མཇལ་ཡོང་།་

11/12/2008 10:36

ལོ་གསར།

 ཕུར་བུ་རྣམ་རྒྱལ།

 

བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས།

 ཨ་མ་བག་གྲོ་སྐུ་ཁམས་བཟང་།

 བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས།

 ཨ་མ་བག་གྲོ་སྐུ་ཁམས་བཟང་།

 བཀྲ་ཤིས་ལོ་གསར་འདི་ལ།

 གང་བསམ་ལྷུན་གྲུབ་ཡ་ལ་བཀྲ་ཤིས་ཤོག

 འཚོ་བ་གྲ་རྒྱས་སྐུ་ལུས་གསལ་ཞིང་ཐང་།

 སྣང་བ་སྐྱིད་པའི་གླུ་དབྱངས་ལེན་ནས་འགྲོ།

 འཚོ་བ་གྲ་རྒྱས་སྐུ་ལུས་གསལ་ཞིང་ཐང་།

 སྣང་བ་སྐྱིད་པའི་གླུ་དབྱངས་ལེན་ནས་འགྲོ།

 བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས།

 ཨ་མ་བག་གྲོ་སྐུ་ཁམས་བཟང་།

 བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས།

 ཨ་མ་བག་གྲོ་སྐུ་ཁམས་བཟང་།

 ལོ་ལེགས་ཉི་མའི་བཀྲིས་ཤོག

 ཕྱུགས་ལས་ཐོན་པའི་བཀྲིས་ཤོག

 ལོ་ལེགས་ཉི་མའི་བཀྲིས་ཤོག

 ཕྱུགས་ལས་ཐོན་པའི་བཀྲིས་ཤོག

 བདེ་བ་ཅན་གྱི་ཞིང་ཁམས་ཡིད་ལ་ཤར།

 སྣང་བ་སྐྱིད་པའི་གླུ་དབྱངས་ལེན་ནས་འགྲོ

 བདེ་བ་ཅན་གྱི་ཞིང་ཁམས་ཡིད་ལ་ཤར།

 སྣང་བ་སྐྱིད་པའི་གླུ་དབྱངས་ལེན་ནས་འགྲོ།

 

རྨི་ལམ་རྨིས་བྱུང་།

 

ཕུར་བུ་རྣམ་རྒྱལ།

 

༡ཆོལ་གསུམ་རྨི་ལམ་ཁྲོད་ནས།

 ཨ་སྔོན་ནམ་མཁའི་དབྱིངས་སུ།

 འོ། ཉི་ཟླ་གཉིས་ཀ་ལྷན་དུ།

 གངས་རིའི་ལྗོངས་སུ་ཤར་འདུག

 ཉི་ཟླ་གཉིས་ཀ་ལྷན་དུ།

 གངས་རིའི་ལྗོངས་སུ་ཤར་འདུག

 སོ་འོ། །

 མུན་ནག་གངས་ཅན་བོད་ལ།

 འོད་གསེར་གྱིས་འཕྲོས་པ་རྨིས་བྱུང་།

 འོད་གསེར་གྱིས་འཕྲོས་པ་རྨིས་བྱུང་།

 ༢ཆོལ་གསུམ་རྨི་ལམ་ཁྲོད་ནས།

 གནས་མཆོག་ལྷ་སའི་གྲོང་དུ།

 འོ། རྗེ་བཙུན་བྱམས་པ་མགོན་པོར།

 རྩེ་གཅིག་གསོལ་བ་བཏབ་ཡོད།

 འོ། རྗེ་བཙུན་བྱམས་པ་མགོན་པོར།

 རྩེ་གཅིག་གསོལ་བ་བཏབ་ཡོད།

 སོ་འོ། །

 ལྷ་དར་དཀར་པོ་ཁག་གཅིག

 ཕྱག་ཏུ་འབུལ་བ་རྨིས་བྱུང་།

 ཕྱག་ཏུ་འབུལ་བ་རྨིས་བྱུང་།

 ༣ཆོལ་གསུམ་རྨི་ལམ་ཁྲོད་ནས།

 པོ་ཏ་ལ་ཡི་རྩེ་མོར།

 འོ། སྐྱབས་ཆེན་བླ་མ་རྣམ་གཉིས།

 གསེར་གྱི་ཁྲི་ལ་བཞུགས་ཏེ།

 འོ། སྐྱབས་ཆེན་བླ་མ་རྣམ་གཉིས།

 གསེར་གྱི་ཁྲི་ལ་ཞུགས་ཏེ།

 སོ་འོ། །

 ཆོས་ཀྱི་ལུང་བསྟན་གནང་བཞིན།

 མཇལ་འཛོམས་བྱུང་བ་རྨིས་བྱུང་།

 མཇལ་འཛོམས་བྱུང་བ་རྨིས་བྱུང་།

 

