སྙིང་རྗེ་་བྱ་རོགས།

08/08/2009 13:42

སྐྱེས་པ་ཚོ། སྙིང་རྗེ་ཡོད་པར་བྱ་རོགས།

རྩོམ་མཁན།  བོད་ཀྱི་མཛེས་མ་སྙན་ངག་པ་ཚེ་རིང་སྐྱིདདུས་བབ་ཟིན་བྲིས་ནས་འདིར་བཀོད།

རྡ་སའི་གནམ་གཤིས་འགྱུར་ལྡོག་ཤིན་ཏུ་རྒོད་པའི་དུས་དེར་སླེབས་འདུག་ལ། བསྟུད་མར་ཟླ་གསུམ་ལ་ཆར་བ་ཉིན་རྒྱུན་

བཞིན་འབབ་སྲོལ་ཡོད་པ་མ་ཟད། སྔ་དགུང་གཉིས་ལ་རི་ལུང་གང་སར་སྨུག་པ་ལང་ལོང་དུ་འཕྱུར་སྲོལ་ཡང་འདུག་པས།

རྣམ་པ་འདི་དག་གིས་ངས་ཡུལ་ལྗོངས་འདི་ནི་མཛེས་པ་ཁྲི་སྟོང་གིས་ཕྱུག་པའི་ཆུ་མཚོན་རི་མོ་ཞིག་དང་འདྲ་བར་རློམ་

གྱིན་ཡོད། ཡིན་ཡང་དུས་ཚིགས་འདིའི་ཁྲོད་ཀྱི་བུ་མོ་གཞོན་ནུ་མ་འདིའི་གནས་ཚུལ་གོ་བ་དང་བདག་གི་མིག་ཆུ་ཡང་

ཆར་ཆུ་བཞིན་བབ་བྱུང་།

ཞོགས་པ་དེར་ང་དྭངས་ཤིང་གཙང་བའི་རི་ལུང་འདིའི་མཁའ་དབུགས་དང་མཉམ་དུ་ལས་ཁུངས་སུ་བསྐྱོད།   ཆུ་ཚོད་

བཅུ་གཅིག་ཟིན་ལ་ཉེ་བའི་སྐབས་དེར་བུད་མེད་གསུམ་ལས་ཁུངས་སུ་སླེབས་ཤིང་། བུད་མེད་རྒན་པ་དེའི་པང་དུ་བྱིས་

པ་དམར་རྗེས་ཞིག་བཟུང་འདུག ནམ་རྒྱུན་ལས་ཁུངས་སུ་བུད་མེད་ལས་ཤོར་བ་དང་ཡང་ན་ལས་མེད། ཁེར་རྐྱང་གི་ཨ་

མ་སོགས་ལ་རོགས་དངུལ་ཞུ་རུ་ཡོང་བ་དང་། རོགས་དངུལ་ཞུས་ཚར་བ་ཚོ་ཟླ་རེ་རེར་རང་རང་གི་རོགས་དངུལ་ལེན་དུ་

ཡོང་གི་ཡོད་པས། ཚོད་ཚོད་ལ་བུད་མེད་མང་པོ་ཞིག་ལས་ཁུངས་སུ་ཡོང་བར་ཧ་ལས་ལས་གང་ཡང་བྱས་མེད། ལས་རོཌ་

ཤིག་གིས་ང་རང་སྐད་བཏང་བ་དང་མཉམ་དུ་དེར་སོང་བ་ཡིན་ལ། དེ་ཡང་བོད་ནས་གསར་དུ་འབྱོར་བའི་བུད་མེད་ཚོ་

དང་འདི་གའི་ལས་བྱེད་བར་གོ་བརྡ་འཕྲོད་མིན་གྱི་གོ་ལོག་ཐེབས་པ་དང་ཡང་ན་འགལ་བ་འབྱུང་བའི་གནས་ཚུལ་

འཕྲད་ཀྱིན་ཡོད་པས། ལས་རོགས་དེ་ཡིས་སྐད་བཏང་མ་ཐག་སྐད་བསྒྱུར་རམ་ཡང་ན་རོགས་རམ་བྱ་དགོས་པ་ཡིན་པར་

