དགྲ་ཤ་ལེན་རྒྱུ།

14/07/2009 19:55

འཇིགས་སྐུལ་དྲག་སྐྱོད་ཚོགས་པས་རྒྱ་དམར་ལ་ཤ་འཁོན་སློག་རྒྱུའི་དམ་བཅའ།

ཨོལ-ཁཱ་ཌ་སྒྲིག་འཛུགས་སམ་འཇིགས་སྐུལ་དྲག་སྐྱོད་ཚོགས་པས་དམ་བཅའ་བཞག་ནས་རྒྱ་ནག་ལ་འཁོན་ལན་

སློག་རྒྱུ་ཡིན་ཞེས་གསལ་བསྒྲགས་བྱས་འདུག  ཧོང་ཀོང་གི་<<ནན་ཧྭ་ཙོ་པོ་>>ཞེས་པའི་ཚགས་ཤོག་གིས་དབྱིན་

ཇིའི་སི་ཊིར་ལེན་ཨ་སེན་ཊི་(Stirleng Assynt)ལས་ཁང་གི་གནས་ཚུལ་ལུང་འདྲེན་བྱས་པ་ལྟར་ན།

ཨོལ་ཇི་རེ་ཡ་(Algeria)རྒྱལ་ཁབ་ཏུ་ཡོད་པའི་འཇིགས་སྐུལ་དྲག་སྐྱོད་ཚོགས་པའི་ཡན་ལག་ཚོགས་པ་ཨེ་སི་

ལེམ་མཱ་གྷི་རེ་བྷེ་འཇིགས་སྐུལ་དྲག་སྐྱོད་ཚོགས་པས་(ISlam Magrebe Al-qaida)རྒྱ་ནག་ལ་འཁོན་

ལན་སློག་རྒྱུ་ཡིན་ཞེས་དམ་བཅའ་བཞག་ནས་དྲ་གནས་སུ་གསལ་བསྒྲགས་བྱས་འདུག


དབྱིན་ཇིའི་སི་ཊིར་ལེན་ཨ་སེན་ཊི་ལས་ཁང་གིས་བཏོན་པའི་གནས་ཚུལ་ནང་། འདི་ནི་འཇིགས་སྐུལ་དྲག་སྐྱོད་པའི་

ཚོགས་པས་དྲ་གནས་བརྒྱུད་རྒྱནག་ལ་བཏོན་པའི་འཇིགས་སྐུལ་ཐོག་མ་དེ་ཡིན་ཡང་།    མིག་སྔར་འཛམ་གླིང་ཁྱོན་

ཡོངས་ཀྱི་ཁ་ཆའི་དྲག་སྐྱོད་པའི་ནང་དུ་རྒྱནག་ལ་འཁོན་ལན་སློག་རྒྱུའི་བསམ་ཚུལ་ཤིན་ཏུ་ཆེན་པོ་ཡིན་ཞིང་། ཁ་

ཆའི་འཇིགས་སྐུལ་དྲག་སྐྱོད་པའི་ཚོགས་ཤོག་གཞན་དག་གིས་ཀྱིང་ཨེ་སི་ལེམ་མ་གྷི་རེ་བྷེ་འཇིགས་སྐུལ་དྲག་སྐྱོད་

ཚོགས་པའི་ལབ་མོ་བྱས་ཏེ་རྒྱ་ནག་དེ་གཏོར་རྒོལ་གྱི་དམིགས་འབེན་དུ་འཇོག་སྲིད་ཀྱི་རེད་ཅེས་ཉེན་བརྡ་བཏང་

ཡོད་འདུག

འཛམ་གླིང་ཡོངས་ཀྱི་ག་ས་གང་དུ་རྒྱ་རིགས་མེད་སའི་ས་ཆ་ཞིག་མེད་པ་དང་ཨོལ་ཇི་རེ་ཡ་རྒྱལ་ཁབ་གཅིག་པུའི་

