གཟུགས་པོ་དཔང་རྟགས་

02/08/2009 22:33

གཟུགས་པོ་འདི་དཔང་རྟགས་བྱེད་འདོད་ཡོད།

བོད་ཀྱི་བང་ཆེན་གསར་ཁང་གིས་༢༠༠༨ ལོའི་ཞི་རྒོལ་དུ་ཞུགས་མཁན་ཏྲེ་ཧོར་ཚེ་དབང་དོན་འགྲུབ་

ལགས་སུ་བཅར་འདྲི།

དྲི་བ། རྒྱ་མིའི་མེ་མདའ་བརྒྱབ་སྟེ་ཁྱེད་རང་གི་ལག་པར་རྨས་སྐྱོན་ཕོག་པ་དེ། ད་ལྟ་སྣེ་ལེན་ཁང་གི་ལྟ་སྐྱོང་འོག་

ནས་སྨན་བཅོས་བྱེད་ཀྱི་ཡོད་རེད། སྨན་བཅོས་བྱེད་ཐུབ་རྒྱུའི་རེ་བ་འདྲ་འདུག་གམ།
ལན། ལྡི་ལིའི་སྨན་ཁང་ཆེན་པོ་ཞིག་ནང་སོང་པ་རེད། སྨན་ཁང་དེ་དག་ནང་རྩ་དང༌། པགས་པ། རུས་པ་སོགས་

ཀྱི་སྡེ་ཚན་མི་འདྲ་བ་མང་པོ་འདུག ངའི་ལག་པ་སྟོན་པའི་སྐབས་གཙང་དྲག་ཡོང་རྒྱུ་དཀའ་ལས་ཁག་པོ་ཆགས་

འདུག དམིཌ་བསལ་གྱིས་རྩ་དང་རུས་པར་ལྟ་སྐབས་ལག་པར་བརྐྱངས་བསྐུམས་ཀྱི་ལུས་རྩལ་མང་པོ་སྦྱོང་དགོས་

ཀྱི་འདུག ལག་པ་གཉིས་ཕྲ་སྦོམ་མ་ཤོར་བ་ཙམ་ལས་གཙང་དྲག་ཡོང་རྒྱུ་ཅི་ཡང་མི་འདུག

དྲི་བ། ད་དུང་དུས་ཚོད་ག་ཚོད་རིང་སྨན་བཅོས་བྱས་ནས་སྡོད་དགོས་པ་རེད།
ལན། ད་དུང་ཟླ་བ་༦ རིང་སྨན་ཟ་དགོས་ཀྱི་ཡོད་རེད། འདིའི་རིང་ལ་ལག་པར་ལུས་རྩལ་མང་པོ་སྤྲོད་དགོས་ཀྱི་

འདུག དེའི་རྗེས་སུ་སྨན་ཁང་ནང་སོང་ནས་གཙོ་བོ་ལག་པ་ཕྲ་སྦོམ་མ་ཤོར་བ་བྱེད་རྒྱུ་དེ་རེད་མ་གཏོགས། གཞན་

སྨན་བཅོས་བྱས་ནས་དྲག་རྒྱུར་ཕན་ཐོགས་ཡོད་པ་ཞིག་མ་རེད།


དྲི་བ། སྨན་བཅོས་གྲུབ་སྟེ་སྣེ་ལེན་ཁང་ནས་ཐོན་པའི་རྗེས་སུ་ག་རེ་གནང་རྒྱུའི་འཆར་གཞི་ཡོད།
ལན། ད་ལྟ་འཆར་གཞི་གང་ཡང་མེད། ཡིན་ནའང་ང་དང་པོ་བོད་ནས་ཡར་ཡོང་པའི་སྐབས་ནས། བོད་མི་ས་

ཡ་༦ ལ་ཕན་ཞིག་ཨེ་ཐོགས་བསམས་ནས་ཡོང་པ་རེད། འདིར་བོད་གཞུང་དེའང་བོད་མི་ས་ཡ་༦ གི་ཆེད་དུ་

བཙུགས་པ་རེད། གཞུང་གིས་བོད་མི་ཚོར་ཕན་པའི་ལས་ཀ་འདྲ་སྤྲད་པ་ཡིན་ན་ངས་ལྷག་བསམ་རྣམ་དག་གིས་