སྙམ་ཏེ་བུད་མེད་དེ་གསུམ་གྱི་མདུན་དུ་བཅར་བ་ཡིན། བུད་མེད་ཅུང་རྒན་པ་དེ་ཡིས། ངའི་པང་དུ་ཡོད་པའི་བྱིས་པ་

འདི་བུ་མོ་འདིའི་བྱིས་པ་རེད་ལ། ཟླ་བ་སྔོན་མའི་ནང་སྐྱེས་འདུག  ང་ཁོ་མོ་ལ་སྙིང་རྗེ་ནས་བྱིས་པ་སྐྱེས་དུས་རོགས་པ་

བྱས་པ་ཡིན་ཡང། ད་ནི་ང་ཡང་ལས་ཀར་འགྲོ་དགོས་པ་དང་ནང་གི་འཚོ་རྟེན་ཡང་དེ་ཙམ་བཟང་རྒྱུ་མེད་པས་ཁྱེད་

ཚོར་རོཌ་རམ་ཞུ་རུ་ཡོང་བ་ཡིན་ཞེས་བརྗོད་ཞོར་འཁྲིས་སུ་ཡོད་པའི་བུ་མོ་ཆུང་ཆུང་དེ་བསྟན་བྱུང་། སྐབས་དེར་གཞི་

ནས་ངས་བུ་མོ་འདིའི་གནས་སྟངས་ཅུང་ཙམ་མ་འདྲ་བ་ཞིག་ཡིན་པར་ཚོར་ཞིང་། དེ་མ་ཐག་བུ་མོ་ཆུང་ཆུང་དེར་བྱིས་

པའི་ཨ་ཕ་གང་དུ་ཡོད་མེད་དྲིས་པ་ཡིན། ཁོ་མོས་ལན་གང་ཡང་བཏབ་མ་བྱུང་། ཨ་ཅག་རྒན་པ་དེ་ཡིས། བྱིས་པའི་ཨ་ཕ་

མཐོང་སར་མི་འདུག་ལ། བུ་མོ་འདི་འགྲོ་ས་འདུག་ས་གང་ཡང་མེད་པ་མ་ཟད། ལས་ཀ་དང་དངུལ་གང་ཡང་མི་འདུག་

པས་ངས་ཉིན་ཤས་ལ་ཉར་བ་ཡིན། ཁྱེད་ཚོས་བུད་མེད་ལས་མེད་དང་སློབ་སྦྱོང་མེད་མཁན་ཚོར་ཚེམས་བཟོའི་ལག་ཤེས་

བསླབས་ཀྱིན་ཡོད་པ་དང་། དེ་ཚོར་ཚོང་རྟེན་སྤྲོད་ཀྱིན་ཡོད་པའི་གནས་ཚུལ་གོ་བྱུང་། དེ་བས་བུ་མོ་འདི་ཡང་ཚེམས་བཟོ་

ཁང་དེར་ལེན་རོགས། ཞེས་བརྗོད་བྱུང་། ངས། བྱིས་པར་ལོ་གསུམ་གྱི་རོགས་དངུལ་རག་གི་རེད་དེ་དེའི་ཆ་རྐྱེན་ནི་ལོ་གསུམ་

ལ་ཨ་མས་བྱིས་པ་དངོས་སུ་གཉོར་སྐྱོང་བྱ་དགོས་པ་རེད་ལ།   བྱིས་པ་དེ་ལ་ཡང་ཨ་ཕ་མེད་པ་དང་མའི་འཚོ་བར་དཀའ་

ངལ་ཡོད་པ་ཡང་དངོས་དོན་ཡིན་དགོས། དེ་བཞིན་ཚེམས་བཟོ་ཁང་དེར་བོད་ནས་སློབ་སྦྱོང་བྱས་མ་མྱོང་བ་དང་། ལག་

ཤེས་སྦྱོང་འདོད་ཡོད་པ། འཚོ་བར་དཀའ་ངལ་ཡོད་པ་ཚོར་ཟླ་ངོ་བཅོ་བརྒྱད་རིང་ལ་སློབ་སྦྱོང་སྤྲོད་ཀྱིན་ཡོད་པ་དང་།

