སླར་ཡང་འཛིན་བཟུང་

09/12/2009 11:01

སླར་ཡང་སོག་རྫོང་གི་མི་གསུམ་འཛིན་བཟུང་

ཕྱི་ཟླ་༡༢ ཚེས་༢ ཉིན་ཁམས་སོག་རྫོང་གི་བཙུན་མ་ཆོས་སྒྲོན་རང་ལོ་༤༨ དང་། བསྟན་འཛིན་དར་རྒྱས་རང་ལོ་༢༡ ནོར་

བུ་བཟང་པོ་རང་ལོ་༡༧ ཡིན་པ་བཅས་ལྷ་སའི་ཇོ་ཁང་སྒོ་འགྲམ་ནས་འཛིན་བཟུང་བྱས་འདུག   ཁོང་རྣམས་ལྷ་སའི་ཇོ་

ཁང་སྒོ་འགྲམ་དུ་ཕྱག་འཚལ་མཁན་སྤུན་མཆེད་རྣམས་ལ་ཁ་ལག་སྐྱེལ་བར་འགྲོ་སྐབས་གློ་བུར་དུ་འཛིན་བཟུང་བྱས་

ཡོད་འདུག ཉིན་ཤས་རིང་ཁོང་རྣམས་གར་སོང་མེད་པར་གྱུར་ནས་སྤུན་མཆེད་རྣམས་ཀྱིས་ས་ཕྱོགས་གང་སར་བཙལ་

སྐབས་ལྷ་སའི་སྤྱི་བདེ་མི་སྣས་ནག་ཆུ་ས་ཁུལ་བཙོན་ཁང་ཞིག་ལ་ཡོད་རེད་ཅེས་ལན་ཙམ་སྤྲད་ཡོད་འདུག

སྤུན་མཆེད་རྣམས་ཀྱིས་ཁོང་རྣམས་ལ་ཐུག་པར་འགྲོ་སྐབས་ཐུག་བཅུག་མེད་པ་མ་ཟད། ཁོང་རྣམས་ད་ལྟ་བཙོན་ཁང་

གང་དུ་ཡོད་པ་དང་འཛིན་བཟུང་བྱེད་དགོས་དོན་སོགས་གང་ཡང་གསལ་ཁ་མེད་པ་རེད། སྤྱིར་བསྟན་འཛིན་དར་རྒྱས་

ཀྱིས་དེ་སྔོན་རང་བཙན་སྐད་འབོད་བྱས་རྐྱེན་ལོ་༣ གྱི་ཁྲིམས་ཐག་བཅད་ཡོད་ཀྱང་ཨ་ནེ་ཆོས་སྒྲོན་གྱིས་དངུལ་མང་པོ་

སྤྲད་ནས་ཕྱིར་བཏོན་ཡོད་འདུག་པས། གནས་ཚུལ་དེ་དང་འབྲེལ་བ་ཡོད་པར་ཉེ་འབྲེལ་རྣམས་ཀྱིས་དོགས་པ་བྱེད་ཀྱི་

ཡོད་པ་རེད།།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།