ལས་ཀ་བྱས་ན་བསམ་གྱི་འདུག ཆེན་པོ་བྱེད་ཀྱི་ཡིན་ཟེར་ནའང། ང་རང་གི་ཤེས་ཡོན་གྱིས་ཡོང་གི་མ་རེད་བསམ་

གྱི་འདུག གང་ལྟར་བོད་ནང་ཡོད་པའི་བོད་མི་ཚོར་ཕན་ཐོགས་པའི་ལས་ཀ་ཞིག་ཡིན་ཚེ། ངས་ལྷག་བསམ་རྣམ་

དག་གིས་བྱེད་བསམ་གྱི་འདུག


དྲི་བ། ཁྱེད་རང་གིས་བོད་ཀྱི་དགུ་བཅུ་གསུམ་ཚོགས་པར་འབྲེལ་བ་དང། སྐད་ཆ་ག་རེ་ཞུས་ཡོད་མེད་སྐོར་

གསུངས་རོགས།
ལན། ང་རང་རང་མོས་ཀྱིས་ཕྱིན་པ་ཡིན། དགུ་བཅུ་གསུམ་ཆབ་སྲིད་ཀྱི་ཚོགས་པ་རེད་འདུག ང་རང་ཡང་

བོད་ནང་ཆབ་སྲིད་ཀྱི་ལས་ཀ་བྱེད་མྱོང་མཁན་ཡིན་པས་དེར་སོང་བ་ཡིན། སྤྱིར་བཏང་ཚོགས་པ་དེར་འཛུལ་

བ་ལ་ང་ཚོགས་པ་དེར་འཛུལ་གྱི་ཡིན་ཟེར་ནས་ཡར་བཤད་སར་འགྲོ་དགོས་ཀྱི་ཡོད་འདུག ང་སླེབས་ནས་

མང་པོ་ཕྱིན་ཡོད་མ་རེད། ཁ་སང་ཁྱུག་ཙམ་ཕྱིན་པ་ཡིན། སྐབས་དེར་སང་ཉིན་ཡང་བསྐྱར་ཤོག་ཟེར།        


དྲི་བ། སློབ་སྦྱོང་བྱེད་སར་འགྲོ་རྒྱུའི་འཆར་གཞི་ཡོད་དམ།
ལན། ངའི་རེ་བ་ལ་སློབ་སྦྱོང་བྱེད་སར་ཏོག་ཙམ་འགྲོ་ཐུབ་ན་བསམ་གྱི་འདུག ད་ལྟའི་སྐབས་ཟ་སྐད་འཐུང་སྐད་

ཀྱང་ཤེས་ཀྱི་མི་འདུག ཡིན་ནའང་སྔོན་མ་ངོ་རྒོལ་སྐབས་རྨས་སྐྱོན་ཕོག་ནས་ལོ་གཅིག་དང་ཟླ་བ་ལྔ་ཙམ་ལ་སྨན་

བཅོས་རྩ་བ་ནས་རག་མེད་པས། ངའི་གཟུགས་པོ་སྨན་བཅོས་ལ་ད་དུང་ལོ་༡ ལྷག་ཙམ་འགོར་གྱི་རེད་བསམ་གྱི་

འདུག ད་དུང་ངའི་རེ་བ་གཞན་པ་ཞིག་ལ་གནས་སྐབས་སྨན་བཅོས་ཕྱིར་འཐེན་བྱས་ནས། ཕྱིའི་རྒྱལ་ཁབ་ཁག་ལ་

ལག་པ་དང་གཟུགས་པོ་དཔང་རྟགས་ལ་ཁྱེར་ནས་བོད་མིའི་གནས་སྟངས་ཁྱབ་བསྒྲགས་བྱེད་ཐུབ་ན་བསམ་གྱི་

འདུག


དྲི་བ། ད་ལྟའི་དུས་ལ་ཕྱིའི་རྒྱལ་ཁབ་ཁག་ཏུ་ཁྱབ་བསྒྲགས་འགྲོ་ཆེད་དུ་བོད་གཞུང་བདེ་སྲུང་སོགས་ལ་དེའི་སྐོར་

