ལུང་ཤུར་གྱི་དར་ལྕོག

31/12/2010 20:30

ལུང་ཤུར་གྱི་དར་ལྕོག

ཁྱེད་ལ་རང་དབང་གི་ཁ་ཕྱོགས་ཤིག་མེད་ཅིང་།

གཞན་དབང་གི་ལུང་ཤུར་དུ་གཡོ་དགོས་པ་ཅི་རེད། ཚེ་སྲོག་དང་འདུ་ཤེས་རླུང་གིས་འཁྱེར་ནས་མཛེས་

སྡུག་གི་ལང་ཚོ་ཁ་ཆར་དང་བུ་ཡུག་ཁྲོད་ཧྲལ་ཧྲུལ་དུ་གྱུར།  །མ་གཞི་ཁྱེད་རང་གནས་པའི་ལབ་རྩེ་དེ་

ལུང་ཤུར་ཏག་ཏག་ཡིན་མོད་ཁྱེད་ཀྱི་རྩ་བ་འདི་ལྟར་ཚུགས་པ་སུ་ཡིས་རྟོགས།  མི་ཚོས་ཟེར་ན་འདི་ནི་

 

མི་རབས་དུ་མར་བརྒྱུད་པའི་ཕ་མེས་ཀྱིས་ལབ་རྩེ་ཡིན་པས་ཆེས་རྩ་ཆེན་ཞིག་ཏུ་སྣང་མོད།  ངས་བལྟས་

ན།  འདི་ནི་རྨོངས་དད་རྒྱུན་འབྱམས་དང་ཀླད་རྙིང་མཁྲེགས་བཟུང་ཁོ་ན་ལས་མ་འདས།  རྒྱུ་མཚན་ནི་

འདི་ལྟ་བུའི་ལབ་རྩེ་རྙིང་གོག་འདིར་ཁ་མདོག་རྣམ་པར་བཀྲ་བའི་དར་ལྕོག་འདི་ལྟར་འཛུག་དགོས་པའི་

རྒྱུ་མཚན་སུ་ལའང་བཤད་རྒྱུ་མེད་ལ་ཆུང་སོ་དཀར་ནས་རྒན་མགོ་དཀར་བར་ལབ་རྩེ་འདིའི་ལོ་རྒྱུས་ཤེས་

མཁན་གཏན་ནས་མེད།  ཡིན་ནའང་།  གཅིག་བྱས་ན་ང་རང་དར་ལྕོག་ལ་ཞེན་དྲག་པས་ཡིན་སྲིད་ཀྱང་

གང་ལྟར་ངས་འདི་ལ་རྒྱུ་མཚན་གཏན་ནས་མ་མཐོང་།  གལ་ཏེ་དར་ལྕོག་འདི་ཁྱིམ་གཞི་དྲོ་མོ་ཞིག་གི་

ཡང་ཐོག་ཏུ་བཙུག་ཡོད་ན།  མཛེས་སྡུག་དང་རང་དབང་གི་ཕྱོགས་སུ་གཡོས་ཏེ་རྟེན་འབྲེལ་གྱི་ལྷ་དར་

དང་བསང་མཆོད་ཀྱི་རྒྱན་ཡོད་ངེས་རེད་ལ་དབྱིབས་ལེགས་པའི་དར་སྒྲོམ་ཞིག་ཀྱང་བཟོས་ཡོད་ངེས་རེད། 

ཡིན་ནའང་།  ད་ཆ་ཁྱེད་རང་སྲ་ཞིང་མཁྲེས་པའི་རྡོ་ཧྲུག་གི་བཙིར་ནས་ལུས་ལ་གནར་གཅོད་ཀྱི་རྨ་ཁ་མོད་

ལ།  དཀའ་སྡུག་གིས་ལང་ཚོ་ཚལ་བར་གས་མོད།  སུས་ཀྱང་ཁྱེད་ལ་དུས་རབས་ཀྱི་ཁ་ཕྱོགས་སྟོན་མཁན་མ་

བྱུང་།  ཁྱེད་ཀྱི་ཚེ་སྲོག་གི་རྒྱུན་ཐག་ཕྲ་མོ་འདི་ལྟའི་འཆིང་རྒྱའི་ཁྲོད་ཆད་ལ་ཉེ།  ངོ་མ།  ངུ་བྲོ་ཡང་ངུ་མི་

ནུས་པ་འདྲ།  འདི་སུས་ཕབ་པས་བཀའ་རེད།  སུས་སྐུལ་བའི་ཁྲལ་རེད།  འདི་ནི་ཇི་སྲིད་བར་གནས་དགོས།

          ངོ་མ་རྙིང་རྗེ།  ལུང་ཤུར་གྱི་དར་ལྕོག     །།

                                 དཀོན་མཆོག་ནས།  སྤྱི་ལོ། ༢༠༡༠ ཟླ་༡༢  ཚེས་༢༩ ཉིན་བྲིས་པ་དགེ།།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།