ཨ་ལགས་འཇམ་དབྱངས་ཆོས་གྲཌ

19/12/2009 10:40

ཨ་ལགས་འཇམ་དབྱངས་ཆོས་གྲགས་འཇུས་འདུག

དུས་བབ།

ཟླ་འདིའི་ཚེས་ ༦ ཡས་མས་སུ་རྒྱ་གཞུང་གིས་རྔ་བ་སྒོ་མང་དགོན་པའི་ཨ་ལགས་འཇམ་དབྱངས་ཆོས་གྲགས་ལགས་

འཛིན་བཟུང་བྱས་ཡོད་འདུག             ལོ་སྔོན་མའི་ཕྱི་ཟླ་ ༣ པ་ནས་བཟུང་། རྒྱ་གཞུང་གིས་ཨ་ལགས་འཇམ་དབྱངས་

ཆོས་གྲགས་ལགས་འཛིན་བཟུང་བྱ་རྒྱུའི་བཀའ་རྒྱ་དང་བསྒྲགས་གཏམ་མང་བོ་སྤེལ་ཡོད་པར་མ་ཟད། ཁོང་རྩིས་སྤྲོད་

བྱེད་མཁན་ཡོད་ན་རྔན་པ་སྤྲོད་རྒྱུ་ཡིན་ལུགས་སོགས་ཀྱི་གསལ་བསྒྲགས་ཀྱང་མང་བོ་བཀྲམས་ཡོད་འདུག


ཡིན་ནའང་། ཨ་ལགས་འཇམ་དབྱངས་ཆོས་གྲགས་ལགས་རྒྱ་གཞུང་གིས་ཉེས་མེད་ཁྲིམས་ཆད་དེར་གཡོལ་ཆེད་ལོ་སྔོན་

མའི་གསུམ་པའི་འོས་ལངས་ཆེན་མོ་ནས་བཟུང་རི་སྒང་དང་ནགས་ཚལ་སོགས་སུ་གསང་ཉུལ་བྱས་ཏེ། ཕྱི་ཕྱོགས་སུ་འབྲོ་

ཨེ་ཐུབ་ལ་ཐབས་ཤེས་མང་བོ་བྱས་ནས་བསྡད་ཀྱང་། རྒྱ་གཞུང་གིས་དམ་དྲག་འོག་ནས་ཐར་མ་ཐུབ་པར་བརྟེན།     ཟླ་

འདིའི་ཚེས་ ༦ ཡས་མས་སུ་ཁོང་རྔ་བ་རྫོང་ཉེན་རྟོག་ཁང་དུ་ཕྱིན་ནས་ཉེས་པ་ངོས་ལེན་བྱས་ཀྱང་། རྒྱ་གཞུང་གིས་ཁོང་

ཐར་བར་མ་བཏང་བར་བཀག་ཉར་བྱས་ཡོད་འདུག 

བོད་ནང་ནས་གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། ཨ་ལགས་འཇམ་དབྱངས་ཆོས་གྲགས་ལགས་ཉེ་ལམ་ཚེས་

༦ ཡས་མས་སུ་རྔ་བ་རྫོང་ཉེན་རྟོག་ཁང་དུ་ཕེབས་ནས་ཉེས་པ་ངོས་ལེན་བྱས་ཡོད་ཀྱང་། རྒྱ་གཞུང་གིས་ཁོང་ཐར་བར་

མ་བཏང་བར་ད་སྐབས་རྔ་བ་ཁུལ་གྱི་ཁྲིམས་ཁང་ནང་ཁྲིད་ཡོད་པ་དང་།    ཁོང་ལ་གཉེན་ཉེ་དང་ནང་མི་སོགས་མི་

གཅིག་ཀྱང་ཐུག་འཕྲད་བྱེད་དུ་མི་འཇུག་པར་མ་ཟད། རྔ་བ་ཁུལ་གྱི་ཁྲིམས་ཁང་གིས་རིང་མིན་ཁྲིམས་ཐག་གཅོད་རྒྱུ་

ཡིན་ལུགས་ཀྱང་བརྗོད་ཡོད་འདུག

ཨ་ལགས་འཇམ་དབྱངས་ཆོས་གྲགས་ལགས་རྒྱ་གཞུང་གིས་འཛིན་བཟུང་བྱེད་རྐྱེན་གཙོ་བོ་ནི། ལོ་སྔོན་མར་རྔ་བ་ཁུལ་

སྒོ་མང་དགོན་པའི་ནང་གྲྭ་མང་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པ་དེའི་མགོ་ཁྲིད་མཁན་ཁོང་ཡིན་པ་དང་། སྐབས་དེར་

དྲག་ཆས་ཉེན་རྟོག་པ་ཡོང་ནས་ཁོང་གི་གྲྭ་ཤག་ནང་སྔོག་བཤེར་བྱེད་སྐབས།    ཨ་ལགས་འཇམ་དབྱངས་ཆོས་གྲགས་

ལགས་རྒྱ་གར་དུ་ཕེབས་ནས་༧གོང་ས་མཆོག་དང་མཉམ་དུ་སྐུ་པར་ཞིག་སྐྱོན་ཡོད་པ་དེའི་ནག་ཉེས་འོག་འཛིན་བཟུང་

བྱས་པ་ཞིག་ཡིན་འདུག

ཨ་ལགས་འཇམ་དབྱངས་ཆོས་གྲགས་ལགས་ད་ལྟ་དགུང་ལོ་ ༢༨ ཡིན་ཞིང་། ཕ་ཡུལ་རྔ་བ་སྒོ་མང་མཐའ་བ་ནས་ཡིན་

འདུག ཁོང་ཆུང་དུས་ནས་བཟུང་རྔ་བ་སྒོ་མང་དགོན་དུ་ཞུགས་ནས། ནང་ཆོས་དང་བོད་ཀྱི་ཐ་སྙད་རིག་གནས་སྐོར་ལ་

སློབ་གཉེར་བྱས་ཡོད་པར་མ་ཟད། ལོ་འགའི་སྔོན་རྒྱ་གར་དུ་ཕེབས་ནས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་རྗེས་ཕྱིར་

བོད་དུ་ཕེབས་ཡོད་འདུག

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།