ནང་རྒྱ་རིགས་ཁྲི་ལྔ་འཚོ་སྡོད་བྱས་ཡོད་འདུག  རྒྱ་ནག་གཞུང་གི་བསྡོམས་རྩིས་ལྟར་ན། ཟླ་བདུན་པའི་ཚེས་ལྔ་ནས་

ཡུ་གུར་ཨོའུ་རོམ་ཆི་རུ་མི་རིགས་ཟིང་སློང་བསླངས་པ་ནས་བཟུང་ད་བར་མི་༡༨༤རྐྱེན་འདུས་སུ་སོང་ཡོད་པ་དང་།

མི་༡༦༨༠ལ་རྨས་སྐྱོན་ཐེབས་ཡོད་འདུག

དེ་མིན་རྒྱ་ནག་གཞུང་གིས་ཤི་རྨས་ཐེབས་མཁན་མང་ཆེ་ཤོས་རྒྱ་རིགས་ཡིན་ཚུལ་དང་། འཛམ་གླིང་ཤར་ཏིར་གི་སི་

ཐན་ཚོགས་ཆེན་གྱི་ཚོགས་གཙོ་ལྕམ་རེ་བྷེ་ཡ་ནི་ཟིང་སློང་དོན་རྐྱེན་འདི་ངན་སྐུལ་བྱེད་མཁན་གཏེ་བོ་དེ་རུ་སྐྱོེན་

འཛུགས་བྱས་ཡོད། ཡིན་ན་ཡང་ལྕམ་རེ་བྷེ་ཡ་ཡིས་དེ་ནི་མེད་པ་ཡོད་མདོག་དང་སོ་སོའི་སྐྱོན་ཆ་འགེབས་འདོད་

ཀྱི་གཡོ་སྒྱུ་རེད་ཅེས་ངོས་ལེན་བྱས་མེད།

  གཞན་ཡང་ཝང་ལེ་ཞོན་དང་འོད་ཟེར། ཡང་ཅན་ལེ་སོགས་འཛམ་གླིང་ཡོངས་གྱི་རྩོམ་པ་པོ་དང་མི་སྣ་སྐད་གྲཌ་

ཅན་༡༥༨ཀྱིས་མིང་རྟགས་བཀོད་ནས་རྒྱ་ནག་དབུས་མི་རིགས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་གཞོན་པ་ཡུ་

གུར་བ་ཨེལ་ཧམ་ཐའོ་ཧེ་ཏིས་གློད་འགྲོལ་གཏོང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་དང་འབོད་སྐུལ་ཞུ་མཁན་

མང་ཆེ་ཤོས་རྒྱ་རེད། དཔལ་འབྱོར་ཆེད་མཁས་ཡུ་གུར་བ་ཨེལ་ཧམ་ཐའོ་ཧེ་ཏིས་ནི་<<ཡུ་གུར་བའི་དྲ་རྒྱ་>>ཞེས་

པ་གསར་འཛུགས་བྱེད་མཁན་ཡིན་པ་དང་ཁོང་ཟླ་བདུན་པའི་ཚེས་བརྒྱད་ཉིན་རྒྱ་ནག་གིས་འཛིན་བཟུང་བྱས།

 

རྩོམ་པ་པོ་ཝང་ལེ་ཞོན་གྱིས་ཡོངས་གྲགས་འཕྲིན་ཡིག་ནང་དྲ་གནས་གང་ཞིག་གི་ནང་གི་མི་སྒེར་གྱི་སྨྲ་བརྗོད་དེ་

དྲ་གནས་དང་དྲ་གནས་གཙོ་སྐྱོང་པས་འགན་ཁུར་མི་དགོས་པ་དང་། སྲིད་གཞུང་གིས་ཐོག་མར་རང་སྟེང་གི་སྐྱོན་

ཆ་ངོས་ལེན་བྱས་རྒྱུ་ལས་ཉེས་ཚབ་བྱེད་མཁན་ཞིག་བཙལ་ནས་འགན་ཁུར་ལས་གཡོལ་ཐབས་བྱ་མི་རུང་ཞེས་

བཀོད་འདུག

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།