སྐད་ཆ་བྱུང་སོང་ངམ།
ལན། དེ་འདྲའི་སྐོར་སྐད་ཆ་གང་ཡང་བྱུང་མ་སོང༌། ཡིན་ནའང་ྋསྐྱབས་མགོན་རིན་པོ་ཆེར་དེའི་སྐོར་ཆ་ཚང་

ཡར་ཞུས་ཡོད། ང་མི་དངོས་པོས་གཟུགས་པོ་འདི་དཔང་རྟགས་བྱས་ནས། བོད་མིར་རྒྱ་ནག་གཞུང་གིས་ཇི་ཙམ་

སྡུག་པོ་བཏང་ཡོད་མེད་སྐོར་ཁྱབ་བསྒྲགས་བྱེད་ཐུབ་ན་བསམ་པ་ཞིག ང་རང་གི་ངོས་ནས་རེ་བ་དེ་འདྲ་རྒྱག་གི་

ཡོད།


དྲི་བ། ཁྱེད་རང་བོད་ནས་དཀའ་ལས་བརྒྱབ་ནས་རྒྱ་གར་དུ་སླེབས་པ་རེད། འདིར་སྣེ་ལེན་ཁང་དང་བོད་མི་ཚོས་

ཁྱེད་རང་ལ་ལྟ་སྟངས་གི་ཐོག་སེམས་ཚོར་གང་འདྲ་བྱུང་ངམ།


ལན། དངོས་གནས་སྣེ་ལེན་ཁང་དང་བོད་མི་ཚོས་ཡག་པོ་ཞེ་དྲག་བྱེད་ཀྱི་འདུག གཙུག་ལག་ཁང་གི་གཡས་གཡོན་

དུ་འགྲོ་སྐབས། མི་མང་པོས་ཁྱེད་རང་གིས་དཀའ་ལས་ཞེ་དྲག་བརྒྱབ་འདུག་ཐུགས་རྗེ་ཆེ་ཟེར་བ་དང༌།   རྒན་ཁོག་

མང་པོས་ལག་པར་འཇུས་ནས་ཁྱེད་རང་བཀའ་དྲིན་ཆེན་པོ་ཡིན་ཟེར་བ་དང། དེ་བཞིན་གཞོན་སྐྱེས་ཚོས་དགའ་པོ་

བྱེད་ཀྱི་འདུག     ང་རང་ངོས་ནས་ཀྱང་རང་སྲོག་འབེན་ལ་བཙུགས་ནས་དཀའ་ལས་བརྒྱབ་པ་དེ་གོ་ཆོད་འདུག་

བསམས་ནས། སེམས་ནང་དགའ་སྣང་ཞེ་དྲག་ཡོང་གི་འདུག།


དྲི་བ། ད་ལྟའི་དུས་སུ་ཁྱེད་རང་ལ་དཀའ་ངལ་ཆེ་ཤོས་ག་རེ་འདུག
ལན། ད་ལྟ་དཀའ་ངལ་ཆེ་ཤོས་ཟེར་བ་གང་ཡང་མི་འདུག ཟ་རྒྱུ་འཐུང་རྒྱུ་ནི་གཞུང་གིས་མཁོ་སྤྲོད་གནང་ཡོང་གི་

འདུག ཡིན་ནའང༌། གསར་འགོད་པ་དང་མི་མང་པོ་འཛོམས་སར་སྐད་ཆ་བཤད་སྐབས། སྐད་སྒྱུར་བཏང་བ་དེ་དག་

གིས་ངས་བཤད་པ་བཞིན་ཆ་ཚང་སྒྱུར་ཐུབ་ཨེ་ཡོད་བསམ་ནས་དོགས་པ་ཡོང་གི་འདུག ངའི་སེམས་ནང་སྐད་སྒྱུར་

ཡག་པོ་ཞིག་མ་བཏང་ན། སྐད་ཆ་བཤད་པ་ཚང་མ་ཡག་པོ་བསྒྱུར་མ་ཐུབ་ན་འགྲིག་མ་སོང་བསམ་པའི་སེམས་འཚབ་

ཅིག་འདུག །

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།