གྲངས་ཉུང་མི་རིགས་

23/07/2009 08:06

     གྲངས་ཉུང་མི་རིགས་ཀྱི་སྲིད་བྱུས་འགེབས་སྲུང་།

བོད་ཀྱི་དུས་བབ།

ཝུ་རུ་མུ་ཆིར་བྱུང་བའི་ཟིང་འཁྲུག་གི་རྒྱུ་རྐྱེན་གཙོ་བོ་གྲངས་ཉུང་མི་རིགས་ལ་བཟུང་བའི་རྒྱ་ནག་གཞུང་གི་སྲིད་བྱུས་

ལས་བྱུང་བ་མིན་ཟེར།

རྒྱ་ནག་གཞུང་འབྲེལ་མི་སྣ་ཞིག་གིས་བཤད་པ་ལྟར་ན། སྤྱི་ཟླ་ ༧ ཚེས་ ༥ ཉིན་ཝུ་རུ་མུ་ཆིར་བྱུང་བའི་ཟིང་འཁྲུག་གི་རྒྱུ་

རྐྱེན་གཙོ་བོ་གྲངས་ཉུང་མི་རིགས་ལ་བཟུང་བའི་རྒྱ་ནག་གཞུང་གི་སྲིད་བྱུས་ལས་བྱུང་བ་མིན་པ་དང་། རྒྱ་ནག་གཞུང་

གིས་གྲངས་ཉུང་མི་རིགས་རྣམས་ལ་བཟུང་བའི་སྲིད་བྱུས་ནི་ནུས་པ་ལྡན་པ་ཞིག་ཡིན་ཞེས་གཞུང་འབྲེལ་གསར་ལམ་

ཁག་ཏུ་གཟའ་ལྷག་པའི་ཉིན་སྤེལ་ཡོད་འདུག

གཏམ་བཤད་འདི་ནི་སྤྱི་ཟླ་ ༧ ཚེས་ ༥ རྗེས་སུ་གྲངས་ཉུང་མི་རིགས་ལ་བཟུང་བའི་སྲིད་བྱུས་འགེབས་སྲུང་བྱེད་པའི་

གཏམ་བརྗོད་ཁ་གསལ་ཤོས་དེ་ཆགས་ཡོད་ན་ཡང་། རྒྱ་ནག་གི་གྲངས་ཉུང་མི་རིགས་སྲིད་བྱུས་ལ་ ༧་༥ དོན་རྐྱེན་མ་

བྱུང་བའི་སྔོན་ནས་བཟུང་བཙན་བྱོལ་དུ་ཡོད་པའི་གྲངས་ཉུང་མི་རིགས་ཀྱི་དབུ་ཁྲིད་རྣམས་དང་གྲངས་ཉུང་མི་རིགས་

ཀྱི་ས་ཁུལ་དུ་གནས་སྡོད་བྱེད་པའི་མི་སེར་རྣམས་ཀྱིས་སྐྱོན་བརྗོད་བྱེད་བཞིན་ཡོད་པ་རེད།

རྒྱ་ནག་ཉིན་རེའི་གསར་ཤོག་ཅེས་པའི་དབྱིན་ཡིག་ཚགས་པར་དུ་གནས་ཚུལ་བཀོད་པ་ལྟར་ན། མི་རིགས་ལས་དོན་

ཁང་གི་འགན་འཛིན་གཞོན་པ་ ཝུ་ཧྲི་མིན་ གྱིས་གཟའ་མིག་དམར་ཉིན་གསར་འགོད་གསལ་བསྒྲགས་ཤིག་གི་སྟེང་

དུ། ཝུ་རུ་མུ་ཆི་རུ་བྱུང་བའི་དྲག་སྤྱོད་ཀྱི་ཁྲིམས་འགལ་དེ་དག་གཞུང་གི་སྲིད་བྱུས་ལ་འབྲེལ་བ་རྩ་བ་ནས་མེད་ཅེས་

བཤད་འདུག

སྣུམ་གྱི་གཏེར་ཁས་ཕྱུག་པའི་ཞིན་ཅང་དུ་ཡོད་པའི་ཡུ་གར་བ་མང་པོ་ཞིག་གིས་ལས་གནས་དང་སྐད་ཡིག ཆོས་ལུགས་

ལ་འབྲེལ་བ་ཡོད་པའི་གཞུང་གི་སྲིེད་བྱུས་མང་པོ་ཞིག་ལ་ཡིད་ཐང་ཆད་པ་དང་སེམས་ཁྲལ་ཡོད་པའི་ཚོར་བ་རྗོད་ཀྱིན་

ཡོད་འདུག དཔེར་ན། ཁོང་རྣམས་ཀྱིས་རྒྱ་ནག་གཞུང་གིས་ཁ་ཆེ་ཆོས་ལུགས་ཉམས་ལེན་བྱེད་པར་ཚད་བཀག་མང་པོ་

ཞིག་བཟོ་གིན་འདུག་ཟེར། ཁོང་རྣམས་ཀྱིས་རྒྱ་ནག་གིས་གཉེར་པའི་ཚོང་ལས་དང་ཞིང་ཁ། དཔལ་འབྱོར་འཛུགས་སྐྲུན།

སྣུམ་གྱི་བཟོ་གྲྭ་སོགས་ཀྱིས་ཡུ་གར་རྣམས་ལ་མཐོང་ཆུང་དང་རིགས་དགར་བྱས་ཏེ་ལས་ཀར་མི་ལེན་པའི་སྐྱོན་རྗོད་བྱེད་

