བསླུ་བྲིད་གསར་ལམ

10/10/2009 11:34

བེད་ལོག་ཏུ་གཏོང་བཞིན་པའི་བརྒྱུད་ལམ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༤༩ རྩོམ་སྒྲིག་པའི་གཏམ
རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་འགོ་བཙུགས་ནས་ད་བར་མི་ལོ་༦༠ ཧྲིལ་པོ་འཁོར་ཡོད་པ་དང།

དེའི་རིང་གསར་འགྱུར་གྱི་བརྒྱུད་ལམ་ཁག་ཚང་མ་རྒྱ་དམར་གཞུང་གི་བཀོད་བྱུས་སྟངས་འཛིན་གྱི་འོག་ཏུ་གནས་

ཐུབ་པ་བྱས་ཡོད།   རྒྱུ་མཚན་འདི་ལ་བརྟེན་ནས་ད་ལྟའི་ཆར་འཛམ་བུ་གླིང་གི་ནང་དུ་རྒྱ་དམར་གཞུང་དེ་གསར་

འགོད་རང་དབང་རྩིས་མེད་རྡོག་རོལ་གཏོང་མཁན་གྱི་གཞུང་ཞིག་ཡིན་པ་ལོ་ལྟར་སྙན་ཐོ་ཁག་གི་ནང་དུ་འཁོད་

ཡོད་པ་ལྟར། རྒྱ་ནག་གཞུང་གིས་དུས་རྒྱུན་མི་མང་བསླུ་བྲིད་དང་རྒྱལ་སྤྱིའི་སྤྱི་ཚོགས་མགོ་སྐོར་གཏོང་ཐབས་འབའ་

ཞིག་ཏུ་གསར་འགྱུར་གྱི་བརྒྱུད་ལམ་ཁག་བེད་སྤྱོད་གཏོང་བཞིན་པ་རེད། བོད་ཀྱི་ས་ཁུལ་ལ་ཆ་བཞག་ན་བོད་རང་

སྐྱོང་ལྗོངས་ཟེར་བའི་ཁོངས་སུ་བོད་ཡིག་གི་ཐོག་ནས་ <<བོད་ལྗོངས་ཉིན་རེའི་ཚགས་པར་>>དང། <<གཞིས་རྩེའི་

ཚགས་པར། >> << བོད་ལྗོངས་གཞོན་ནུའི་ཚགས་པར།>> <<ལྷ་སའི་དགོང་དྲོའི་ཚགས་པར།>> <<བོད་ལྗོངས་

ཁྲིམས་ལུགས་ཚགས་པར།>> <<བོད་ལྗོངས་ཚན་རྩལ་ཚགས་པར།>> མཚོ་སྔོན་གྱི་ཁོངས་སུ་<<མཚོ་སྔོན་བོད་ཡིག་

གསར་འགྱུར་>>དང། <<གངས་རྒྱན་ན་ཆུང་ཚགས་པར།>> <<མཚོ་སྔོན་ཁྲིམས་ལུགས་ཚགས་པར།>> <<མཚོ་སྔོན་

ཚན་རྩལ་ཚགས་པར།>> སི་ཁྲོན་གྱི་ཁོངས་སུ་<<དཀར་མཛེས་གསར་འགྱུར་>>དང། <<རྔ་བའི་གསར་འགྱུར།>>ཀན་

སུའུ་ཡི་ཁོངས་སུ་<< ཀན་ལྷོའི་གསར་འགྱུར།>> ཡུན་ནན་གྱི་ཁོངས་སུ་<<བདེ་ཆེན་གསར་འགྱུར་>> སོགས་དང་ལས་

ཁུངས་ཁག་ཅིག་གིས་འགྲེམས་སྤེལ་བྱེད་བཞིན་པ་བཅས་བོད་ཡིག་གི་ཚགས་པར་དང་གསར་འཕྲིན་གྲངས་བཞི་བཅུ་

ལྷག་ཅིག་ཡོད་འདུག་པ་དང། ལོ་འདིར་<<མི་མང་ཉིན་རེའི་ཚགས་པར་>> དུའང་བོད་ཡིག་གི་པར་ངོས་གསར་སྣོན་

བྱས་འདུག ཚགས་པར་དེ་དག་དང། ད་ལྟའི་ཆར་བརྙན་འཕྲིན་ཁག་མང་པོ་ཞིག་ཡོད་པ་ཚང་མ་གཞུང་གི་སྟངས་འཛིན་

གྱི་རྒྱ་ལས་མ་བརྒལ་བ་རྐྱང་ཡིན་པ་དང། ཏང་དང་རྒྱལ་ཁབ་ལ་བསྟོད་ར་བཏང་བཅུག་པ་ཙམ་ལས། མི་མང་གི་བསམ་

ཚུལ་སྤེལ་སའི་ལམ་ཁ་མེད་པ་ལྟ་བུར་གྱུར་ཡོད།     རང་བྱུང་གོད་ཆག་ཆེན་པོ་ཞིག་བྱུང་བའི་སྐབས་ལ་མཚོན་ནའང་

གསར་འགོད་པའི་པར་ཆས་དང་སྨྱུག་རྩེ་དཀའ་ངལ་འཕྲད་ཡུལ་གྱི་ཕྱོགས་ལ་ཁ་མི་གཏད་པར། མཐུན་རྐྱེན་དང་རོགས་

