བུད་མེད་བསྐོ་འཆར

05/12/2009 18:03

རྒྱལ་ཚོགས་ཀྱི་མཐོ་རིམ་ལས་རིགས་སུ་བུད་མེད་བསྐོ་འཆར

བང་ཆེན།

ཟླ་འདིའི་ཚེས་༡ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་བྷན་ཀི་མཱོན་མཆོག་བུད་མེད་ཀྱི་རྒྱལ་སྤྱིའི་གླེང་

སྟེགས་སུ་མགྲོན་འབོད་ལྟར་བུད་མེད་ཀྱི་འཕྲོད་བསྟེན་སོགས་དང་འབྲེལ་བའི་གནད་དོན་སྐོར་ལ་གཏམ་

བཤད་ཅིག་གནང་ཡོད་པ་རེད།
རྒྱལ་ཚོགས་ཀྱི་དྲུང་ཆེ་མཆོག་གིས་སྦྲུམ་མའི་འཕྲོད་བསྟེན་གལ་ཆེན་བརྩི་ཡི་ཡོད་པ་དང༌། དེའི་ཐོག་འཆར་

ལོའི་དཔྱིད་ཀར་བྷི་དང་མེ་ལིན་ཌ་གྷེ་ཊེའི་ཐེབས་རྩ་དང་མཉམ་འབྲེལ་རྒྱལ་ཚོགས་གཉིས་ཀྱིས་ལྷན་ཚོགས་

ཞིག་བུད་མེད་ཀྱི་ནུས་ཤུགས་ཡར་རྒྱས་མྱུར་དུ་གཏོང་རྒྱུ་དང་བུད་མེད་ཕྲུ་གུ་དང་སྦྲུམ་མའི་དཀའ་ངལ་སེལ་

བའི་ཆེད་དུ་དམིགས་ནས་འཚོགས་རྒྱུ་ཡིན་སྐོར་ནན་བརྗོད་གནང་ཡོད་པ་རེད། ཁོང་གི་གསུང་བཤད་ནང་

བུད་མེད་ཐོག་གདུག་རྩུབ་དང་དྲག་སྤྱོད་གང་མང་ཡོང་བཞིན་ཡོད་པ་དང།   ང་ཚོའི་དམིགས་ཡུལ་ནི་ཕྱི་

གསལ་ནང་གསལ་རེད།    དྲག་སྤྱོད་ཀྱི་རིགས་ཡོད་ཚད་མེད་པ་བཟོ་རྒྱུ་དེ་རེད་ཅེས་བུད་མེད་ལ་བཙན་

གཡེམས་དང། ཕྲུ་གུ་མོ་ལྐོག་གསོད་སོགས་མེད་པ་བཟོ་རྒྱུའི་དམིགས་ཡུལ་སྐོར་བརྗོད་པ་དང། གཞན་ཡང་

ཁོང་གིས་དེ་སྔོན་ངས་བུད་མེད་ཐོག་དྲག་སྤྱོད་རིགས་ལ་མཉམ་འབྲེལ་གྱིས་ངོ་རྒོལ་ཅེས་པའི་ལས་གཞི་ཞིག་

འགོ་བརྩམས་པ་དང། མི་ས་ཡ་ལྔ་ཙམ་གྱིས་བུད་མེད་ཐོག་དྲག་སྤྱོད་རིགས་ལ་ངོ་རྒོལ་མཚོན་པའི་ས་ཡིག་

བཀོད་ཡོད་པ་རེད། སྐབས་དེར་ཁོང་གིས་ང་རང་རྒྱལ་ཚོགས་ཀྱི་དྲུང་ཆེ་ཙམ་མིན་པར། བུ་ཞིག་དང༌། ཁྱོ་

ག་ཞིག ཕ་ཞིག སྤོ་པོ་ཞིག་གི་ལས་འགན་བསྒྲུབ་རྒྱུ་ཡིན། ངས་ད་བར་བུད་མེད་ཚོས་གནམ་ཕྱེད་འདེགས་

བཞིན་པར་ངོས་འཛིན་བྱེད་ཀྱི་ཡོད། སྐྱེས་པ་ཚོར་གནམ་ཕྱོགས་གཞན་དེ་འདེགས་ཏུ་འཇུག་དགོས་ཞེས་

བུད་མེད་ཚོའིའགན་ཁུར་དང་བྱས་རྗེས་དང་འབྲེལ་ནས་ལམ་སྟོན་གནང་ཡོད་པ་རེད།    


མཐའ་དོན་ཁོང་གི་མཉམ་འབྲེལ་རྒྱལ་ཚོགས་ནང་དུ་བུད་མེད་རྣམས་ལ་གོ་ས་མཐོ་སར་མུ་འཐུད་དུ་བསྐོ་

གཞག་བྱེད་འཆར་ཡོད་ཅེས་བརྗོད་ཡོད་པ་རེད། བྷན་ཀི་མཱོན་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེའི་

ལས་འགན་བཞེས་པ་ནས་བུད་མེད་དགུ་ལ་དྲུང་ལས་ཀྱི་མཐོ་རིམ་ལས་ཀ་གནང་བ་དང༌། ད་དུང་བུད་

མེད་གཉིས་ལ་མཉམ་འབྲེལ་རྒྱལ་ཚོགས་ཡར་རྒྱས་འཆར་འགོད་ཀྱི་ཚོགས་པའི་འཛིན་སྐྱོང་ལས་བྱེད་དུ་

གསར་བསྐོ་རྒྱུ་དང༌། ཁོང་གཉིས་ཕོ་མོ་འདྲ་མཉམ་སྡེ་ཚན་ཞེས་པའི་ཡན་ལག་གསར་འཛུགས་གནང་བའི་

འགོ་འཛིན་ཆགས་རྒྱུ་ཡིན་འདུག མདོར་ན་ཁོང་གི་འཛིན་སྐྱོང་གི་དུས་ཚིགས་ནང་དྲུང་གཞོན་གཙོས་པའི་

མཉམ་འབྲེལ་རྒྱལ་ཚོགས་སུ་འགན་འཛིན་རྒན་པའི་ནང་བུད་མེད་གི་གྲངས་ཀ་བརྒྱ་ཆ་༤༠ བར་འཕར་

ཡོད་པ་རེད། །

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།