ཐེངས་འདིའི་བུད་མེད་རྣམས་ཀྱིས་ལས་གཞི་མགོ་བཙུགས་ཏེ་ཟླ་ཤས་འགོར་གྱིན་ཡོད་པ་དང་། བར་རོལ་དུ་འཛུལ་རྒྱུའི་

སྒྲིག་སྲོལ་ཡོད་པ་མ་རེད། དེ་བས་གལ་ཏེ་དེའི་ཁོངས་སུ་འཛུལ་འདོད་ཡོད་ཀྱང་ཐེངས་རྗེས་མ་བར་སྒུག་དགོས་ཀྱིན་ཡོད་

པ་རེད། ཅེས་བརྗོད་པ་ཡིན། དེ་ལྟར་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་བུ་མོ་ཆུང་ཆུང་དེའི་བྱིས་པ་དམར་རྗེན་ལ་

རོགས་དངུལ་སྤྲོད་རྒྱུའི་ཐག་གཅོད་བྱས་པ་ཡིན། ཡིན་ཡང་ཨ་མ་ཆུང་ཆུང་དེ་ཚེམས་ཁང་ལ་ལེན་ཐབས་མ་བྱུང་།

དེའི་རྗེས་ངས་ཨ་མ་ཆུང་ཆུང་དེ་ངའི་བྱ་བ་སྒྲུབ་སར་བོས་ཏེ། སེམས་ཐག་ཉེ་བོའི་ཐོག་ནས་གླེང་མོལ་བྱས་པ་ཡིན། ཁོ་

མོས་ཡུན་རིང་ལ་ཁ་མི་གྲགས་པ་མ་ཟད། མིག་ཟུང་གིས་ཀྱང་ཐད་ཀར་ང་ལ་ལྟ་ཐུབ་ཀྱིན་མི་འདུག  དེར་ངས་བསམ་

ཤེས་བྱ་ཐུབ་ཀྱིན་འདུག་ལ་འདི་ལྟ་བུའི་ལོ་ཆུང་བུ་མོ་ཞིག་གིས་ཕ་མེད་པའི་ཕྲུག་གུ་ཞིག་སྐྱེས་ཤིང་།  འཚོ་རྟེན་དང་

སྡོད་གནས་གང་ཡང་མེད་པ། མི་ཚོགས་ཀྱི་ཟུར་མིག་དང་ན་ཟླའི་འཕྱ་སྨོད་སོགས་སེམས་ཀྱི་རྨ་ཁ་ཇི་འདྲ་ཆེ་བ་ཚོད་

འགམ་དང་བསམ་ཤེས་བྱ་ཤེས་ཀྱིན་འདུག ངས་ཁོ་མོའི་ལག་ཟུང་ལ་འཇུས་ནས། ནང་མི་གང་ཡང་མེད་སར་བྱིས་པ་

སྐྱེས་བས་བྱིས་པ་མངལ་དུ་ཁུར་སྐབས་དཀའ་ངལ་འཕྲད་ཡོད་རྒྱུ་རེད།   ཅེས་བརྗོད་པ་ན་ཁོ་མོ་གློ་བུར་དུ་ངུས་བྱུང་།

ངུ་ངག་དེ་ཡིས་ངའི་བློ་སྙིང་བྲང་གསུམ་ཡང་འཁྱགས་སོབ་སོབ་ཏུ་གྱུར་སོང་བས། སེམས་པ་ཤིན་ཏུ་སྐྱོ་བྱུང་། དེའི་རྗེས་

ཁོ་མོས་ངུ་ངག་དང་བཅས། ངའི་མིང་ལ་ག་གེ་མོ་ཟེར་ཞིང་རང་ལོ་༡༨ཡིན། ཕ་ཡུལ་ལྷ་ས་ནས་ཡིན། སྤྱི་ལོ་ ༢༠༠༥ ལོར་

