གསུམ་བསད་འདུག

13/07/2009 18:30

དེ་རིང་ཡུ་གུར་བ་གསུམ་བསད་འདུག

བོད་ཀྱི་དུས་བབ།

དེ་རིང་ཕྱི་དྲོ་ཞིན་ཅང་གི་ཉེན་རྟོག་པས་ཝུ་རུ་མུ་ཆི་ནས་ཡུ་གུར་བ་གསུམ་བསད་འདུག       ཧོང་ཀོང་གི་རླུང་འཕྲིན་

ཁང་ཞིག་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་ཕྱི་དྲོ་ཝུ་རུ་མུ་ཆི་ནས་ཡུ་གུར་བ་གསུམ་གྱིས་ལག་ལ་གྲི་བཟུང་སྟེ་རྒྱའི་

ཉེན་རྟོག་པ་ཚོའི་ཐོག་བརྒྱུགས་སྐབས། ཉེན་རྟོག་པས་མེ་མདའ་བརྒྱབས་ཏེ་མི་གསུམ་པོ་དེ་བསད་ཡོད་འདུག དོན་རྐྱེན་

དེ་དངོས་སུ་མཐོང་མཁན་གྱིས་བཤད་དོན། ཉེན་རྟོག་པས་མེ་མདའ་ཐེངས་ ༡༠ ལྷག་ལ་བརྒྱབས་སོང་ཟེར།  ཡུ་གུར་བ་

གསུམ་བསད་ས་དེ་ནི་ཝུ་རུ་མུ་ཆི་རུ་ཡོད་པའི་ལྷ་ཁང་དཀར་པོ་ཞིག་ཡོད་པའི་འགྲམ་གྱི་ཁྲོམ་ར་དེ་ཡིན་པ་དང་། ཁོང་ཚོ་བསད་ས་དེར་ཁྲག་དམར་འཁྱིལ་ནས་བསྡད་འདུག་ཟེར།

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།