སྲོག་ཐོག་བཏང་འདུག

22/10/2009 17:28

སྔ་ལོའི་ཞི་རྒོལ་དང་འབྲེལ་བའི་བོད་མི་བཞི་ལྷ་སར་སྲོག་ཐོག་

                                 བཏང་ཡོད་པའི་སྐོར།

 བོད་གཞུང་དྲ་གནས།

༄༅། །འདི་གར་ཁུངས་ལྡན་གྱི་གནས་ཚུལ་འབྱོར་གསལ། ཕྱི་ལོ་ ༢༠༠༩ ཟླ་ ༡༠ ཚེས་ ༢༠ ཉིན་ལྷ་སར་རྒྱུན་གཏན་

དང་མི་འདྲ་བར་སྤྱི་བདེ་ཉེན་རྟོག་པ་དང་དྲག་ཆས་དམག་མི་མངོན་གསལ་དང་མངོན་གསལ་མ་ཡིན་ པའི་ཐོག་

ནས་ཁྱོན་ཆེ་བཀྲམ་ཡོད་པ་མ་ཟད། ཉིན་ཤས་སྔོན་ནས་ལྷ་སའི་ནང་ས་ཁུལ་དང་གྲོང་ལྷན་སོ་སོར་བསྐོར་གཡེང་བྱ་

རྒྱུ་མང་དུ་བཏང་སྟེ་དམ་བསྒྲགས་ཆེན་པོ་བྱེད་བཞིན་ཡོད་པ་དང༌། གྲོང་ལྷན་ཁག་གཅིག་ནས་ཚོང་པ་ཁག་གཅིག་

འཛིན་བཟུང་བྱས་པ་དང་འབྲེལ་ཁང་བདག་དང་གྲོང་ལྷན་གྱི་འགོ་ཁྲིད་རེ་གཉིས་ཀྱང་འཛིན་བཟུང་བྱས་པའི་

གནས་ཚུལ་ཐོན་ཡོད་འདུག

 ད་རེས་གློ་བུར་ལྷ་སར་དམ་བསྒྲགས་འདི་ལྟར་བྱེད་དགོས་པའི་རྒྱུ་རྐྱེན་གཙོ་བོ་ནི་བཀྲིས་ལྷུན་པོ་དགོན་པའི་སྔགས་

ཆེན་རིན་པོ་ཆེ་ལྷ་སར་དགོངས་པ་རྫོགས་པར་བརྟེན་ཐུན་ལ་ཞུགས་རྗེས་མང་ཚོགས་ཧ་ཅང་མང་པོས་མཇལ་ཞུར་

བཅར་གྱི་ཡོད་སྟབས་ངོ་རྒོལ་ཡོང་བར་དོགས་ཏེ་དམ་བསྒྲགས་བྱེད་ཀྱི་ཡོད་པའི་རྣམ་པ་ཧ་ཅང་གསལ་པོ་ཡོད་པ་

རེད། གོ་སྐབས་འདི་དང་བསྟུན་ནས་ཟླ་ ༡༠ ཚེས་ ༢༠ ཉིན་བོད་ནང་གི་སྔ་དྲོ་ཆུ་ཚོད་ ༡༡ ཙམ་དུ་ལྷ་སའི་ནུབ་

ངོས་ཀྱི་ས་གནས་ཤིག་ཏུ་སྔ་ལོའི་ཞི་རྒོལ་དང་འབྲེལ་བའི་བོད་མི་བཞི་སྲོག་ཐོག་བཏང་ཡོད་པའི་གནས་ཚུལ་ཐོན་

འདུག

                                           

བོད་མི་དེ་དག་ནི་ད་ལྟ་རང་ལོ་༢༧ ཙམ་དུ་སོན་ཞིང༌། སྐྱེས་ཡུལ་ལྷ་ས་ནས་ཡིན་པའི་བློ་བཟང་རྒྱལ་མཚནདང༌།

                                            

                     རང་ལོ་ ༢༥ ཙམ་དུ་སོན་པའི་སྟག་རྩེ་རྫོང་ཞོལ་ཤང་ནས་ཡིན་པའི་ལོ་ཡག

                                           

རང་ལོ་ ༢༡ དུ་སོན་པའི་བུད་མེད་སྤེན་སྐྱིད། སྐྱེས་ཡུལ་ས་སྐྱའམ་སྙེ་མོ་རྫོང་དེ་གཉིས་ཁ་གསལ་མི་འདུག

  བཅས་ཡིན་འདུག་ཅིང༌། གོང་གསལ་ཁག་ནི་སྔ་ལོའི་ཟླ་ ༣ ཚེས་ ༡༤ ཉིན་ལྷ་སར་ངོ་རྒོལ་བྱུང་རྗེས་རྒྱ་ནག་གཞུང་

ནས་འཛིན་བཟུང་བྱས་ཡོད་པ་དང༌། ཕྱི་ལོ་ ༢༠༠༩ ཟླ་ ༤ པའི་ནང་སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་

ཁྲིམས་ཁང་ཞེས་པ་ནས་གོང་གསལ་མི་སྣ་གསུམ་པོ་དང༌། དེ་མིན་སྟག་རྩེ་རྫོང་ཁོངས་ནས་ཡིན་པའི་རང་ལོ་ ༢༢ དུ་

སོན་པ་རྐང་བཙུགས་དང༌། རང་ལོ་ ༢༧ དུ་སོན་ཞིང་བྲག་གཡབ་རྫོང་ཁོངས་ནས་ཡིན་པ་བསྟན་འཛིན་ཕུན་ཚོགས་

བཅས་ལ་གོང་གསལ་ངོ་རྒོལ་ཁྲོད་ཚོང་ཁང་མེར་བསྲེགས་ཐེབས་པའི་ནང་རྒྱ་རིགས་ཁག་གཅིག་ཤི་བའི་ཉེས་འཛུགས་

ཐོག་མི་གཉིས་འཕྲལ་མར་སྲོག་ཐོག་གཏོང་རྒྱུ་དང༌། མི་གསུམ་ལ་ལོ་གཉིས་དུས་འགྱངས་ཀྱིས་སྲོག་ཐོག་གཏོང་རྒྱུའི་

ཁྲིམས་ཐག་བཅད་པ་ཞིག་ཡིན་པ་རེད།།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།