གནམ་ཐང་དུ་བཀག་འགོག

01/04/2012 14:29

 

གཞོན་ནུ་ཚོགས་གཙོ་རྒྱ་གར་གནམ་ཐང་དུ་བཀག་འགོག་བྱས་པ།

 
རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་རྒྱ་གར་ནང་གཞུང་འབྲེལ་གྱི་བལྟ་བསྐོར་དུ་སླེབས་པའི་སྐབས། རྒྱ་གར་གཞུང་འབྲེལ་གྱིས་ཆེས་བསྟོད་ཕེབས་བསུ་ཞུས་པ་སོགས་བྱས་ཏེ་དུས་ཡུན་ཚོུད་འགའ་ཤས་སོང་རྗེས། བོད་ཀྱི་གཞོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཨ་མི་རི་ཁ་ནས་རྒྱ་གར་ཨིན་དི་ར་གན་དིའི་གནམ་ཐང་དུ་འབྱོར་བའི་སྐབས། རྒྱ་གར་གཞུང་གི་གཞིས་ཆགས་ལས་ཁུངས་ཀྱི་མི་སྣས་བོད་ཀྱི་གཞོན་ནུའི་ཚོགས་གཙོ་རྒྱ་གར་ནང་དུ་འཛུལ་མི་ཆོག་པའི་བཀག་འགོག་བྱས་ཡོད་པ་རེད།

གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ནི་ཨ་མི་རི་ཁའི་རྒྱལ་ཁོངས་མི་སེར་གྱི་ལག་འཁྱེར་ཡོད་པ་ཞིག་དང་། རྒྱ་གར་ནང་འཛུལ་ཆོག་པའི་ཡིག་ཆ་ཚང་མ་ཡོད་པ་ཞིག་ཀྱང་རེད། ཉེ་བའི་ཆར་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་གི་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་མདུན་དུ་བོད་ཀྱི་གཞོིན་ནུ་ལྷན་ཚོགས་ཀྱི་འགོ་ཁྲིད་པའི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།
བོད་ཀྱི་གཞོན་ནུ་ཚོགས་པའི་ཚོགས་གཞོན་དོན་འགྲུབ་ལྷ་དར་ལགས་ཀྱིས་གསུངས་པར། རྒྱ་གར་གཞུང་གིས་རྒྱ་ནག་གཞུང་ལ་འཛིན་པའི་ནོར་འཁྲུལ་གྱི་སྲིད་བྱུས་མུ་མཐུད་ལག་བསྟར་བྱེད་པར་སྐྱོན་འཛུགས་དང་བོད་རང་བཙན་བྱུང་ན་རྒྱ་གར་ལའང་ཕན་ཐོག་ཆེ་བ་ཡོད་པའི་དགོས་པ་རྒྱུ་མཚན་ད་དུང་ཡང་མ་རྟོགས་པའི་ཕྱག་བཞེས་ལ་བློ་ཕམ་གྱི་རང་བཞིན་ཞིག་ཡིན་ལུགས་སོགས་གསུངས་ཡོད་པ་སོགས་ཀྱི་གནས་ཚུལ་ཐོན་འདུག།

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།