བུ་མོ་ལོ་ལྔ་ཡིན་པ

23/10/2009 12:23

བུ་མོ་ལོ་ལྔ་ཡིན་པ་ཞིག་ལ་ཕྲུ་གུ་སྐྱེས་པ།

བོད་ཀྱི་བང་ཆེན།

འདི་ནི་ཕྱི་ལོ་༢༠༠༧ ཟླ་༡༡ ཚེས་༡༤ ཉིན་གྱི་གནས་ཚུལ་སྤེལ་བ་ཞིག་ཡིན་པར་ལཱི་ནཱ་ཞེས་པའི་བུ་མོ་ལོ་ལྔ་ཡིན་པ་

ཞིག་ལ་ཕྲུ་གུ་སྐྱེས་འདུག དེ་ནི་ཕྱི་ལོ་༡༩༣༩ ལོར་ལྷོ་ཨ་རིའི་ཨེན་ཌེསེ་རི་རྒྱུད་དུ་ཡོད་པའི་གྲོང་གསེབ་ཆུང་ཆུང་ཞིག་

ནས་མི་ཞིག་གི་རང་ཉིད་ཀྱི་བུ་མོ་ལོ་ལྔ་ཅན་དེ་པཱེ་རུ་ལུང་པའི་གྲོང་ཁྱེར་པཱི་སི་ཀཱོའི་སྨན་ཁང་ཞིག་ཏུ་ཁྱེར་ཡོད་འདུག

                                                        དཀོན་མཆོག་བོད་རང་བཙན་དྲ་ཚིགས།

ཁོས་སྨན་ཁང་དུ་ཁོ་རང་གི་བུ་མོའི་གྲོད་པའི་ནང་སྐྲན་རྡོག་ཞིག་ཆེ་རུ་ཆེ་རུ་འགྲོ་བཞིན་ཡོད་པ་དེ་ཁོ་ཚོའི་གྲོང་

གསེབ་ཀྱི་བླ་མ་སྨན་པས་སྨན་བཅོས་བྱེད་ཐུབ་མ་སོང་ལབ་པ་དང༌། སྨན་པའི་བརྟག་དཔྱད་བྱས་ཚར་བའི་རྗེས་ལ་

རྡོག་རྡོག་དེ་སྐྲན་རྡོག་མིན་པ་ཤེས།
    པ་ལགས་དེས་སྨན་པ་གྷེ་རཱ་ཌོ་ ལ་ཁོས་བུ་མོ་ཆུང་ཆུང་དེ་ལོ་གསུམ་ནས་བུད་མེད་ཀྱི་ཟླ་མཚན་ཡོང་གི་ཡོད་པ་

དང་ད་ནས་ཟླ་བདུན་དང་ཕྱེད་ཀ་ཙམ་ནས་མཚམས་ཆད་སོང་ལབ་པར།    སྨན་པས་བུ་མོའི་གྲོད་པར་བྲང་ཁྱིམ་

བརྟག་ཆས་ཀྱི་བརྟག་དཔྱད་བྱས་དུས་ལཱི་ནཱའི་ཁོག་པའི་ནང་དབུགས་གཏོང་མཁན་གཞན་ཞིག་ཡོད་པ་གོ་བ་རེད།

དེ་ནས་ལམ་སེང་གློག་དཔར་བརྒྱབ་པར་ཚང་མ་ཧང་སང་དགོས་པ་ཞིག་ལ་བུ་མོ་ཆུང་ཆུང་ལོ་ལྔ་ཡིན་པ་དེ་སྦྲུམ་

ནས་ཟླ་བ་བདུན་ཙམ་ཡིན་འདུག དེ་ནས་བུ་མོ་ལོ་ལྔ་དང་ཟླ་༨ ཟིན་པའི་སྐབས་གཤག་བཅོས་ཀྱི་ལམ་ནས་ཕྲུ་གུ་བུ་

ཞིག་སྐྱེས་ཡོད་འདུག ཁོ་ལ་གྷེ་རཱ་ཌོ་ཞེས་སྨན་པའི་མིང་དེ་བཏགས་ཡོད་པ་དང༌། འོན་ཀྱང་ཞིབ་འཇུག་མང་པོ་བྱས་

པའི་རྗེས་ལ་གྷེ་རཱ་ཌོའི་པ་ལགས་སུ་ཡིན་པ་ཏན་ཏན་ཐག་གཅོད་བྱེད་ཐུབ་མེད་པ་རེད།

གྷེ་རཱ་ཌོ་ཁོ་རང་ལོ་ངོ་བཅུ་བར་དུ་ཁོ་རང་གི་ཨ་མ་རང་གི་ཨ་ཅག་ཡིན་པ་ཡིད་ཆེད་བྱས་ཡོད་འདུག་པར་ལོ་ངོ་བཅུ་

ལ་སླེབས་དུས་གཞི་ནས་རང་གི་ཨ་མ་ཡིན་པ་ཧ་གོ་འདུག ཕྱི་ལོ་༡༩༧༢ ལོར་གྷེ་རཱ་ཌོ་ལོ་༣༣ ལ་སླེབས་དུས་རང་གི་

ཨ་མ་ལ་ཕྲུ་གུ་གཉིས་པ་དེ་སྐྱེས་ཡོད་འདུག གྷེ་རཱ་ཌོ་ལོ་༤༠ ལ་སླེབས་དུས་གྲོངས་ཡོད་པ་དང༌། ལཱི་ནཱ་དང་མོ་རང་གི་

བཟའ་ཟླ་མཉམ་དུ་ད་ལྟའང་ལྷོ་ཨ་རིའི་པཱེ་རུ་ཞེས་པའི་ལུང་པའི་ནང་ཡོད་འདུག་ལ། ཁོ་རང་གཉིས་ཀྱི་བུ་གཉིས་པ་

དེ་མཱེག་སཱི་ཀཱོ་རུ་ཡོད་འདུག།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།