ཐེའུ་རང༌། ངས་ཁྱེད་ལ་

2009-08-04 00:23

གསལ་བཤད།  བོད་རིགས་ན་གཞོན་རྩོམ་པ་པོ་བཀྲ་ཤིས་རབ་བརྟན་ནམ། སྨྱུག་མིང་ལ་ཐེའུ་རང་ཞེས་པ། རྒྱ་གཞང་

གིས་ཟླ་སྔོན་མའི་ཕྱི་ཚེས་ ༢༦ ཉིན་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་དང༌།   དེ་ནི་ཁོང་གིས་ ༢༠༠༨ ལོའི་ཤར་

དུང་རིའི་དུས་དེབ་ཀྱི་རྩོམ་སྒྲིག་པ་གནང་ཞིང༌། ད་ལོ་ ༼ ཁྲག་ཡིག་ ༽ཅེས་པའི་སྒེར་གྱི་ཆེད་དེབ་བཏོན་པ་གཉིས་ནང༌།

ཆབ་སྲིད་ཀྱི་གནད་དོན་ཆེན་པོ་ཡོད་པར་ཉེས་འཛུགས་འོག་འཛིན་བཟུང་བྱས་པ་ཞིག་རེད།  རྩོམ་པ་པོ་བཀྲ་ཤིས་རབ་

བརྟན་ལགས་ཀྱི་ཕ་ཡུལ་སི་ཁྲོན་རྔ་བ་རྫོང་ཐང་གོར་དང༌།   ད་ལྟ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་མ་ཡིན་

ཞིང༌།  ཟླ་སྔོན་མའི་

དབྱར་གནང་གི་གུང་གསེང་དང་བསྟུན་ཏེ། ཕ་ཡུལ་ཐང་གོར་ནས་རྒྱ་གཞུང་གིས་འཛིན་བཟུང་གིས་ཁྲིན་ཏུའུ་རུ་ཁྲིད་

ཡོད་པའི་གནས་ཚུལ་ཐོན་ཡོད། དེ་རིང་བོད་ཀྱི་དུས་བབ་ཟིན་བྲིས་པ་དབུས་ཕྲུག་ཚེ་རིང་ལགས་ཀྱིས་ཐེའུ་རང་། ངས་

ཁྱེད་ལ་གླུ་ཞིག་ལེན་ཞེས་པ་རྩོམ་ཡིག་འདི་འདྲ་ཞིག་སྤེལ་འདུག

ཐེའུ་རང༌། ངས་ཁྱེད་ལ་གླུ་ཞིག་ལེན།

ཡར་ཀླུང་སོག་ཁའི་འབྲུ་བཅུད་ཟོས་ཤིང༌།།

པུར་རྒྱལ་བཙན་པོའི་གདུང་བརྒྱུད་འཛིན་པ།།

ལ་ཞེན་མཐུག་པོའི་མེ་རི་སྤར་ཏེ།།

གཡུ་འབྲུག་སྔོན་མོའི་གཉའ་ནས་བཀུག་སོང༌།།

 

ཁྲག་གི་ལོ་ཟླའི་ཁྲག་ཡིག་བྲིས་ཤིང༌།།

བསླུ་བྲིད་བཙན་པོའི་ལྟོ་བ་བཤགས་ཏེ།།

དམྱལ་ཁམས་ལྟ་བུའི་མི་ཡུལ་གླེང་ནས།།

རྒྱལ་གཅེས་དཔའ་བོའི་རྗེས་ཤུལ་སྙེག་བྱུང༌།།

 

མི་ལོ་ལྔ་བཅུའི་སེམས་ཀྱི་ན་ཟུག།

སྟོང་ལོ་བརྒྱད་པའི་ཁྲག་གི་མཚོ་མོ།།

ཐིགས་པ་རེ་རེས་དེབ་ཐེར་བཞེངས་ཏེ།།

གངས་ཅན་བོད་མིའི་སྐྱིད་སྡུག་བསྒྲགས་སོང༌།།

 

ལྕགས་ཐག་ནག་པོས་རྐང་ལག་བཅིངས་ཏེ།།

གདུག་རྩུབ་ཁྲིམས་ཀྱིས་ལུས་ཕུང་བརླགས་ཀྱང༌།།

སྙིང་སྟོབས་བཙན་པོའི་དཔའ་བློ་འདི་ཀོ།

སུ་དང་གང་གིས་སྒུལ་བར་མི་ནུས།།

 

ཁ་བ་རི་པའི་སྙིང་དམར་དབུས་ན།།

དྲག་ཆར་རླུང་འཚུབ་ནག་ནོག་དྲི་སོགས།།

གང་གིས་མི་འགོག་ཁྱེད་ཀྱི་རྡོ་རིང༌།།

མི་རབས་རྗེས་མའི་སྤྱན་སྔར་བཤམས་བྱུང༌།།

 

ཐང་དཀར་རྒོད་པོས་གཤོག་རྩལ་ངོམས་ཤིང༌།།

རླུང་ནག་འཚུབ་མོའི་སྤྲིན་རུམ་བརྟོལ་ཏེ།།

རྒྱལ་ཁམས་སྐྱེ་བོ་ཀུན་གྱི་ཁྲོད་ནས།།

བཙན་པོའི་ཞབས་ཟུང་དགུང་ལ་བཏེགས་སོང༌།།

 

གཟུགས་མེད་ལྷ་ཡི་མཐུ་ནུས་གང་ལྟར།།

བདེན་པའི་འབོད་སྒྲ་དབྱངས་སུ་གྱེར་བའི།།

མི་བུ་ཀུན་གྱིས་བདེན་ཚིག་ཅིག་གིས།།

རྒྱལ་གཅེས་དཔའ་བོ་བླ་རུ་རྒྱས་ཤོག།

༢༠༠༩། ༨། ༤།

Back

Search site

© 2009 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

How to create a free website :: Webnode

དཀོན་མཆོག་བོད་རང་བཙན་དྲ་ཚིགས།