སྤྱི་འཐུས་ཀྱིས་འབོད་སྐུལ

18/12/2009 11:26

བཙན་བྱོལ་བོད་མི་མང་སྤྱི་འཐུས་ཀྱིས་འབོད་སྐུལ བོད་ཁམས་དཀར་མཛེས་ཉག་ཆུ་རྗོང་ཁོངས་ནང་རྒྱ་ནག་གཞུང་ནས་བཟོད་སྲན་དང་ཞི་འགྲིགས་ཀྱི་ཐོག་ནས་ས་

གནས་བོད་མིའི་བདེ་སྡུག་སེལ་དགོས་པ་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་རྒྱ་

ནག་གཞུང་ལ་སྐུལ་འདེད་གནང་དགོས་པ་བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཁང་ནས་་འབོད་སྐུལ་ཞུས་ཡོད་

པ་རེད་༎

རེས་གཟའ་ཕུར་བུའི་ཉིན་བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་རྒྱུན་ལས་ཚོགས་ཆུང་ནས་བོད་ཁམས་དཀར་

མཛེས་ཁུལ་གྱི་ཉག་ཆུ་རྗོང་ནང་ས་གནས་་བོད་མི་དང་རྒྱ་ནག་གཞུང་དབར་རྙོག་གླེང་གི་གནད་དོན་དེ་ཞི་འགྲིགས་

ཡོང་ཐབས་སླད་འབོད་སྐུལ་གྱི་སྤྱི་བསྒྲགས་ཤིག་སྤེལ་ཡོད་པ་རེད་སྤྱི་བསྒྲགས་དེའི་ནང་བཀོད་པར་གཞིགས་ན་ཉེ་སྔོན་

བོད་ཁམས་དཀར་་མརྗེས་ཁུལ་གྱི་ཉག་ཆུ་རྗོང་གི་བོད་མི་བདུན་ནས་དྲན་ཏུ་གྲོང་ཁྱེར་གྱི་བཙོན་ཁང་ནང་ལི་ཐང་

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཇལ་འཕྲད་དུ་སྐྱོད་ཡོད་པ་རེད།

ས་གནས་རྒྱ་ནག་གཞུང་གིས་བོད་མི་རྣམས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དང་མཇལ་འཕྲད་འཇུག་རྒྱུའི་

ཚབ་དུ་འཛིན་བཟུང་བྱས་ཏེ་དོ་དམ་བཀག་ཉར་འོག་བཅུགས་ཡོད་པ་རེད། གནད་དོན་དེ་ལ་རྐྱེན་པས་ཚེས་ལྔ་ཉིན་

ཉག་ཆུ་རྗོང་གི་ས་གནས་བོད་མི་དགུ་བཅུ་ཙམ་ནས་བོད་མི་བདུན་པོ་རྣམས་ནས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་

རིན་པོ་ཆེ་དང་མཇལ་འཕྲད་དུ་བསྐྱོད་པ་མ་གཏོགས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་གང་ཡང་སྤེལ་མེད་

པའི་རྒྱུ་མཚན་ལུང་འདྲེན་གནང་སྟེ་བོད་མི་དེ་དག་འཕྲལ་མར་གློད་བཀྲོལ་དགོས་པའི་སྐོར་རྗོང་སྡེ་ལས་ཁུངས་མདུན་

དུ་འདུ་འཛོམས་ཀྱིས་དགོས་འདུན་བཏོན་ཡོད་པ་རེད། ཡིན་ཡང་དངོས་མཐོང་ལག་ཟིན་མི་སྣས་གནས་ཚུལ་ངོ་སྤྲོད་བྱས་པའི་ནང་ས་གནས་ཉེན་རྟོག་མི་སྣས་བོད་མིའི་ཞུ་

གཏུགས་ལ་ཉན་འཇོག་བྱ་རྒྱུའི་ཚབ་ཞི་བའི་འདུ་འཛོམས་བྱས་པའི་བོད་མི་ཚོར་ཉེས་རྡུང་ཚབས་ཆེ་བཏང་བ་དང་

འཛིན་བཟུང་བཀག་ཉར་བྱས་པ་དེ་བཞིན་བོད་མིའི་སྦག་སྦག་འཁོར་ལོ་གཏོར་སྐྱོན་སོགས་བཏང་ཡོད་པ་རེད།  ད་

ལྟའི་གནས་སྟངས་ཇི་ཆགས་སྐོར་གནས་ཚུལ་ཤེས་རྟོགས་ལ་གཞིགས་ན་ས་གནས་ཀྱི་བོད་མི་གསུམ་བརྒྱ་སྐོར་ཙམ་ནས་

འདས་པའི་ཉིན་གྲངས་གསུམ་རིང་ཙམ་ནག་ཆུ་རྗོང་གི་རྗོང་སྡེ་ལས་ཁུངས་མདུན་དུ་ལི་ཐང་སྤྲུལ་སྐུ་བསྟན་འཛིན་

བདེ་ལེགས་རིན་པོ་ཆེ་དང་དེ་བཞིན་ཉེ་ལམ་འཛིན་བྱས་པའི་བོད་མི་གློད་འགྲོལ་གྱི་དགོས་འདུན་ཐོག་ནས་ཞི་བའི་

འདུ་འཛོམས་ཀྱི་ལས་འགུལ་སྤེལ་མུས་ཡིན་པ་རེད།  གནས་སྟངས་དེ་མུར་ལུས་ཚེ་སྔ་ལོ་བོད་ཀྱི་ཞི་རྒོལ་ཆེན་མོ་ལྟར་ཞི་བའི་ངོ་རྒོལ་བའི་ཁྲོད་མི་གསོད་ཁྲག་སྦྱོར་ཡོང་རྒྱུའི་

བློ་འཚབ་ཡོད་པར་བརྟེན་བོད་དོན་རྒྱབ་བསྐྱོར་བ་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དེ་བཞིན་ཞི་བདེར་དགའ་མོས་

ཆེ་བའི་སྒེར་དང་ཚོགས་པ་ཚོས་རྒྱ་ནག་གཞུང་ལ་ཉག་ཆུ་རྗོང་གི་གནས་སྟངས་ཐོག་བཟོད་སྲན་དང་ཞི་བའི་ལམ་ནས་

དཀའ་རྙོག་སེལ་ཐབས་ཡོང་བའི་སྐུལ་འདེད་གནང་དགོས་ཞེས་བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་

འབོད་སྐུལ་ཞུས་ཡོད་པ་རེད། །

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།