གློག་བརྙན་ལ་དོ་སྣང

12/12/2009 13:29

བོད་ཀྱི་འཁྱགས་རོམ་བཞུར་བཞིན་པའི་གློག་བརྙན་ལ་དོ་སྣང༌། 

དེང་སྐབས་ཌེན་མཀ་ཀྱི་རྒྱལ་ས་ཀོ་པེན་ཧེ་གེན་ནང་དུ་ཚོགས་བཞིན་པའི་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་

གི་དཀའ་ངལ་སེལ་ཐབས་ཀྱི་ལྷན་ཚོགས་ཀྱི་ཟུར་དུ་བོད་མི་ཚོགས་ཞུགས་སྐུ་ཚབ་པ་ཚོས་བོད་ས་མཐོའི་འཁྱགས་

རོམ་བཞུར་བཞིན་པའི་གནས་སྟངས་སྐོར་གྱི་དངོས་བྱུང་གློག་བརྙན་ཞིག་གཟིགས་ཕུལ་ཞུས་པ་དེར་མི་དམངས་

ཚོས་དོ་སྣང་ཆེན་པོ་བྱས་ཡོད་པ་རེད།

དེ་ཡང་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་དེ་བཞིན་ཟླ་བ་འདིའི་ཕྱི་ཚེས་བརྒྱད་ནས་འགོ་བཙུགས་

གནང་ཡོད་ཅིང་ཕྱི་ཚེས་དགུ་ཉིན་དེའི་ཕྱི་དྲོར་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བཙན་བྱོལ་བོད་

གཞུང་གི་ཁོར་ཡུག་སྲུང་སྐྱོབ་སྡེ་ཚན་ནས་ཕེབས་པའི་སྐུ་ཚབ་ནས་བོད་ནང་གི་འཁྱགས་རོམ་བཞུར་བཞིན་པའི་

དཀའ་ངལ་སྐོར་གྱི་གློག་བརྙན་གཟིགས་འབུལ་ཞུས་ཏེ། གློག་བརྙན་དེའི་ནང་དོན་གཙོ་བོ་ནི། དེང་སྐབས་འཛམ་

གླིང་ནང་མོ་ཊ་དང་བཟོ་གྲ་སོགས་ཀྱི་དུག་རླངས་མང་དུ་ཕྱིན་ཏེ་འཛམ་གླིང་སྤྱིའི་གནམ་གཤིས་རིམ་པ་བཞིན་ཚ་

དྲོད་ཆེ་རུ་འགྲོ་བའི་ཤུགས་རྐྱེན་གྱིས་བོད་ས་མཐོའི་འཁྱགས་རོམ་གཙོས་པའི་ཧི་མ་ལ་ཡའི་ཁུལ་གྱི་འཁྱགས་རོམ་

རྣམས་ཇི་ལྟར་བཞུར་བཞིན་པའི་ཕྱོགས་ཡོངས་ཀྱི་གནས་སྟངས་དང། འཁྱགས་རོམ་བཞུར་བའི་དཀའ་ངལ་དེ་

ཡིས་ཨེ་ཤེ་ཡའི་མངའ་ཁུལ་གྱི་མི་དམངས་ས་ཡ་མང་པོར་འཐུང་ཆུ་མཁོ་སྤྲོད་བྱ་རྒྱུར་ཉེན་ཁའི་རང་བཞིན་ཇི་ལྟར་

ཡོད་མེད་སྐོར་གྱི་གློག་བརྙན་གཟིགས་འབུལ་ཞུས་ཡོད་པ་རེད།

གློག་བརྙན་དེ་ནི་ད་རེས་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་དེའི་ཟུར་དུ་མི་དམངས་མང་པོ་འདུ་

འཛོམས་ཐོག་ལ་གཟིགས་འབུལ་ཞུ་ཐུབ་པ་བྱུང་ཡོད་པ་མ་ཟད། བཙན་བྱོལ་བོད་གཞུང་གི་ཁོར་ཡུག་སྡེ་ཚན་གྱི་

འགན་འཛིན་བསྟན་འཛིན་ནོར་བུ་ལགས་ཀྱིས་བཙན་བྱོལ་བོད་གཞུང་གི་ཁོར་ཡུག་སྡེ་ཚན་གྱི་ཕྱག་ལས་ཀྱི་

དམིགས་ཡུལ་དང་ལངས་ཕྱོགས། ལྷག་པར་དུ་ད་ལྟའི་བོད་ནང་གི་འཁོར་ཡུག་གནས་སྟངས་སྐོར་ལ་ངོ་སྤྲོད་

གནང་བ་དང། དེ་རྗེས་གློག་བརྙན་དེ་གཟིགས་འབུལ་ཞུས་ཏེ། གཟིགས་མོ་གཟིགས་མཁན་གྱི་ཁྲོད་ནས་གློག་

བརྙན་དེ་གཟིགས་གྲུབ་པའི་རྗེས་དོ་སྣང་ཆེན་པོས་བོད་ནང་གི་ཁོར་ཡུག་གནས་སྟངས་སྐོར་ལ་འདྲི་བ་འདྲི་

ལན་བྱེད་མཁན་མང་པོ་བྱུང་ཡོད་པ་རེད།

དེ་ཉིན་སྔ་དྲོ་གློག་བརྙན་དེ་གཟིགས་འབུལ་མ་ཞུས་པའི་གོང་དེར་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་ལྷན་

ཚོགས་སུ་ཚོགས་བཅར་ཞུས་པའི་བཙན་བྱོལ་བོད་གཞུང་གི་ཁོར་ཡུག་སྡེ་ཚན་གྱི་འགན་འཛིན་བསྟན་འཛིན་

ནོར་བུ་ལགས་དང་བོད་ཀྱི་བེུད་ལྷན་ཚོགས་ཀྱི་སྐུ་ཚབ་བཅས་ལ་ཌེན་མཀ་ཀྱི་རྒྱལ་ཡོངས་ཀྱི་གསར་འགྱུར་

བརྒྱུད་ལམ་དང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཚོས་བོད་ནང་གི་ཁོར་ཡུག་གནས་སྟངས་སྐོར་ལ་

བཅར་འདྲི་ཞུས་ཡོད་པ་རེད།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།