ངོ་རྒོལ་སྐད་འབོད 12

01/07/2009 15:29

སྤྱི་ལོ༢༠༠༩ ཟླ་༦ ཚེས་ཚེས་༢༦ ཉིན་བལ་བོད་ས་མཚམས་འགྲམ་གྲོང་བརྡལ་དུ་འགྲོ་སའི་ལམ་བར་བྷ་ར་བྷི་སི་ས་

གནས་སུ་བོད་མི་ལས་འགུལ་བ་སུམ་ཅུ་སོ་ལྔ་འཛིན་བཟུང་བྱས་ཡོད་ཀྱང་།  ཁོང་ཚོར་བལ་པོའི་མི་སེར་ལག་ཁྱེར་

ཡོད་པ་ཤ་སྟག་ཡིན་པས། ནམ་རྒྱུན་བོད་མི་སྐྱབས་བཅོལ་བ་རྣམས་ལ་ཁྲིམས་གཅོད་གཏོང་བ་ལྟར་ལས་སླ་པོ་བྱུང་

མེད་པ་རེད།

ཁོང་རྣམས་བལ་བོད་གཉིས་ཀྱི་ས་མཚམས་འགྲམ་དུ་ཕྱིན་ནས་བོད་དོན་དང་འབྲེལ་བའི་ངོ་རྒོལ་སྐད་འབོད་བྱེད་

འཆར་ཡོད་འདུག་ཀྱང་འགྲམ་གྲོང་བརྡལ་ལ་འབྱོར་བར་སྤྱི་ལེ་༣༠ ཙམ་གྱི་ས་ནས་ཉེན་རྟོག་པས་བཀག་ནས་རྡུང་

རྡེག་བཏང་བ་དང། ཕྱིར་བལ་ཡུལ་རྒྱལ་སར་ཁྲིད་ནས་བཙོན་ཁང་དུ་བཀག་ཉར་བྱས་ཏེ། ངོ་རྒོལ་བྱེད་མི་ཆོག་པའི་

གཞུང་གི་བཀའ་རྒྱ་ཡོད་ལུགས་ཀྱང་བརྗོད་ཡོད་འདུག

 






Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།