ཕ་ཡུལ་མ་ཡུལ།

 ཕུར་བུ་རྣམ་རྒྱལ།

 

 ༡ང་སྐྱེ་ས་བོད་ཡིན།

ངའི་ཕ་ཡུལ་བོད་ཡིན།

 ང་སྐྱེ་ས་བོད་ཡིན།

 ངའི་ཕ་ཡུལ་བོད་ཡིན།

 ཕ་ཡུལ་མ་ཡུལ་ང་ལ་མ་དྲིས་རོགས།

 རྩམ་པ་གཡག་ཤ་བཟའ་མཁན་བོད་རིགས་གཅིག་པ་ཡིན།

 ཆོལ་ཁ་ཆོས་ལུགས་ང་ལ་མ་དྲིས་རོགས།

 གླིང་བཞིར་གྱར་བའི་བོད་རིགས་སྤུན་ཟླ་གཅིག་པ་ཡིན།

 རང་གི་རིག་གཞུང་།

 རང་གི་ལུང་པ།

 རང་གི་མི་རིགས།

 སྤུན་ཟླ་ཚོ། འོ།

 མཐའ་མ་ཤི་བའི་དུས་སུ་སླེབས་ན་ཡང་།

 བོད་མི་ཡིན་པ་སེམས་ལ་བཞག་རོགས།

 མཐའ་མ་ཤི་བའི་དུས་སུ་སླེབས་ན་ཡང་།

 བོད་མི་ཡིན་པ་སེམས་ལ་བཞག་རོགས།

 ༢ང་སྐྱེ་ས་བོད་ཡིན།

 ངའི་ཕ་ཡུལ་བོད་ཡིན།

 ང་སྐྱེ་ས་བོད་ཡིན།

 ངའི་ཕ་ཡུལ་བོད་ཡིན།

 ཕ་ཡུལ་མ་ཡུལ་ང་ལ་མ་དྲིས་རོགས།

 རྫ་ཆུ་རྨ་ཆུ་འཐུང་མཁན་བོད་རིགས་གཅིག་པ་ཡིན།

 ཆོལ་ཁ་ཆོས་ལུགས་ང་ལ་མ་དྲིས་རོགས།

 ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་གཅིག་པ་ཡིན།

 རང་གི་རིག་གཞུང་།

 རང་གི་ལུང་པ།

 རང་གི་མི་རིགས།

 སྤུན་ཟླ་ཚོ། འོ།

 མཐའ་མ་ཤི་བའི་དུས་སུ་སླེབས་ན་ཡང་།

 བོད་མི་ཡིན་པ་སེམས་ལ་བཞག་རོགས།

 མཐའ་མ་ཤི་བའི་དུས་སུ་སླེབས་ན་ཡང་།

 བོད་མི་ཡིན་པ་སེམས་ལ་བཞག་རོགས།

རྩམ་པ་དེ་འདྲ་མ་མཆོད་ནས་སྤུན་ཟླ་ཚོ།

 བོད་རིགས་ལ་རྒྱ་སེམས་ལ་བཞག་རོགས་

 སྤུན་ཟླ་ཚོ།

 ང་དང་ཁྱེད་རང་མ་གསུང་།

 བོད་རིགས་སྤུན་ཟླ་ཚོ།

 ཆོལ་ཁ་ཆོས་ལུགས་མ་རྩོད།

 བོད་རིགས་སྤུན་ཟླ་ཚོ།

 

 