བོད་ཀྱི་རྒྱལ་ས་ལྷ་ས་ནས་དམའ་འབྲིང་དང་པོའི་སློབ་མ་ཡིན་སྐབས་དབྱར་གནང་དང་སྟབས་བསྟུན་རྒྱ་གར་ལ་ཡོང་

ནས་སློབ་གྲྭར་ཞུགས་པ་ཡིན། ལོ་གཉིས་ཀྱི་རྗེས་སུ་སློབ་སྦྱོང་བྱ་འདོད་མ་བྱུང་བས་སློབ་གྲྭ་ནས་བུད་དེ་ཕྱིར་ཕ་ཡུལ་དུ་

ལོག་འདོད་བྱུང་།  ང་དང་འདྲ་བའི་བུ་མོ་གཉིས་བཅས་སློབ་གྲྭ་ནས་ཐོན་ཡང་ཕ་ཡུལ་དུ་མ་ལོག་པར་བལ་ཡུལ་དང་

རྒྱ་གར་གྱི་རྒྱལ་ས་ལྡི་ལི་སོགས་ནས་བསྡད་པ་ཡིན། རྗེས་སུ་ཧའེ་ཧྥ་ཕྷེ་hi5 དྲ་རྒྱའི་ནང་ནས་ཁམས་པའི་ཕོ་གསར་ཞིག་

དང་འཕྲད་ཅིང་། ཟླ་གཅིག་ཙམ་ལ་ཁོང་དང་ལྷན་དུ་དྲ་ཐོག་ནས་སྐད་ཆ་བཤད་རྗེས་ངོ་ཐུག་པ་ཡིན།  ཡིན་ཡང་ཕྲུག་

གུ་མངལ་དུ་འཁོར་ཏེ་ཟླ་གསུམ་ཙམ་ལ་དོ་སྣང་མ་བྱུང་ལ། དོ་སྣང་བྱུང་བ་དང་ཕྲུག་གུ་མེད་པར་བཟོ་དགོས་པའི་མདུན་

པ་སྐྱེས་སོང་། ལྷ་སར་ཡོད་པའི་ཨ་མར་ཁ་པར་ནས་གནས་ཚུལ་ཞུས་སྐབས། གནས་ཚུལ་གང་ལ་ཐུག་ཀྱང་ཕྲུག་གུ་དོར་ན་

མི་རུང་ལ། བྱིས་པ་མངལ་དུ་འཁོར་རྗེས་དོར་ཚེ་རང་གི་ཕྲུག་གུ་བསད་པའི་སྡུག་ཉེས་ཡོད་པ་རེད་ཅེས་གསུངས་བྱུང་བས་

དེ་ནས་བཟུང་སེམས་ཐག་གཙང་བཅད་ཀྱིས་བྱིས་པ་སྐྱེས་རྒྱུར་ཐག་གིས་བཅད།    སྐབས་དེ་དག་ལ་ང་རང་གྲོགས་མོ་དེ་

གཉིས་དང་མཉམ་དུ་རྒྱ་གར་རྒྱལ་ས་ལྡི་ལིར་ཡོད་ལ། གྲོགས་མོ་དེ་གཉིས་དང་དེ་གཉིས་ཀྱིད་གའ་རོགས་ལ་སོགས་པས་

རོགས་རམ་བྱས་བྱུང་། ངས་རང་ཉིད་ཀྱི་དགའ་རོགས་དེར་ཁ་པར་བརྒྱུད་བྱིས་པ་འཁོར་ཡོད་རབས་ཟེར་ནས་བཤད་པ་

དང་། དེ་ནས་བཟུང་ཁོང་གིས་འབྲེལ་བ་གནང་སའི་ཁ་པར་ཨང་གྲངས་དང་ཀློག་ཀླད་ཞལ་བྱང་སོགས་ཡོད་ཚད་མེད་

པར་བཏང་འདུག་པས་ད་ལྟ་བར་འབྲེལ་བ་གང་ཡང་བྱུང་མེད། རྗེས་སུ་ལྡི་ལིར་འཚོ་བའི་རྟེན་ས་སོགས་གང་ཡང་མེད་

