རང་བཙན་རོལ་དབྱངས་

12/07/2009 02:18

བོད་རང་བཙན་ཆེད་རོལ་དབྱངས་འདུ་འཛོམས།

 ཐེ་ཝན་དུ་ཟླ་༧་ཚེས་༡༡་ཉིན་བོད་རང་བཙན་ཆེད་རོལ་དབྱངས་འདུ་འཛོམས་ཞེས་པ་ཞིག་ཐེ་ཝན་གྱི་གཞས་པ་

གྲགས་ཅན་ཕེ་ཌི་སོགས་ཀྱི་གོ་སྒྲིག་འོག་ཐེ་ཝན་གྱི་རྒྱལ་ས་ཐེ་པེ་རུ་འཚོགས་ཡོད་པ་རེད།

དེ་ཡང་ཐའེ་ཝན་གྱི་གླུ་པ་གྲགས་ཅན་ཁེ་ཐོ་ནུའུ་ཁུས་བོད་ཀྱི་རྒྱལ་ས་ལྷ་ས་རུ་བོད་མིའི་ཞི་བའི་སྒེར་ལངས་བྱས་ནས་

མི་ལོ༥༠དང༌། རྒྱ་ནག་པེ་ཅིན་གྱི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་དམར་གསོད་དོན་རྐྱེན་བྱུང་ནས་མི་ལོ༢༠འཁོར་

བའི་དུས་དྲན་དུ། བོད། འཛམ་གླིང་གི་ཚ་རླབས། ཞེས་པ་མིང་བྱང་དུ་བཀོད་ནས་རོལ་བྱངས་དུས་སྟོན་ཞིག་བཤམས་

ཡོད་འདུག

བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིདྋགོང་ས་ཏཱ་ལའི་བླ་མ་མཆོག་རོལ་དབྱངས་དུས་སྟོན་དུ་གདན་

འབོད་ཞུས་ཡོད་ལུགས་གོ་སྒྲིག་པས་འགྲེལ་བརྗོད་གནང་ཡོད་པ་རེད།

གླུ་པ་གྲགས་ཅན་ཁེ་ཐོ་ནུའུ་ཁུའི་མགྲིན་ཚབ་པ་སྐུ་ཞབས་ཕི་རེ་ཌིས་བརྗོད་དོན། བོད་རང་བཙན་གྱི་སླད་དོན་དུ་གཡོ་

མེད་ཀྱི་ལས་འགུལ་སྤེལ་ཏེ་རྒྱབ་སྐྱོར་བྱེད་དགོས་པ་ནི་ཁ་ཚ་དགོས་གཏུག་རེད།

ཐའེ་ཝན་གྱི་སྲིད་འཛིན་མའ་ལགས་ཀྱིས་རྒྱ་ནག་དང་འབྲེལ་ལམ་འཛུགས་པའི་སྲིད་བྱུས་ལག་བསྟར་གནང་བར་ཐའེ་

ཝན་མི་མང་ངོ་གནོངས་སྐྱེས་ཀྱིན་ཡོད།


ྋགོང་ས་མཆོག་འཆར་ཟླའི་ནང་ཐའེ་ཝན་ནང་ཆིབས་བསྒྱུར་སྐྱོང་ཐུབ་མིན་ནི་ཐེ་ཚོམ་སྐྱེས་དགོས་པ་ཞིག་རེད། གང་

ཡིན་ཞེ་ན། སྲིད་འཛིན་མའ་ཡིས་ད་ལྟའི་ཆར་ནི་ྋགོང་ས་མཆོག་ཐའེ་ཝན་དུ་ངོ་ཕེབས་གནང་བའི་དུས་མ་རེད་ཟེར། ཞེས་འགྲེལ་བརྗོད་གནང་ཡོད་པས་ཡིན་པ་རེད།

འདུ་འཛི་ཧ་ཅང་ཆེ་བའི་ཐའེ་ཝན་གྱི་སིན་ཡིའུ་སྲང་ལམ་དུ།    ཕྱི་ཟླ༧པའི་ཚེས༡༡ཉིན་བོད་རང་བཙན་ལ་རྒྱབ་སྐྱོར་

བྱེད་པའི་རོལ་དབྱངས་སྤྲོ་སྟོན་དེ་དངོས་སུ་འགོ་འཛུགས་ཞིང༌།  ཐེངས་འདིའི་རོལ་དབྱངས་སྤྲོ་སྟོན་ཐོག་ཐའེ་ཝན་

གྱི་གཞས་པ་ཀྲུན་ཡིའུ་ནོང་དང་ཌ་ཀྲི་སོགས་ཀྱིས་ཀྱང་གླུ་གར་འཁྲབ་སྟོན་བྱེད་ཡོད་འདུག

ཐའེ་ཝན་གྱི་གླུ་མ་གྲགས་ཅན་ཁེ་ཐོ་ནུའུ་ཁུས་གླུ་དབྱངས་ལེན་ཞོར་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་འདོད་ཡོད་

འདུག

AddThis

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།