སེར་འཁྱིལ་ལེ་ཉི་མ་ཤར་འདྲ་བོ།

 ༡  སེར་འཁྱིལ་ལེ་ཉི་མ་ཤར་འདྲ་བོ། 

 དཔེ་བཞག་ན་དཔལ་ལྡན་བླ་མ་རེད། 

 སྐུ་གཟི་བརྗིད་ཉི་མ་ཤར་འདྲ་རེད། 

གསུང་སྙན་མོ་ཉི་འོད་རང་སྒྲ་རེད།

 སྐུ་མཛད་འཕྲིན་རྒྱས་པའི་བཀྲ་ཤིས་ཤོག

 ༢  དཀར་ལྷམ་མེ་དུང་ཟླ་བ་ཤར་འདྲ་བོ། 

 དཔེ་བཞག་ན་བྱམས་ལྡན་ཕ་མ་རེད།

 ཞལ་འཛུམ་དཀར་ཟླ་བ་ཤར་འདྲ་རེད། 

 ཚིག་སྙན་མོ་ཟླ་འོད་རང་འཕྲོ་རེད།

 ཚེ་བསོད་ནམས་རྒྱས་པའི་བཀྲ་ཤིས་ཤོག

༣  ཁྲ་ཆིལ་ལེ་སྐར་ཚོགས་ཤར་འདྲ་བོ། 

 དཔེ་བཞག་ན་བོད་རིགས་སྤུན་ཟླ་རེད།

 བློ་རིགས་པ་སྐར་ཚོགས་ཤར་འདྲ་རེད། 

 དོན་ལེགས་ཚོགས་སྐར་འོད་རང་འཕྲོ་རེད།

 ཡིད་བསམ་དོན་འགྲུབ་པའི་བཀྲ་ཤིས་ཤོག

  གོང་ས་འདྲ་ལེ་མ་རེད།

 ༡ དབྱར་གྱི་རྩྭ་ཐང་སྟེང་དུ།

 ཚོས་གཞི་རྣམ་པར་བཀྲ་བའི།

 རྐང་ཐུང་གྲངས་མེད་འདུག་ཀྱང་།

 ཨུ་དུམ་འདྲ་ལེ་མིན་འདུག

 ཁྱེད་མེད་ན་རྩྭ་ཐང་སྟོང་པ་རེད།

 ཁྱེད་མེད་ན་ནམ་མཁའ་སྟོང་པ་རེད།

 ༢འཛམ་གླིང་མི་ཡི་ཁྲོད་དུ།

 ཕྱི་ནང་རིག་པའི་གནས་ལ།

 མཁས་པ་གྲངས་མེད་འདུག་ཀྱང་།

 གོང་ས་འདྲ་ལེ་མིན་འདུག

 ཁྱེད་མེད་ན་རྩྭ་ཐང་སྟོང་པ་རེད།

 ཁྱེད་མེད་ན་ནམ་མཁའ་སྟོང་པ་རེད།

 ༣གོ་ལ་འདི་ཡི་ཐོག་ཏུ།

 གཟུགས་དབྱིབས་ལྟ་ན་མཛེས་པའི།

 རྒྱལ་མཁར་གྲངས་མེད་འདུག་ཀྱང་།

 པོ་ཏ་འདྲ་ལེ་མིན་འདུག

 ཁྱེད་མེད་ན་རྩྭ་ཐང་སྟོང་པ་རེད།

 ཁྱེད་མེད་ན་ནམ་མཁའ་སྟོང་པ་རེད།

 

མཇལ་ཡོང་།

 མཇལ་ཡོང་། མཇལ་ཡོང་། ང་ཡི་སྤུན་ཟླ་མཇལ་ལ་ཡོང་།

 གཞིས་བྱེས་བོད་མི་མཉམ་འཛོམས་ཡོང་བའི་དུས་ཤིག་ཤར་ཡོང་།

 སངས་རྒྱས་ཁོང་ལ་གསོལ་བ་བཏབ།

 སངས་རྒྱས་ཁོང་གི་བཀའ་བཞིན་བསྒྲུབས།

 གངས་རི་ར་བས་བསྐོར་བའི་ཞིང་ཁམས་འདིར།

 སངས་རྒྱས་མྱུར་དུ་བྱོན་པའི་སྨོན་ལམ་ཡོད།

 མཇལ་ཡོང་། མཇལ་ཡོང་། ང་ཡི་སྤུན་ཟླ་མཇལ་ལ་ཡོང་།

 གཞི་བྱེས་བོད་མི་མཉམ་འཛོམས་ཡོང་བའི་དུས་ཤིག་ཤར་ཡོང་།

ཕ་མ་མ་མཇལ་ཡུན་རིང་སོང་།

 སྤུན་མཆེད་མ་ཐུག་ཡུན་རིང་སོང་།

 གངས་རི་ར་བས་བསྐོར་བའི་ཞིང་ཁམས་འདིར།

 གཞིས་བྱེས་མཉམ་འཛོམས་ཡོང་བའི་སྨོན་ལམ་ཡོད།

 