རམ་བྱེད་མཁན་ཡིན་ཚུལ་བརྗོད་ནས་སླེབས་པ་རྣམས་པར་ལེན་དང་གཞུང་གི་རོགས་རམ་ཡོད་ཚུལ་ཕྱིར་བསྒྲགས་བྱེད་

པ་ལས། གོད་ཆག་འབྱུང་ཡུལ་མི་མང་གི་དཀའ་སྡུག་གནས་སྟངས་གསར་འགྱུར་གྱི་ཆ་ཤས་ཕྲ་མོ་ཙམ་དུ་ལུས་ཡོད། དྲ་

རྒྱའི་བརྒྱུད་ལམ་ཡར་རྒྱས་སུ་ཕྱིན་པ་དང་ཆབས་གཅིག་གཞུང་འབྲེལ་ཁག་ཕུད་པའི་སྒེར་གྱི་གླེང་སྟེགས་སོགས་དྲ་ཚིགས་

གང་མང་ཞིག་ཡོད་ཀྱང། དེ་དག་ལ་ཉིན་རེ་བཞིན་དཀའ་ངལ་མང་པོ་འཕྲད་བཞིན་ཡོད་པ་དང། དེ་ལ་བརྟེན་ནས་དྲ་

བདག་བཀག་ཉར་དང་བཙོན་འཇུག་བྱས་པའི་གནས་ཚུལ་ཡང་བྱུང་ཡོད། དེར་བརྟེན་གསར་འགྱུར་གྱི་བརྒྱུད་ལམ་ཁག་

རྒྱ་གཞུང་གིས་བེད་སྤྱོད་ལོག་པར་གཏོང་བ་ལས་ཐད་ཀར་མི་མང་གི་བསམ་ཚུལ་འདོན་ཆོག་པ་ལྟ་བུའི་མི་མང་ལ་

ཞབས་འདེགས་བྱེད་མཁན་ཞིག་མེད་པ་ལྟ་བུར་གྱུར་ཡོད།


བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་མཚོན་ན་མི་འབོར་ཉུང་བ་དང་ཁ་
འཐོར་དུ་གྱུར་ཡོད་ནའང། རང་དབང་གི་ཐོག་

ནས་གསར་འགྱུར་བརྒྱུད་ལམ་འདྲ་མིན་ཡོད་པ་ཁག་ལ་རྒྱ་གར་གཞུང་དང་བཙན་བྱོལ་བོད་གཞུང་གི་སྟངས་འཛིན་

དམ་དྲག་གཏན་ནས་མེད་པར།      གསར་འགོད་པ་དང་རྩོམ་སྒྲིག་པ་སོགས་བརྒྱུད་ལམ་དུ་ལས་ཀ་བྱེད་མཁན་ཚོས་

འགན་ཁུར་བའི་ཐོག་ནས་ལས་ཀ་བྱས་ན་ཆོག་དང་མི་ཆོག་གི་བཀག་རྒྱ་གཏན་ནས་མེད། ཉེ་བའི་ལོ་གཅིག་ཙམ་ནས་

བཟུང་བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་བོད་ཡིག་གི་དྲ་རྒྱ་ཐད་ཀར་དྲ་ཐོག་ནས་བགྲོ་གླེང་བྱེད་ཡུལ་གང་མང་ཞིག་

གཅིག་རྗེས་གཉིས་མཐུད་ཀྱིས་གསར་སྐྲུན་བྱས་ཡོད་པ་དང། དེའི་ནང་དུ་བགྲོ་གླེང་བྱེད་མཁན་ཡང་གང་མང་ཞིག་

ཡོང་བཞིན་ཡོད་ནའང། སྟབས་མ་ལེགས་པ་ཞིག་ལ་མིང་རྫུན་མ་འདྲ་མིན་གྱི་འོག་ནས་འགན་ཁུར་གཏན་ནས་མེད་

པའི་གཏམ་འཆལ་གང་མང་སྤེལ་བཞིན་པ་དང། སྔོན་མ་དྷ་སའི་རྩིག་གྱང་དུ་སྦྱར་བའི་མིང་མེད་ཡིག་འཁྱམས་དག་

ད་ལྟའི་ཆར་དྲ་རྒྱ་ཁག་གི་ནང་དུ་སྤུངས་པ་ལྟ་བུར་གྱུར་འདུག

ཆོས་བརྒྱུད་ཀྱི་མིང་རྐུན་མ་བརྒྱབ་ནས་ཆོས་བརྒྱུད་གཞན་ཞིག་གི་སྲོལ་གཏོད་མཁན་ནས་བཟུང་བླ་མ་བརྒྱུད་པ་དང་

བཅས་པ་ལ་གཞི་མེད་སྐུར་འདེབས་ཚད་ལས་བརྒལ་བ་བྱེད་པ་ལྟ་བུས་མཚོན་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་བར་ལ་གླེང་

རྙོག་ཆེད་བཟོ་བྱེད་མཁན་གྱི་དྲར་ཞུགས་པ་ཚོས་འགན་ཁུར་གང་ཡང་མེད་པའི་བྱེད་སྟངས་སྣ་ཚོགས་ལ་བརྟེན་བརྒྱུད་

ལམ་ཁག་བེད་སྤྱོད་ལོག་པར་གཏོང་བཞིན་ཡོད་པ་རེད།།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།