འཛམ་ཐང་དུ་རང་ལུས་མེར་བསྲེག་གིས་ངོ་རྒོལ།

21/04/2012 17:17

 

 

འཛམ་ཐང་དུ་རང་ལུས་མེར་བསྲེག་གིས་ངོ་རྒོལ།

དེ་རིང་བོད་ནང་གི་ཉིན་གུང་ཆུ་ཚོད་༡ ཙམ་ལ། བོད་མདོ་སྨད་འཛམ་ཐང་དགོན་ཆེན་གྱི་ཉེ་འཁྲིས་སུ། བོད་པ་མི་སྐྱ་གཉིས་ཀྱིས་རང་ལུས་མེར་བསྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་ཡོད་འདུག

དེ་ཡང་ཟླ་འདིའི་ཚེས་༡༩ ཉིན་གྱི་སྔ་དྲོར་འདི་གའི་གསར་འགོད་པས། དྷ་སར་གནས་སྡོད་ཚངས་དབྱངས་རྒྱ་མཚོ་ལགས་སུ་ཁ་པར་བརྒྱུད་གནས་འདྲི་བྱས་པར། ཁོང་གིས་རང་ལུས་མེར་བསྲེག་གི་ངོ་རྒོལ་གཏོང་མཁན་གཉིས་འདུག འཛམ་ཐང་ཇོ་ནང་དགོན་ཆེན་གྱི་ཉེ་འཁྲིས་ཕ་དགེ་སྐོར་སྲོང་ཐར་དང་མ་པད་ནེ་གཉིས་ཀྱི་བུ་ཆོས་འཕགས་སྐྱབས་དང་། མ་སེམས་སྐྱིད་ཀྱི་བུ་བསོད་ནམ་གཉིས་ཀྱིས་རང་ལུས་མེར་བསྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པ་རེད། ཁོང་གཉིས་རྒྱ་ལག་ཏུ་བཞག་མེད་ན་ཡང་གསོན་རྒྱུའི་རེ་བ་མེད་སྐོར་འདུག་ཅེས་འགྲེལ་བརྗོད་བྱས་སོང་།
དེ་རྗེས་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཕྱི་དྲོ་ཙམ་ལ་སྐུ་གྲོངས་ཡོད་པ་དང་། ད་ལྟ་རྒྱ་ནག་གཞུང་གིས་ཉེན་རྟོག་པ་དམག་མི་འགྲེམས་འཇོག་གིས་དམ་དྲག་བྱེད་ཀྱི་ཡོད་འདུག །

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།