སྲོག་སྐྱོབ་རོགས།

10/04/2009 18:49

སྲོག་སྐྱོབ་རོགས།  

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ལྷ་སའི་ཁྲིམས་ཁང་གིས་བོད་མི་བཞི་ལ་སྲོག་ཁྲིམས་བཅད་པའི་ཐད་ཤུགས་ཆེ་སྐྱོན་བརྗོད་བྱས་ཡོད་པ་རེད།

ཕྱི་ཚེས་ ༡༠ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ལྷ་ས་གྲོང་ཁྱེར་འབྲིང་རིམ་ཁྲིམས་ཁང་གིས་ཁྲིམས་ལུགས་ཀྱི་འགྲོ་ལུགས་མ་བརྒྱུད་པར་བོད་མི་བཞི་ལ་སྲོག་ཁྲིམས་བཅད་པར་ཤུགས་ཆེའི་སྐྱོན་བརྗོད་བྱས་ཡོད་ལ། མི་བཞིའི་ཁྲོད་ནས་བློ་བཟང་རྒྱལ་མཚན་དང་བློ་ཡག་གཉིས་ཀྱི་གྱོད་དོན་ལ་རྒྱ་ནག་གི་ཆེས་མཐོའི་ཁྲིམས་ཁང་ནས་བསྐྱར་ཞིབ་ཀྱང་བྱས་ཡོད་ཚུལ་བརྗོད་འདུག

བོད་མི་མང་སྤྱི་འཐུས་ལྷན་ཁང་གིས་རྒྱལ་སྤྱིའི་སྟེང་ཞི་བདེ་དང་དྲང་བདེན་ལ་དགའ་བའི་མི་སྒེར་དང་ཚོགས་པ་ཁག གཞུང་བཅས་ཀྱིས་བློ་བཟང་རྒྱལ་མཚན་དང་བློ་ཡག་གཉིས་ཀྱི་སྲོག་སྐྱོབ་ཐབས་ལ་ཤུགས་སྣོན་རྒྱག་དགོས་པའི་འབོད་སྐུལ་ཞུས་འདུག་ལ། དེ་བཞིན་སྐལ་བཟང་ཕུན་ཚོགས་དང་ཀན་ཚུགས་གཉིས་ལའང་གཅིག་མཚུངས་ཀྱི་སྲུང་སྐྱོབ་ཞུ་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད། ཁོང་གཉིས་ལོ་གཉིས་ཀྱི་རྗེས་ལ་སྲོག་ཁྲིམས་གཅོད་རྒྱུའི་ཐག་གཅོད་བྱས་ཡོད་འདུག

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།