ལན་དཀྱོག་དཀྱོག་

11/08/2009 18:35

ལན་དཀྱོག་དཀྱོག་ཅིག་བསླེབས་འདུག་གམ། རྩོམ་སྒྲིག་པས།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༡༥༧ པའི་སྟེང་གི་རྩོམ་སྒྲིག་པའི་གཏམ།

རྒྱ་ནག་གིས་གྲངས་ཉུང་མི་རིགས་ཀྱི་སྲིད་བྱུས་ལ་གཞི་རིམ་གྱི་ངོས་འཛིན་ཞིག་བྱེད་བཞིན་པའམ། ཡང་ན། སྔར་ལོའི་

བཙན་བྱོལ་བོད་གཞུང་གི་དགོས་འདུན་ཁག་ལ་ལན་འདེབས་དཀྱོག་དཀྱོག་ཅིག་བྱས་ཡོད།

ལོ་འདིའི་ཕྱི་ཟླ་ ༤ པའི་ནང་གཏན་འབེབས་བྱས་པའི་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་འཆར་གཞི་ཞེས་པ་དེ། ཟླ་

འདིའི་ཚེས་ ༡ ཉིན་ནས་སྐད་ཡིག་ཕལ་ཆེ་བའི་ནང་ཕབ་བསྒྱུར་གྱིས་འགྲེམས་སྤེལ་བྱས་ཡོད། རྒྱ་ནག་གཞུང་གི་ངོས་

ནས་བཤད་ན།  འགྲོ་བ་མིའི་ཐོབ་ཐང་དང་གྲངས་ཉུང་མི་རིགས་ཀྱི་ལས་དོན་སྐོར་ལ་འདི་ལྟའི་སྐད་ཤུགས་ཆེན་པོ་

ཞིག་བསྒྲགས་པ་ཙམ་གྱིས་ཀྱང་འགྱུར་བ་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་དགོས་པའི་དུས་ཡིན།

བཙན་བྱོལ་བོད་གཞུང་གིས་ཉན་སྤྲོ་བའི་ཚིག་དུམ་གཅིག་ནི། དོན་ཚན་བདུན་ཡོད་པའི་གྲས་ཀྱི་དོན་ཚན་དང་པོའི་

ནང་དུ། མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་སྐོར་གྱི་གཏན་འབེབས་ཆ་ཚང་ལག་ལེན་མཐར་ཕྱིན་ཡོང་བ་བྱ་རྒྱུ་

ཞེས་པ་འདི་ཡིན་སྲིད། བཙན་བྱོལ་བོད་གཞུང་གིས་ཀྱང་། རྒྱ་ནག་གི་ད་ཡོད་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་མི་རིཌ་

ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་ཀྱི་འབྲུ་དོན་རྣམས་ལག་བསྟར་མཐར་ཕྱིན་ཞིག་བྱ་རྒྱུའི་ཕན་ནས་དགོས་འདུན་འདྲ་

བཏོན་མེད་ཚོད་ཡིན། དེ་བས། ཐེངས་འདིར་རྒྱ་ནག་གིས་ཐད་ཀར་དུ་བཙན་བྱོལ་བོད་གཞུང་གི་ལོ་སྔོན་མའི་ཡིག་ཆེ་

དེར་ལན་འདེབས་སུ་ཕུལ་མེད་ནའང་། ས་གནས་གྲངས་ཉུང་མི་རིགས་ཀྱི་ལས་དོན་སྒྲུབ་ཕྱོགས་ཀྱི་ཐད་ནས་ཚིག་བརྗོད་

ཇི་བཞིན་དུ་ཟིན་པའི་ལན་འདེབས་ཤིག་བྱས་ཡོད།

སྤྱིར་རྒྱ་ནག་ལའང་འགྱུར་བ་ཞིག་འགྲོ་བཞིན་པ་ནི་ཡོངས་ཁྱབ་ཀྱི་ལྟ་ཚུལ་ཡིན་ཡང་། ༧གོང་ས་མཆོག་གིས་དབུ་ཁྲིད་