པས་རྡ་སར་ཡོང་བ་ཡིན་ལ། རྡ་ས་ནས་ང་དང་མཉམ་དུ་ཡོད་པའི་རྒྱུས་མེད་ཨ་ཅག་དེ་ཡིས་བྱིས་པ་སྐྱེས་རག་བར་གནས་

ཚང་གཡར་བྱུང་། ད་ལྟ་འགྲོ་ས་འདུག་ས་གང་ཡང་མེད་པས་སྔར་བཞིན་ཨ་ཅག་དེའི་ཁྱིམ་དུ་ཡོད་ཀྱང་།  བྱིས་པ་གཉོར་

དགོས་པ་དང་འཚོ་རྟེན་གང་ཡང་མེད་པས་ཨ་ཅག་ལགས་ཀྱིས་ཁྱེད་ཚོས་རོགས་རམ་བྱ་སྲིད་ཟེར་ནས་འདིར་ཁྲིད་བྱུང་།

ཞེས་བརྗོད་བྱུང་། མདུན་དུ་ཡོད་པའི་བུ་མོ་འདི་ཡིས་རང་གི་འདས་ཟིན་པའི་འཚོ་བ་དྲང་པོར་བརྗོད་སྐབས། ང་ཁོ་མོར་

སྙིང་རྗེ་ཚད་མེད་སྐྱེས་བྱུང་ལ།  འཇིག་རྟེན་གྱི་མ་ཡུམ་ཚོས་བྱིས་པ་མངལ་དུ་སྦྲུམ་པ་ནས་ཇི་འདྲའི་བློས་གཏོང་ཆེན་པོ་

ཞིག་བྱེད་ཡོད་ཨང་། རང་ཉིད་ཀྱི་ལང་ཚོ་དང་མདུན་ལམ།མི་ཁ་དང་འཕྱ་སྨོད་སོགས་མདོར་ན་རང་ཉིད་ཡོངས་སུ་བློས་

གཏོང་བྱ་འདུག་པའི་ཚོར་བ་ཤུགས་ཆེན་སླེབས་སོང་། དེ་བཞིན་ང་རང་གིས་སེམས་གསོའི་སྐད་ཆ་དང་རོགས་པ་ག་རེ་

བྱ་དགོས་པ་ཡང་ཤེས་མ་སོང་། ཁྱེད་ཀྱིས་དཀའ་ལས་མང་པོ་མྱངས་འདུག་ལ། ཁྱེད་རང་གིས་ཕྲུག་གུ་མ་དོར་བ་ནི་ཁྱེད་

རང་ལས་རྒྱུ་འབྲས་བརྩི་བའི་བུ་མོ་ཞིག་ཡིན་པའི་མཚོན་རྟགས་རེད།  ཁྱེད་རང་ཨ་མ་བྱམས་བརྩེ་ཅན་ཞིག་དང་ཨ་མ་

བཟང་པོ་ཞིག་ཆགས་ཡིན་ངེས་རེད།  གལ་ཏེ་ཁྱེད་ལ་འཚོ་བའི་འགྲོ་གྲོན་སོགས་ཀྱི་རྒྱབ་སྐྱོར་དང་སློབ་སྦྱོང་གི་མཐུན་

རྐྱེན་སྒྲུབ་མཁན་ཡོད་ཚེ་སློབ་སྦྱོང་བྱ་རྒྱུའི་མདུན་པ་ཡོད་དམ།  ཚོང་རྒྱག་རྒྱུའི་མདུན་པ་ཡོད། ཡང་ན་ག་རེ་བྱ་འདོད་

དམ་ཞེས་དྲིས་པ་ན། ང་ནི་སློབ་སྦྱོང་གིས་ཁ་ལག་ཟ་ཐུབ་མཁན་དེའི་རིགས་མ་རེད་ལ། ཚོང་རྒྱག་ཤེས་པའི་སྤྱང་པོ་དེའི་

རིགས་ཀྱང་མ་རེད། ང་ལ་འཚོ་ཐབས་ལས་ཀ་ཞིག་ཡོད་ན་འགྲིག་གི་འདུག ཟེར་ཞོར་འཛུམ་ཙམ་བྱས་བྱུང་། བུ་མོ་ཆུང་

