ནང་པའི་ལྷན་ཚོགས་ནས་རྒྱ་གཞུང་གི་སྐུ་ཚབ་ཕྱིར་འཐེན།

14/06/2012 18:24

 

ནང་པའི་ལྷན་ཚོགས་ནས་རྒྱ་གཞུང་གི་སྐུ་ཚབ་ཕྱིར་འཐེན།
   
བོད་ཀྱི་བང་ཆེན།།
ལྷོ་ཀོ་རི་ཡར་འཚོག་བཞིན་པའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ནང་བོད་མི་སྐུ་ཚབ་ཡོད་པ་ལ་བརྟེན་ནས་། རྒྱ་ནག་གཞུང་གི་སྐུ་ཚབ་འཐུས་མི་རྣམས་ཀྱིས་ཕྱིར་འཐེན་བྱས་ཡོད་འདུག
དེ་ཡང་ཟླ་འདིའི་ཕྱི་ཚེས་༡༢ ནས་འགོ་བརྩམས་ཏེ་ལྷོ་ཀོ་རི་ཡའི་གྲོང་ཁྱེར་ཡོ་སོའི་ (Yeosu) ནང་རྒྱལ་སྤྱིའི་ནང་པའི་ལྷན་ཐེངས་ ༢༦ པ་དེ་དབུ་འཛུགས་གནང་ཡོད་པ་དང་། ཚོགས་ཐོག་དེར་རྒྱལ་ཁབ་ཁག་ ༣༣ ནས་ཆོས་ལུགས་སྐུ་ཚབ་ ༤༠༠ ལྷག་ཚོགས་བཅར་བའི་ཁྲོད། རྒྱ་ནག་སྐམ་ས་ཆེན་མོ་ནས་ཀྱང་ནང་པའི་གྲྭ་པ་ ༡༧ དང་གཞུང་འབྲེལ་སྐུ་ཚབ་ཁག་ཅིག་མཉམ་ཞུགས་བྱས་ཡོད་འདུག་ལ། རྒྱ་གར་ནས་བཀའ་བློན་ཁྲི་ཟུར་མཁས་དབང་་ཟམ་གདོིང་རིན་པོ་ཆེས་༧གོང་ས་མཆོག་གི་སྐུ་ཚབ་བྱས་ཏེ་ཕེབས་ཡོད་པ་དང་། དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་ཡང་མཉམ་ཞུགས་བྱས་ཡོད་པར་བརྟེན། རྒྱ་གཞུང་གི་སྐུ་ཚབ་ཚོས་བོད་མིའི་སྐུ་ཚབ་ཚོགས་འདུར་ཞུགས་མི་ཆོག་པའི་ངོ་རྒོལ་བྱས་པར། གོ་སྒྲིག་པས་ངོས་ལེན་མ་བྱས་སྟབས། ཚོགས་འདུ་ཉིན་གཉིས་པ་སྟེ་ཟླ་འདིའི་ཕྱི་ཚེས་༡༣ ཉིན་རྒྱ་ནག་གི་སྐུ་ཚབ་རྣམས་ཚོགས་ཐོག་ནས་ཕྱིར་འཐེན་བྱས་ཡོད་འདུག
Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།