པའི་བཙན་བྱོལ་བོད་མི་རྣམས་ཀྱི་བོད་དོན་འཐབ་རྩོད་ཀྱི་ངོས་ནས་བཤད་ན་སུས་ཀྱང་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་

མཐོང་མྱོང་མེད་ལ། བོད་ནང་དུའང་སྡུག་ཕྱོགས་ཀྱི་གོད་ཆག་ནི་ལོ་རེ་བཞིན་ཆད་མྱོང་མེད། དེ་བས། རྒྱ་ནག་གི་ཕྱོགས་

ནས་བསྒྲགས་གཏམ་ཅི་ཞིག་སྤེལ་ནའང་ང་ཚོའི་ཕྱོགས་ནས་དེར་སུན་སྣང་དང་སྐྱོ་སྣང་གི་རྣམ་འགྱུར་ཙམ་ལས། སྤྲོ་སྣང་

གི་རྣམ་འགྱུར་ནི་མངོན་ཁག་པོ་ཆགས་ཡོད།

དེ་ལྟར་ཡང་། ད་ནི་ང་ཚོས་འགྱུར་བ་འདི་དག་རྒྱ་ནག་གི་སྲིད་བྱུས་ཀྱི་ལག་ལེན་ངོས་ནས་མཐོང་ཐུབ་མིན་ལ་ལྟ་དགོས་

པའི་ཚད་ཡིན་ལ། ཐེངས་འདིར་དོན་ཚན་བདུན་བཀོད་ཡོད་པའི་འབྲུ་དོན་རེ་རེ་བཞིན་ཉམས་ཞིབ་དང་། ལྷག་པར་དུ་

རྒྱ་ནག་གཞུང་གིས་སྲིད་བྱུས་འདི་དག་དུས་བཀག་ངེས་ཅན་གྱི་ནང་དུ་ལག་བསྟར་ཐུབ་པ་བྱ་རྒྱུའི་གསལ་བསྒྲགས་སྤེལ་

ཡོད་སྟབས། ང་ཚོར་ཡང་དོན་ཚན་རེ་རེའི་ཐོག་ལ་ཞིབ་བཤེར་བྱ་རྒྱུའི་གོ་སྐབས་ཤིག་ལྡན་ཡོད།  རྒྱ་ནག་གིས་ཏཱ་ལའི་བླ་

མ་མི་སྒེར་གྱི་གནད་དོན་ཙམ་ལས། བོད་ཕྱོགས་ནས་བཤད་ཀྱིན་པའི་བོད་ཀྱི་གནད་དོན་ཅེས་པར་ངོས་ལེན་མེད་པ་ལྟར།

ད་རེབ་ཀྱི་ཁྱབ་བསྒྲགས་ལ་བལྟས་ནའང། ཁོང་ཚོའི་ལངས་ཕྱོགས་དེ་བརྟན་པོར་བཟུང་ཡོད་ལ། ད་ནས་བཟུང་གྲངས་ཉུང་

མི་རིགས་ཀྱི་སྲིད་བྱུས་ལ་འགྱུར་བཅོས་དང་། ཐ་ན་ཚད་མཐོའི་རིམ་པ་ཞིག་ནས་ལག་བསྟར་བྱེད་ནའང་༧གོང་ས་མཆོག་

དང་བཙན་བྱོལ་བོད་གཞུང་གི་ཐེ་བྱུས་མ་བསླེབས་པ་ཞིག་བྱ་རྒྱུ་ཡིན་ལ། འདི་ནི་དོན་དམ་གྱིས་ཁོང་ཚོས་མི་རིགས་ཀྱི་ལས་

དོན་ལེགས་བཅོས་སྐབས་སུ་ཁ་བྲལ་གྱི་ཟིང་ཆ་མི་ཡོང་བའི་ཆེད་དུ་དམིགས་པ་ལྟར་སྣང་ངོ་།།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།