ཆུང་འདིའི་ཁ་ལྕེ་བདེ་བོ་འདུག་ལ་སྐད་ཆའི་ཚིག་འབྲུ་ཧ་ཅང་གསལ་བ་མ་ཟད། ཤ་རྩ་དཀར་ལ་གཟུགས་པོ་བདེ་ཐང་

གི་རྣམ་པ་འདི་ཡིས་ཟླ་གཅིག་གི་ཡར་སྔོན་ལ་ཕྲུག་གུ་སྐྱེས་མཁན་ཞིག་ཡིན་པའི་སྣང་བ་མི་འཆར་ལ། ད་དུང་འཚོ་རྟེན་

ལ་དཀའ་ངལ་འཕྲད་མྱོང་བ་སོགས་ཀྱི་རྟགས་གང་ཡང་མི་འདུག 

དེ་རྗེས་ངས་ཁོ་མོར་གལ་ཏེ་ཁྱེད་རང་སློབ་སྦྱོང་བྱ་འདོད་མེད་ཚེ་འཚོ་རྟེན་ལ་བྱིས་པར་རོགས་དངུལ་རག་གི་རེད་ལ།

ཐེངས་རྗེས་མའི་ཚེམས་བཟོ་སློབ་སྦྱོང་ལ་ཡང་ཞུགས་ཆོག ད་དུང་ཚེམས་བཟོ་སྦྱོང་སྐབས་གླ་ཆ་ཡོད་པ་དང་། སློབ་སྦྱོང་

གྲུབ་རྗེས་ཚེམས་བཟོ་ལས་རིགས་ལ་མཁོ་བའི་ཅ་ལག་སོགས་ཆ་ཚང་རག་གི་རེད། ཅེས་བརྗོད་པ་ན་ལགས་སོ་ལགས་སོ་

ཟེར་ནས་ལན་བཏབ་བྱུང་། འདི་ནི་མེ་ཏོག་དང་འདྲ་བའི་བོད་ཀྱི་ན་གཞོན་བུ་མོ་ཞིག་རེད། ཞིང་འབྲོག་ཁུལ་ལ་མཚོན་

ན་ལོ་ ༡༨ ལ་བྱིས་པ་བཙས་ཚེ་དེ་ནི་ཧ་སངས་དགོས་པ་དང་ཡང་ན་སྔ་ཡོད་པ་ལྟ་བུའི་མིག་ཟུང་གིས་ལྟ་མི་སྲིད་ཀྱང་། ཕྱི་གླིང་གི་རིག་གནས་དར་སྲོལ་ཆེ་བའི་སྤྱི་ཚོགས་འདིར་མཚོན་ན་ལོ་ ༡༨ ནི་ད་དུང་སློབ་སྦྱོང་གི་དུས་ཚོད་དང་ཡང་

ན་མི་ཚེ་ནང་གི་དུས་ཚོད་རྩ་ཆེན་པོ་དེར་ངོས་འཛིན་གྱིན་ཡོད་པས་འཚོ་རྟེན་གང་ཡང་མེད་པར་བྱིས་པ་སྐྱེས་པའི་ལུཌ་

སྲོལ་ཤིན་ཏུ་ནས་ཉུང་། གང་ལྟར་མེ་ཏོག་ལྟ་བུའི་ན་གཞོན་བུ་མོ་འདི་ལྟ་བུ་མང་པོ་ཞིག་གི་མདུན་ལམ་དང་བརྩེ་དུང་

སོགས་སྤྱི་ཚོགས་ཀྱི་ཟུར་དང་ངོས་མང་པོར་རུལ་བཞིན་པ་མཐོང་སྐབས་རང་གི་སྙིང་ཁར་གྲི་གཙུགས་པ་ལྟ་བུའི་ན་ཟུག་

དང་སྡུག་བསྔལ་གྱིས་ཁེངས་འགྲོ

                                                           སྐྱེས་པ་ཚོ། སྙིང་རྗེ་ཡོད་པར་བྱ་རོགས།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།