རྒྱ་ནག་དང་ཐའེ་ལྦན

12/11/2009 10:02

རྒྱ་ནག་དང་ཐའེ་ལྦན་བར་ཆབ་སྲིད་འབྲེལ་བ་ཉེ་རུ་ཕྱིན་མིན་སྐོར།       རྒྱ་ནག་དང་ཐའེ་ལྦན་གཉིས་དབར་དཔལ་འབྱོར་གྱི་འབྲེལ་བ་བཟང་དུ་འགྲོ་གི་ཡོད་ནའང་ཆབ་སྲིད་ཀྱི་གནད་དོན་

ཐོག་ནས་ཕྱོགས་གཉིས་དབར་འབྲེལ་ཐག་ཉེ་རུ་འགྲོ་གི་ཡོད་པའི་ཁྱབ་པ་མེད།     ཐའེ་ལྦན་མང་ཚོགས་ཀྱིས་ལོ་མང་

དཀའ་ལས་རྒྱབ་པའི་འབྲས་བུ་ཐའེ་ལྦན་ནང་གི་དམངས་གཙོའི་ལམ་ལུགས་དེ་རྒྱ་ནག་དམར་པོའི་གཞུང་ལ་རྩིས་སྤྲོད་

བྱ་རྒྱུའི་ཡིད་ཆེས་རྩ་བ་ནས་མེད་སྟབས་ཐའེ་ལྦན་གྱི་སྲིད་འཛིན་མ་ཡིང་ཇུ་ནས་ཀྱང་འབྱུང་འགྱུར་ཉིས་སྟོང་བཅུ་གཉིས་

ལོར་བསྐྱར་དུ་སྲིད་འཛིན་འོས་བསྡུའི་འགྲན་བསྡུར་ནང་བཞུགས་རྒྱུའི་འདོད་པ་ཆེན་པོ་ཡོད་པའི་སྐབས་དེར་རྒྱ་ནག་

སྐམ་ས་ཆེན་པོ་དང་འབྲེལ་བ་ཧ་ཅང་ཉེ་པོ་བྱ་རྒྱུའི་ཁ་ཕྱོགས་སུ་ཐའེ་ལྦན་མང་ཚོགས་ལ་སྐུལ་དེད་གཏོང་མི་སྲིད་པ་

ཞིག་རེད།

    ད་ལོ་དབྱར་ཁ་སྲིད་འཛིན་མཱ་ཡིང་ཇུ་ཡིས་ཐའེ་ལྦན་ནང་མཚོ་རླུང་གི་གོད་ཆག་ཆེན་པོ་ཕོག་སྐབས་ཕྱོགས་འགལ་

ཚོགས་པས་ཁོང་ངོ་ཚ་ཁ་སྐྱེངས་བཟོ་ཐབས་བྱས་པའི་སྐབས་ཁོང་གིས་ཕྱོགས་འགལ་ཚོགས་པར་གོ་བསྟུན་བསམ་ཤེས་

གང་ཐུབ་གནང་རྒྱུའི་ཐག་གཅོད་གནང་ཡོད་པ་རེད།

ཕྱོགས་འགལ་དམངས་གཙོ་ཡར་ཐོན་ཚོགས་པས་རྒྱ་ནག་གི་འདོད་པ་མེད་བཞིན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་

ཆེན་པོ་མཆོག་ཁུལ་དེར་མཚོ་རླུང་གི་གོད་ཆག་ཕོག་མཁན་ཚོར་སེམས་གསོ་དང་འདས་པོ་ཚོར་བསྔོ་སྨོན་སྐྱབས་འཇུག་

གནང་ཕྱིར་གདན་ཞུ་ཕུལ་ཡོད་པ་ལྟར་སྲིད་འཛིན་མཱ་ཡིང་ཇུ་ནས་དངོས་གཞི་བྱས་ན་རྒྱ་ནག་དགའ་པོ་བཟོ་ཐབས་སུ་

༸གོང་ས་མཆོག་ལ་ཐོངས་མཆན་མ་ཕུལ་ན་འགྲིག་རྒྱུ་ཡིན་ནའང་རང་ཉིད་ལ་སྐྱོན་བརྗོད་མི་ཡོང་བའི་དོན་དུ་༸གོང་

ས་མཆོག་ཐའེ་ལྦན་ནང་ཆིབས་བསྒྱུར་གནང་ཆོག་པའི་ཐོངས་མཆན་ཕྱག་འཁྱེར་ཕུལ་ཡོད་པ་རེད།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།