གཞུང་གི་ཁས་ལེན།

06/12/2011 14:59

 

སེ་རི་ཡ་གཞུང་གི་ཁས་ལེན།

ཉེ་ལམ་ཨ་རབ་མཐུན་ཚོགས་ཀྱིས་སེ་རི་ཡའི་གཞུང་ལ་གྲོས་དོན་ཞིག་ཕུལ་ཡོད་ཅིང་ བཙོན་འཇུག་བཀག་ཉར་འོག་ཡོད་པའི་ཞི་རྒོལ་མི་མང་ཀློད་རྒྱལ་སྤྱིའི་ལྟ་ཞིབ་པ་སེ་རི་ཡའི་ནང་གཏོང་རྒྱུ་དང་ སྲིད་འཛིན་བྷག་ཤར་དང་འབྲེལ་བའི་སེ་རི་ཡའི་མཐོ་རིམ་དཔོན་རིགས་རྣམས་ཨ་རབ་རྒྱལ་ཁབ་ཁག་ནང་ཕྱི་བསྐྱོད་བྱ་རྒྱུར་འགོག་རྐྱེན་བཟོ་རྒྱུ། དབུས་གཞུང་གི་དངུལ་ཁང་དང་འབྲེལ་ཐག་གཅོད་རྒྱུ་སོགས་འགོག་རྐྱེན་རིགས་ལག་བསྟར་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་ལ། ༥ ཨ་རབ་མཐུན་ཚོགས་ཀྱིས་ཕྱི་ཟླ་པའི་ནང་གྲོས་དོན་ཁག་ཅིག་སེ་རི་ཡ་གཞུང་ལ་སྤྲད་ཡོད་པར་ཁས་ལེན་མ་བྱས་སྟབས།༢༥ ཐེངས་འདིར་བསྐྱར་དུ་ཉེན་བརྡ་དང་ལྷན་དུ་གྲོས་དོན་ཞིག་ཕུལ་པར།༥ གྱིས་ཨ་རབ་མཐུན་ཚོགས་ཀྱི་གྲོས་དོན་ཁག་ལ་ཁས་ལེན་མིང་རྟགས་འགོད་རྒྱུའི་བརྡ་ལན་ཕུལ་ཡོད་ཀྱང་བར་གྱི་གྲོས་དོན་ཁག་ལ་མིང་རྟགས་མ་བཀོད་གོང་དེ་སྔའི་འགོག་རྐྱེན་དག་འཕྲད་དུ་ཕྱིར་འཐེན་བྱ་དགོས་པའི་ཆ་རྐྱེན་བཏོན་ཡོད་འདུག

སེ་རི་ཡའི་ནང་དྲག་གནོན་མུ་མཐུད་གནས་ཡོད་འདུལ་ལ། ༥  ༡༧  ཕྱི་ཟླ་ པའི་ནང་ཁྱོན་མི་སྲོག་ཤོར་ཡོད་པ་དང་ར་ཟིང་འཁྲུག་བྱུང་པ་ནས་མི་ལྷག་རྐྱེན་ལམ་དུ་བཏང་ཡོད་འདུག

 བནྡེ་སྐྱབས།

བོད་ཀྱི་དུས་བབ།

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།