 གཅེན་པོ་བསོད་ནམས་སྟོབས་རྒྱལ།

 ༡གཅེན་པོ་བསོད་ནམས་སྟོབས་རྒྱལ་བཀྲིས་ཡར་འགྲོ་ལ།

 ཁྱེད་ས་ཆ་གང་ན་ཡོད་ཀྱང་བཀྲིས་ཡར་འགྲོ་ལ།

 ཁྱེད་བྱ་བ་གང་བྱེད་ཀྱང་བཀྲིས་ཤོག

 ཁྱེད་མི་ཚེ་སྐྱིད་པའི་བཀྲིས་ཤོག

 གཅེན་པོ་བསོད་ནམས་བཀྲིས་ཡར་འགྲོ་ལ།

 ༢གཅེན་པོ་བསོད་ནམས་སྟོབས་རྒྱལ་བཀྲིས་ཡར་འགྲོ་ལ།

 ཁྱེད་ང་ཡི་སེམས་ནང་དྲན་བྱུང་བཀྲིས་ཡར་འགྲོ་ལ།

 ཁྱེད་གང་མགྱོགས་ལོག་པའི་སྨོན་ལམ་ཡོད།

 ཁྱེད་མྱུར་དུ་མཇལ་བའི་སྨོན་ལམ་ཡོད།

 གཅེན་པོ་བསོད་ནམས་བཀྲིས་ཡར་འགྲོ་ལ།

 སེམས་པ་འཁྲུག་པ་མ་གནང་།

 ༡བུ་ང་ལུང་པའི་རྒྱལ་པོ་ཡིན་ནས། 

 ཁྱེད་རང་སེམས་པ་མ་འཁྲུག

 བུ་ང་movie actorཡིན་ནས།

 ཁྱེད་རང་སེམས་པ་མ་འཁྲུག

 བུ་ང་ལུང་པའི་རྒྱལ་པོ་ཡིན་ནས། 

 ཁྱེད་རང་སེམས་པ་མ་འཁྲུག

 བུ་ང་movie actorཡིན་ནས།

 ཁྱེད་རང་སེམས་པ་མ་འཁྲུག

 མི་ཡི་ཕྱི་ཡི་ལུས་པོ་འདི་ལ།

 ཁྱེད་རང་སེམས་པ་མ་ཤོར།

 རང་སེམས་རང་གིས་གཅུན་ནས།

 ནོར་འཁྲུལ་ཡིན་པ་ཤེས་དགོས།

 སེམས་བཟང་གཤིས་ཀ་ལེགས་པོ་གཅིག་དང་།

 སེམས་པ་ཤོར་བ་ཁྱེད་མེད།

 མ་གཏོགས་ཕྱི་ཡི་རྣམ་པ་འདི་ལ།

 སེམས་པ་འཁྲུག་པ་མ་གནང་།

 སེམས་པ་འཁྲུག་པ་མ་གནང་།

 ༢བུ་ང་ཚོང་དཔོན་ནོར་བཟང་ཡིན་ནས།

 ཁྱེད་རང་སེམས་པ་མ་འཁྲུག

 བུ་ང་super modelཡིན་ནས།

 ཁྱེད་རང་སེམས་པ་མ་འཁྲུག

 བུ་ང་ཚོང་དཔོན་ནོར་བཟང་ཡིན་ནས།

 ཁྱེད་རང་སེམས་པ་མ་འཁྲུག

 བུ་ང་super modelཡིན་ནས།

 ཁྱེད་རང་སེམས་པ་མ་འཁྲུག

 མི་ཡི་ཕྱི་ཡི་དངོས་པོ་འདི་ལ།

 ཁྱེད་རང་སེམས་པ་མ་ཤོར།

 རང་སེམས་རང་གིས་གཅུན་ནས།

 ནོར་འཁྲུལ་ཡིན་པ་ཤེས་དགོས།

 སེམས་བཟང་གཤིས་ཀ་ལེགས་པོ་གཅིག་དང་།

 སེམས་པ་ཤོར་བ་ཁྱེད་མེད།

 མ་གཏོགས་ཕྱི་ཡི་དངོས་པོ་འདི་ལ།

 སེམས་པ་འཁྲུག་པ་མ་གནང་།

 སེམས་པ་འཁྲུག་པ་མ་གནང་།

 

Calligraphy by Konchok

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།