ཀྱིན་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་ཡུ་གར་གྱི་སྐད་ཡིག་སློབ་གྲྭའི་འཛིན་ཁང་ནང་དུ་བེད་སྤྱོད་བྱེད་པར་བཀག་

འགོག་ཤུགས་ཆེན་བྱེད་ཀྱིན་ཡོད་པར་སེམས་ཁྲལ་ཡང་བྱེད་བཞིན་ཡོད་འདུག

ཡུ་གར་བ་དང་ཕྱི་རྒྱལ་གྱི་མཁས་པ་རྣམས་ཀྱིས་སྲིད་བྱུས་འདི་ལྟ་བུས་ཡུ་གར་རྣམས་ལ་ཁོང་ཁྲོ་ཆེན་པོ་སློང་བ་དང་།

ལྷག་པར་དུ་གནས་སྤོར་ནས་ཡོང་བའི་ཧན་རྒྱ་རིགས་རྣམས་དང་ལྷན་དུ་ལས་གནས་ལ་འགྲན་མི་ཐུབ་པའི་གཞོན་སྐྱེ་

རྣམས་ལ་ཁོང་ཁྲོ་ཆེན་པོ་སློང་གི་ཡོད་ཟེར། ཞིན་ཅང་དུ་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་ཡུན་རིང་བྱས་པའི་

ཝང་ལེ་ཆོན་ གྱིས་སྲིད་བྱུས་འདི་དག་བཟོས་པ་དང་ལག་བསྟར་བྱས་པར་སྐྱོན་རྗོད་བྱེད་ཀྱིན་ཡོད་པ་རེད།

བོད་པ་ཚོས་ཀྱང་སྲིད་བྱུས་འདི་དག་གི་སྟེང་དུ་ཡིད་ཐང་ཆད་པའི་ཚོར་བ་འདོན་གྱིན་ཡོད་པ་རེད། ཡིན་ན་ཡང་། ཧན་

རྒྱ་རིགས་མང་པོ་ཞིག་གིས་ཡུ་གར་དང་བོད་པ་གཙོས་པའི་རྒྱ་ནག་གི་གྲངས་ཉུང་མི་རིགས་རྣམས་ལ་ཁེ་ཕན་མང་དྲག་

འདུག་ཅེས་བཤད་ཀྱིན་ཡོད་པ་རེད།

དཔེར་ན། ཁོང་ཚོས་བཤད་རྒྱུར། རྒྱ་ནག་གཞུང་གིས་ཡུ་གར་བ་རྣམས་ལ་ཉེས་ཆད་མེད་པར་ཕྲུ་གུ་གཉིས་གསུམ་རེ་སྐྱེ་རུ་

འཇུག་གི་ཡོད་པ་དང་། ཧན་རྒྱ་རིགས་རྣམས་ཀྱིས་ཕྲུ་གུ་གཅིག་ལས་བཙས་མི་ཆོག ད་དུང་རྒྱ་ནག་གཞུང་གིས་སློབ་གྲྭ་

ཆེན་མོར་འགྲོ་བའི་ཡུ་གར་སློབ་མ་རྣམས་ལ་སྐར་གྲངས་ལྷག་མ་སྟེར་གྱིན་ཡོད་པ་རེད་ཟེར། སྲིད་བྱུས་བྱེ་བྲག་ལ་མི་འདྲ་

ས་ཡོད་ན་ཡང་། སྤྱིར་གྲངས་ཉུང་མི་རིགས་ལ་བཀོལ་བའི་སྲིད་བྱུས་རྣམས་འདྲ་བོ་ཡོད་འདུག
 
སྐུ་ཞབས་ཝུ་ཡིས་བཤད་རྒྱུར། གྲངས་ཉུང་མི་རིགས་ཀྱི་སྲིད་བྱུས་ཀྱིས་ལས་ཀ་བྱེད་ཀྱིན་ཡོད་ན་ཡང་། དགོས་མཁོར་ཐུག་

ན་ཡར་རྒྱས་གཏང་སྲིད་པ་རེད་ཟེར་ཞེས་རྒྱ་ནག་ཉིན་རེ་ཚགས་པར་གྱིས་གནས་ཚུལ་བཀོད་འདུག ཁོང་གིས་མུ་མཐུད་

དུ་བཤད་དོན། ས་གནས་གཞུང་གིས་ལག་ལེན་ཡག་པོ་བྱེད་དགོས་ཀྱིན་ཡོད་སྲིད་པ་རེད་ཟེར།

ད་ལྟའི་སྲིད་བྱུས་ཀྱི་ནང་དུ་དབུས་གཞུང་གིས་གཏན་འབེབས་བྱས་པའི་རྩ་འཛིན་ལམ་སྟོན་དང་ས་གནས་གཞུང་གི་

སྟངས་འཛིན་བྱེད་ཕྱོགས་བཅས་འདུས་ཡོད་པ་རེད། འོན་ཀྱང་། ས་གནས་ལ་ཚད་བཙུགས་ཏེ་སྲིད་བྱུས་གཏན་འབེབས་

བྱེད་སྐབས་གོ་རྟོགས་ཡག་པོ་ཞིག་དགོས་ཀྱི་འདུག་ཟེར།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།