར། དེ་སྔོན་

བོད་ཀྱི་གྲུབ་མཐའ་ཆེན་པོ་བཞི་ཞེས་སོགས་མདོར་ན་ཆོས་བརྒྱུད་ཅེས་པའི་ཐ་སྙད་འདིའི་ཚབ་ཏུ་གྲུབ་མཐའ་ཞེས་

བྱུང་བ་བཞིན་ད་དུང་ཡང་དེ་ལྟར་འབོད་མཁན་མང་དུ་མཆིས་མོད། སྤྱིར་བོད་ཀྱི་གྲུབ་མཐའ་ཆེན་པོ་བཞི་ཞེས་སོགས་

ཀྱི་ཐ་སྙད་འདི་མ་བརྟགས་རྒྱུན་འཇགས་སུ་བྱུང་བའམ། ཡང་ན་སྔ་མོའི་གཞུང་རྙིང་རྣམས་སུ་དགོས་དམིགས་རྒྱུ་མཚན་

གསལ་མིན་སོགས་གང་ལྟར་ཐ་སྙད་འདིའི་བྱུང་རིམ་ལ་རྟོག་དཔྱོད་ཞིབ་བསྡུར་བྱེད་ལོང་མ་བྱུང་ཡང༌།

 

         ཕྲན་གྱི་རྟོག་འཆར་ལྟར་ན་གྲུབ་མཐའ་ཞེས་སྦྱར་ཚེ་ཆོས་བརྒྱུད་བཞིའི་ཁྱད་པར་ཡང་དབུ་སེམས་ལྟ་བུའི་ཐུན་

མོང་མིན་པའི་མཐར་ཐུག་གི་ལྟ་གྲུབ་ཅིག་གི་སྒོ་ནས་འབྱེད་དགོས་པ་ལྟ་བུར་འགྱུར་བར་མ་ཟད།   བོད་བརྒྱུད་ནང་

བསྟན་ལ་གསར་སློབ་པ་ཞིག་དང་ལྷག་པར་གྲུབ་མཐའ་ཞེས་པ་འདི་བཞིན་སྐད་ཡིག་གཞན་དུ་ཐད་བསྒྱུར་བྱས་ཚེ།

མཐར་ཐུག་གི་གྲུབ་མཐའ་སོ་སོར་གོ་བའི་བག་ཆགས་ཤིག་ཀྱང་ཐེབས་སྲིད་སྙམ།    དེ་ལས་ཆོས་བརྒྱུད་ཅེས་པའི་མིང་

ཚིག་འདིས།     སྔོན་བྱོན་བླ་མ་དམ་པ་གང་ཞིག་གིས་མན་ངག་བྱེ་བྲག་པ་ཞིག་ལ་ལུང་དང་རིགས་པས་རྩལ་འདོན་

གྱིས་དམ་པའི་ཆོས་ཀྱི་བརྒྱུད་པ་མི་འདྲ་བའི་ཁྱད་པར་ཞིག་ལས། ལྟ་གྲུབ་ཀྱི་ཁྱད་པར་ཆེར་ཡོད་པའི་གོ་བ་མི་སྟེར་

ཞིང༌། བོད་ཀྱི་ཆོས་བརྒྱུད་རྣམས་ཀྱི་མོང་དོན་དང་ཡང་མཚུངས་སྙམ།      

          དེས་ན་ཆོས་བརྒྱུད་རིས་མེད་དང་ཆོས་བརྒྱུད་ཆེན་པོ་བཞི་ཞེས་སོགས་ཀྱི་ཐ་སྙད་འདི་བོད་ས་ཡོངས་ལ་གཅིག་

གྱུར་བྱེད་ཐབས་ཞིག་བྱུང་ན་ལེགས་པར་མཐོང་ངོ༌། མཇུག་དུ་ཀློག་པ་པོ་རྣམས་ལ་ཞུ་རྒྱུར། ཕྲན་ནི་རྣམས་གཡེང་སོགས་

ཀྱི་སྤྲོས་པ་ཆེ་བའི་ཁར།ཡིག་ཚོགས་མང་པར་འཇིགས་ཤིང་བརྗོད་དོན་རྒྱ་ཆེ་བར་སོང༌། དཔྱད་པ་གནད་དུ་མ་བབས་པ་

དང༌།གོང་འོག་མ་འབྲེལ་ཞིང་སྐབས་དོན་འཆོལ་བ་སོགས་ཉེས་ཆ་མང་དུ་ཡོད་ངེས་ཀྱང༌། གལ་ཆེའི་རང་བཞིན་ཅན་གྱི་

སྐབས་དོན་དེ་འཚོལ་བའི་ལེགས་ལམ་ལ་ཞུགས་ཁུལ་བྱས་པ་ཞིག་ཡིན་པས་ཉེས་པ་གང་ཡོད་བཟོད་གསོལ་དང་འབྲེལ།

སླད་མར་མཁས་གྲུབ་རྣམ་པས་གཙོས་དེང་རབས་བོད་བརྒྱུད་ནང་བསྟན་སློབ་གཉེར་བ་རྣམས་ཀྱིས་ཆོས་བརྒྱུད་ཁག་གི་

མཐར་ཐུག་གི་ལྟ་བ་གཅིག་ཏུ་འབབ་ལུགས་ལ་ཞིབ་དཔྱོད་དང་ཐུགས་ཁུར་མཛད་དགོས་པ་ནི། དུས་ལ་བབས་པ་ཞིག་

ཏུ་འཁུམས་སོ་ཞེས་གཞེན་བསྐུལ་དང་བཅས། ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་

གི་རང་ཤག་ཏུ་ཕྱི་ལོ་ ༢༠༠༧ ཟླ་ ༦ ཚེས་ ༥ ལ་རྫོགས་པར་བྲིས།

                                                                                             རྩོམ་པ་པོའི་ལོ་རྒྱུས་མདོར་བསྡུས།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།