གཟེངས་རྟགས།

25/07/2009 19:06

གྷན་དྷིའི་ཐེབས་རྩ་ཁང་གི་གཟེངས་རྟགས།

ཟླ་འདིའི་ཚེས་༢༢ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། འབར་མའི་རང་དབང་འཐབ་རྩོད་

པ་དང་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ། ལྕམ་ཨ་སང་སུ་ཅེ་བཟང་བཙོན་བཀག་ཉར་འོག་ཏུ་བསྡད་

ནས་མི་ལོ་ཧྲིལ་པོ་༢༠ ཟླ་འདིའི་ཚེས་༢༠ ཉིན་འཁོར་བའི་དུས་དང་བསྟུན། ལྷོ་ཨ་ཧཕི་རི་ཁའི་ནང་རྟེན་གཞི་བྱས་

ཡོད་པའི་སེམས་པ་ཆེན་པོ་གྷན་དྷིའི་ཐེབས་རྩ་ཁང་གིས། གྷན་དྷིའི་ཞི་བདེའི་གཟེངས་རྟགས་ཟེར་བ་ལྕམ་ཨ་སང་སུ་

ཅེ་མཆོག་ལ་ཕུལ་ཡོད་པ་རེད།


   དེ་ཡང་སྐྱབས་བཅོལ་དུ་ཡོད་པའི་འབར་མའི་སྲིད་བློན་གྱིས། ལྕམ་ཨ་སང་སུ་ཅེའི་ཚབ་བྱས་ནས་གཟེངས་རྟགས་

དེ་བཞེས་ཡོད་ཅིང༌།     སྐབས་དེར་སེམས་པ་ཆེན་པོ་གྷན་དྷིའི་ཐེབས་རྩ་ཁང་གི་ཚོགས་གཙོ་ཁཱིར་ནཱའི་མཆོག་གིས་

གཟེངས་རྟགས་འདིའི་ཚེས་གྲངས་བདུན་པའི་༢༠ ལ་བདམས་དགོས་དོན་ནི། འབར་མའི་དམག་གཞུང་གིས་ལྕམ་ཨ་

སང་སུ་ཅེ་བཀག་ཉར་བྱས་ནས་མི་ལོ་༢༠ ཧྲིལ་པོ་འཁོར་བའི་དུས་དྲན་དང་ཁེལ་གྱི་ཡོད་པས་ཡིན་ལ།

 

ལྕམ་སུ་ཅེ་མཆོག་ནི་གྷན་དྷིའི་སོགས་འཛམ་འཛམ་གླིང་ནང་ཞི་བདེའི་ཆེད་དུ་ཕྱག་ལས་གནང་མཁན་ཚོའི་རྗེས་

འབྲངས་པ། དྲང་བདེན་དང༌། འཚེ་བ་མེད་པ། ཞི་བདེ་བཅས་ལ་ཡིད་ཆེས་བྱས་ཏེ་ཕྱག་ལས་གནང་མཁན་གྱི་དཔའ་

མོ་ཞིག་ཡིན་པས། ང་ཚོའི་ངོས་ནས་གཟེངས་རྟགས་འདི་ལྕམ་སུ་ཅེ་མཆོག་ལ་ཕུལ་བ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཡོད་

པ་རེད།
   
དེ་བཞིན་འབར་དམག་གཞུང་གི་འོག་ནས་སྡུག་བསྔལ་མྱོང་བཞིན་པ་དང༌། རང་སྲོག་བློས་བཏང་གིས་འཐབ་

རྩོད་བྱེད་བཞིན་པའི་འབར་མའི་མི་མང་ཕོ་མོ་ཡོངས་རྫོགས་ལ། ལྷོ་ཨ་ཧཕི་རི་ཁའི་ངོས་ནས་རྒྱབ་སྐྱོར་གཙང་མ་ཡོད་

ཅེས་གཟེངས་རྟགས་འབུལ་བཞེས་སྐབས་ཀྱི་ལྷན་ཚོགས་སྟེང་གསུང་བཤད་གནང་ཡོད་པ་རེད།།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།